རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་མཇུག་བསྡུས།
2022.03.10 ཁུངས། ཀློག་གྲངས། 55

 ཟླ3པའི་ཚེས10ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་བསྡུས། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲིན་ཀྲུང་ཧའོ་ཡིས་པར་བླངས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་ཚེས10ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་བསྡུས་པ་དང། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་དག་གྲོས་ཚོགས་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་མཇུག་བསྡུ་བའི་ཚོགས་འདུའི་སྟེང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་ཆོད་ཡིག་དང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་ཚོགས་པའི་ཚུན་གྱི་གྲོས་གཞིའི་བྱ་བའི་གནས་ཚུལ་སྙན་ཞུའི་སྐོར་གྱི་ཆོད་ཡིག སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་ཀྱི་ཆོད་ཡིག་བཅས་ལ་གྲོས་མཐུན་བྱུང་།

 ཟླ3པའི་ཚེས10ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་བསྡུས། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་རའོ་ཨཱེ་མིན་གྱིས་པར་བླངས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཁྱོན་གྲོས་གཞི5979འབྱོར་བ་རེད། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི4979ཐོ་འགོད་བྱས་པ་དང་གྲོས་གཞི35མཉམ་བསྲེས་བྱས། གྲོས་གཞི965བསམ་འཆར་དང་བསམ་ཚུལ་ཅན་ལ་བསྒྱུར། ཐོ་འགོད་བྱས་པའི་གྲོས་གཞིའི་ནང་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི1911ཡོད་པ་དེས38.4%ཟིན་པ་དང་། ཆབ་སྲིད་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི499ཡོད་པ་དེས10.0%ཟིན། རིག་གནས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི389ཡོད་པ་དེས7.8%ཟིན།  སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི1543ཡོད་པ་དེས31.0%ཟིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི613ཡོད་པ་དེས12.3%ཟིན། ཕྱོགས་གཞན་དག་གི་གྲོས་གཞི24ཡོད་པ་དེས་0.5%ཟིན་ཡོད།

ཟླ3པའི་ཚེས10ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་བསྡུས། དམག་ཁོངས་རོལ་དབྱངས་མཉམ་དཀྲོལ་ཚོགས་པས་རོལ་དབྱངས་དཀྲོལ་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལུའུ་ཡེ་ཡིས་པར་བླངས།