རིག་གནས་རང་རྟོན་ཇེ་བརྟན་དུ་བཏང་སྟེ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་དགོས།
2022.09.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 87

--ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་རང་རྒྱལ་གྱི་རིག་གནས་འཛུགས་སྐྲུན་ཐད་ཀྱི་དཔྱད་བརྗོད།

“རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན། རིག་གནས་དར་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་།རིག་གནས་སྟོབས་ལྡན་ཡིན་ན་མི་རིགས་སྟོབས་ལྡན་ཆགས་ཀྱི་རེད།།”

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་མཛད་ནས།  མི་དམངས་ལྟེ་བར་འཛིན་པའི་བྱ་བའི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་ངོམ་སྟོན་བཅས་ཀྱི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་བརྟན་པོར་ལག་ཏུ་ཟིན་དགོས་ཤིང་།གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ།  མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་གསར་གཏོད་ཀྱི་གསོན་ཤུགས་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་ཆགས་པར་བྱེད་དགོས།

“ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།”

ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་པའི་སྐབས་འདིར།《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་བཞི་པ་རྒྱ་ཡིག་དང་དབྱིན་ཡིག་གི་ལམ་ནས་པར་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་ཀུན་ལ་འགྲེམས་སྤེལ་བྱས།

“དམངས་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན།”“ང་ཚོའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན།”“མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་འབད་འཐབ་དམིགས་འབེན་དུ་འཛིན་དགོས།”ཧྲན་ཞིའི་ཐའེ་ཡོན་གྲོང་ཁྱེར་གྱི་ཡུན་ཙིག་ཆུའུ་ཨུའི་ཏང་གི་སློབ་གྲྭའི་ཡུན་ཙིག་སྲང་ལམ་ཡན་ལག་སློབ་གྲྭའི་སློབ་ཁང་དུ།སྲང་ལམ་དང་སྡེ་ཁུལ་གྱི་ལས་བྱེད་པ་བཅུ་ཕྲག་ཙམ་གྱིས་གསར་དུ་དཔེ་སྐྲུན་བྱས་པའི《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་བཞི་པར་སློབ་སྦྱོང་བྱས་ཏེ་ཕན་ཚུན་བརྗེ་རེས་དང་མཉམ་སྤྱོད་བྱེད་བཞིན་འདུག

པོད་དང་པོ་ནས་པོད་བཞི་པའི་བར་གྱི་གསུང་རྩོམ་དག་གི་ནང་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་གྱུར་བའི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཀྱིས་མངོན་པར་བྱས་ཡོད།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་སྐབས།  ཕྱི་ཕྱོགས་ལ་བལྟས་ཚེ། འཛམ་གླིང་ཁྱབ་ཁོངས་ཀྱི་བསམ་བློ་དང་རིག་གནས་ཕན་ཚུན་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། ནང་ཕྱོགས་སུ་བལྟས་ཚེ། རང་རྒྱལ་གྱི་སྤྱི་ཚོགས་བསམ་བློའི་གོ་རྟོག་ལ་འགྱུར་ལྡོག་ཟབ་མོ་བྱུང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་རླབས་ཆེན་བྱ་གཞག་ལ་སེམས་ཐག་བཅད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁ་ཕྱོགས་ཀྱི་དར་ཆ་བསྒྲེངས་བ་དང་གསར་གཏོད་བརྟན་སྲུང་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་ཆེད་དུ་སྟོབས་ཤུགས་འབུལ་བ་དང་མི་རིགས་ཀྱི་ཆེད་དུ་བླ་སྲོག་སྐྲུན་པ། བདེན་དོན་གྱི་འོད་སྣང་དེ་བསྐྱར་དར་གྱི་ལམ་བུའི་སྟེང་འཕྲོ་བར་བྱེད་དགོས།

ལོ་བཅུའི་རིང་ལ།འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་གནས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།

འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་འཛིན་པའི་སློབ་སྟོན་གོ་གནས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་དང་རྒྱུན་འཁྱོངས་བྱེད་པ་དང་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཏང་ཡོངས་ཀྱིས་འབད་བརྩོན་བྱས་ནས་དྲིལ་བསྒྲགས་དང་བསམ་བློའི་བྱ་བ་དམ་འཛིན་བྱེད་པར་སྐུལ་འདེད་བཏང་སྟེ། ས་སྲུང་གི་འགན་འཁྲི་ཡོད་དགོས་ལ་ས་སྲུང་གི་འགན་འཁྲི་འཁུར་དགོས་ཤིང་ས་སྲུང་གི་འགན་འཁྲི་མཐར་ཕྱིན་པར་སྒྲུབ་དགོས།

རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་བྱ་བའི་གྲོས་ཚོགས་འཚོགས་ཤིང་སོ་སོར་རིག་རྩལ་བྱ་བ་དང་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་བ་བཅས་ཀྱི་བཞུགས་མོལ་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་བཅས་བསྡུས་ནས། རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་དང་རིགས་པའི་གཞུང་ལུགས་ཡིན་མིན་གསལ་འབྱེད།བྱ་བའི་བྱེད་ཕྱོགས་ལ་དག་བཅོས་བྱས།

ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་སྟོན་བྱེད་པ་བཅས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་ཚན་མ་ལག   རིག་གཞུང་མ་ལག   སྨྲ་བརྗོད་མ་ལག་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དྲ་སྦྲེལ་གྱི་མགོ་ཁྲིད་དང་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་དྲ་རྒྱར་དོ་དམ་དང་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་དྭངས་གཙང་གི་དྲ་རྒྱའི་བར་སྟོང་སྐྲུན་དགོས།

གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་བཀོད་སྒྲིག་གལ་ཆེན་རེ་རེ། བྱེད་ཐབས་ནུས་ལྡན་རེ་རེ་བཅས་ཀྱིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཡག་ཐོག་ཡག་བརྩེགས་ཀྱི་འཕེལ་ཕྱོགས་རྒྱུན་འཆད་མེད་པར་སྲ་བརྟན་དུ་བཏང་ཡོད།

ལོ་བཅུའི་རིང་ལ།སྤྱི་ཚོགས་ཡོངས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་མཐོར་འདེགས་བྱུང་ཡོད།

འདི་ནི2021ལོའི་ཟླ6པའི་ཚེས22ཉིན་པེ་ཅིན་ནས་བླངས་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་བཤམས་སྟོན་ཁང་གི་ཕྱིའི་རྣམ་པ་རེད།

2021ལོའི་དབྱར་དུས་སུ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་སྒོ་ཕྱེས་པ་རེད།ལོ་གཅིག་ལྷག་ཙམ་གྱི་རིང་ལ་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་རྒྱུན་འཆད་མེད་པར་ལྟ་སྐོར་བྱེད་པར་ཡོང་ཞིང་། གནས་དེ་རུ་མི་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་རྟོགས་ཤིང་རླབས་ཆེན་སྲིད་ཏང་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལ་མྱོང་ཚོར་བྱེད་ཐུབ།

མི་ལ་བསམ་བློ་མེད་ན་འགྲེང་མི་ཐུབ་ལ།རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་འབྱོར་ཡོད་མི་སྲིད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དང་གསར་བརྗེའི་རིག་གནས།  ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་ལ་གཙིགས་འཛིན་གང་ལེགས་བྱས་པར་བརྟེན་རྒྱལ་ཁབ་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ཡོད།

“ཁྲིན་ཧྲུའུ་ཞང་ནི་རང་སྲོག་བློས་བཏང་པའི་དཔའ་བོའི་ཁྲོད་ཀྱི་དཔེ་མཚོན་མི་སྣ་ཞིག་ཡིན་པས། ཇི་འདྲའི་དཔའ་ཉམས་ལྡན་པ་ཞིག་རེད་འང་།”

2021ལོའི་ཟླ4ཚེས25ཉིན།   ཀོང་ཞིས་དམར་དམག་རྒྱང་སྐྱོད་ཤང་ཅང་གཡུལ་འགྱེད་དྲན་གསོ་ཁང་གི་སྣུམ་ཚོན་རི་མོ《ཁྲིན་ཧྲུའུ་ཞང》གི་མདུན་དུ་ཕེབས་སྐབས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེམས་གཏིང་ནས་ཤུགས་རིང་བཏོན་བྱུང་།

དམར་དམག་རྒྱང་སྐྱོད་ཀྱི་ཞང་ཅང་གཡུལ་འགྱེད་དྲན་གསོ་ཁང་གི་སྣུམ་ཚོན་རི་མོ《ཁྲིན་ཧྲུའུ་ཞང》གི་མདུན་དུ་ཏང་ཡོན་རྣམས་ཀྱིས་འགྲེལ་བཤད་པས་ཁྲིན་ཧྲུའུ་ཞང་གིས་སུའུ་ཝེ་ཨེད་ཀྱི་ཆེད་དུ་རང་སྲོག་བློས་བཏང་པའི་གཏམ་རྒྱུད་ལ་ཉན་བཞིན་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་རྗེས་དེད་ནས་དྲན་གསོའི་རྡོ་རིང་མདུན་དུ་སྒམ་བརླིང་ལྡན་པའི་གུས་ཕྱག་རེ་རེ་དང་དྲན་གསོ་ཁང་དུ་བརྩེ་བ་ཟབ་མོའི་ཞལ་མཇལ་རེ་རེ།   ཡིད་སེམས་འགུག་པའི་དཔའ་བོའི་གཏམ་རྒྱུད་རེ་རེ་བཞིན་གླེང་དུས། འདི་དག་ཚང་མས་ཀྲུང་གོའི་སྙིང་སྟོབས་ལ་བརྩི་མཐོང་དང་དར་སྤེལ་བྱེད་ལུགས་མཚོན་གྱི་ཡོད།

“ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དངོས་པོའི་ཐད་ནས་སྟོབས་ལྡན་དུ་གཏོང་དགོས་པར་མ་ཟད།དེ་བས་ཀྱང་བསམ་པའི་ཐད་ནས་སྟོབས་ལྡན་དུ་གཏོང་དགོས”

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས།བསམ་བློ་དང་ཆབ་སྲིད་བྱ་བའི་མ་ལག་འཐུས་ཚང་དུ་བཏང་སྟེ།ཏང་དང་རྒྱལ་ཁབ་ཀྱི་མཛད་རྗེས་གཟི་བརྗིད་མཚན་སྙན་གཟེངས་བསྟོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་འཛུགས་པའི་བར་དང་།དེ་ནས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་པ། རྒྱལ་ཁབ་ཆེན་མོའི་འཛུགས་སྐྲུན་ལ་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་བར་དུ་ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་ཏང་ནས།བསམ་པའི་དཔལ་ཡོན་གྱི་མེ་ཏོག་ལ་སྔར་ལས་བཀྲག་མདང་འཚེར་དགོས།

2022ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུའི་རིག་གནས་ཡུལ་སྐོར་ཞབས་ཞུའི་ཆེད་དོན་འགྲེམས་སྟོན་ལིང་ཡེ་ཡིག་འགྲེམས་སྟེགས་ཀྱི《ཆན་ཅིས་ཡོན་མེན》ཞེས་པའི་ཉམས་ཞིབ་བར་སྟོང་དུ་ལྟ་སྐོར་པས་གཞི་གྲངས་ལག་རྩལ་གྱིས་འདྲ་བཟོ་བྱས་པའི་ཡོན་མེན་ཡོན་གྱི་ཡུལ་ལྗོངས་ལ་རོལ་མྱོང་བྱེད་བཞིན་པ།

མིག་རྒྱང་རིང་པོས་དུས་རབས་གསར་བལྟས་ཚེ།དྲང་ནུས་སྔར་ལས་ཆེ་ཞིང་དབྱངས་རྟ་གཙོ་བོའི་འགྱུར་ཁུགས་སྔར་ལས་མཐོ་ལ་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འོད་སྣང་ཀུན་དུ་འཚེར།

“ཀྲུང་ཧྭའི་རིག་གནས་གསར་གཏོད་རང་བཞིན་གྱི་སྤོ་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས།”

ཟླ་མཆོད་དུས་ཆེན་གྱི་སྐབས་སུ་ཧང་ཀྲིག་ལེང་ཀྲུའུ་རུ་ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་ཧང་ཀྲིག་ཡན་ལག་ཁང་གིས“ཝུན་རོང་ཀི”བརྙན་མིག་གི་ལམ་ནས་ཟླ་འོད་འོག་ཏུ་སྙན་ངག་ལ་བརྒྱུས་པའི་སུང་ཡུན་རིག་གནས་ཟིན་བྲིས་སུ་བཀོད་ཡོད།

ཟླ་འོད་ལོ་ངོ་སྟོང་ཕྲག་མང་པོར་འགྱུར་བ་མེད་ལ།དུས་རབས་སྐད་ཅིག་ཉིད་ལ་རྣམ་པ་གསར་བ་འགྱུར་བཞིན་ཡོད།

2022ལོའི་ཟླ7པའི་ཟླ་མཇུག་ཏུ།  ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་དངོས་སུ་སྒོ་ཕྱེས་པ་རེད།དུས་རབས་གསར་པའི་རྒྱལ་ཁབ་ཀྱི་རིག་གནས་ཕོ་བྲང་འདིས་དཔལ་ཡོན་གྱི་ས་བོན་སྲུང་སྐྱོབ་དང་རིག་གནས་ཀྱི་ཁྲག་རྩ་རྒྱུད་འཛིན་བྱས་པ་དེས་ང་ཚོའི་ཏང་གིས་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་ཚད་མཐོའི་རང་རྟོགས་དང་ལོ་རྒྱུས་ཀྱི་བློ་གྲོས་བསྡུ་ལེན་བྱས་ཏེ། སྔར་ལས་ལེགས་པའི་སྒོ་ནས་མ་འོངས་པའི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་སྒོས་མཚོན་ཡོད།

ཚད་མཐོན་པོའི་རིག་གནས་ཀྱི་རང་རྟོན་ཆེན་པོ་མེད་པ་དང་རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ན་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འབྱུང་མི་སྲིད།

གྲོགས་པོ་ཆུང་ཆུང་ཚོས་ཧྲང་ཧེ་དངོས་མང་བཤམས་སྟོན་ཁང་གིས་བསྒྲུབས་པའི་འགྲེམས་སྟོན་ལ་ལྟ་བཞིན་པ།

“ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་འཕགས་དགེ་མཚན་ཞིག་དང་ང་ཚོ་འཛམ་གླིང་རིག་གནས་ཀྱི་གཡོ་སྐྱོམ་ཁྲོད་རྐང་པ་བརྟན་པོར་འཛུགས་པའི་རྨང་གཞི་ཞིག་ཡིན་པས་ངེས་པར་དུ་དུས་རབས་གསར་བའི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ནས་རྒྱུན་འཛིན་དང་དར་སྤེལ་ལེགས་པོ་བྱེད་དགོས།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཚད་མཐོན་པོས་མཐོང་ཆེན་གནང་ཞིང་། རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་འབྲེལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི“རང་རྟོན་བཞིའི”ནང་དུ་ཚུད་པར་བྱས་ཏེ།“མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་པ།   ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས”ཞེས་གསལ་སྟོན་གནང་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྤོ་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་ཐུགས་ཁུར་དང་སྐུལ་འདེད་འོག  ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་ཁྲོད་དར་སྤེལ་དང་དར་རྒྱས་སུ་བཏང་སྟེ་གསོན་ཤུགས་དང་གོང་བུ་འགྲིལ་ཤུགས།  ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེན་པོ་མངོན་ཡོད།

《རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་དུ་གཏོང་པར་བཅོས་སྒྱུར་བྱེད་པར་ཤུགས་སྣོན་བྱེད་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང་།《ལྕགས་རི་རིང་པོ།ཡུར་ཀླུང་ཆེན་པོ།རྒྱང་བསྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཇུས་གཞི》《གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ཁྲོད་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལ་ཤུགས་སྣོན་བྱེད་རྒྱུའི་སྐོར་གྱི་བསམ་འཆར》སོགས་བཏོན་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་།

ལྟད་མོ་བ་ཚོས་ཀྲུང་གོ་བཟོ་རྩལ་མཛེས་རྩལ་ཁང་དུ་པེ་ཅིན་དར་བཟོའི་ཐོན་རྫས་ལ་ལྟ་བཞིན་པ།

རིག་གནས་ཐོན་ཁུངས་སྒོ་ཀུན་ནས་ཞིབ་བཤེར་དང་གསེད་བཀྲོལ་བྱེད་པར་གཏིང་ཟབ་ཏུ་སྤེལ་ནས་རིག་གནས་ཐོན་ཁུངས་ཀྱི་གནས་ཚུལ་མཐིལ་རྟོགས་ཀྱིས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཤིང་། རང་རྒྱལ་གྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ལས་གཞི42མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིང་བྱང་དུ་ཚུད་ནས་འཛམ་གླིང་གི་ཨང་དང་པོར་གྱུར།

《ཕ་ཡུལ་ཡིད་ལ་བཅངས་པ》དང་《བསྟན་བཅོས་ཁྲོད་ཀྱི་ཀྲུང་གོ》《རྒྱལ་ཁབ་ཀྱི་གཏེར་མཛོད》《ཐང་རྒྱལ་རབས་ཕོ་བྲང་གི་མཚན་མོའི་གསོལ་སྟོན》སོགས་བརྙན་འཕྲིན་ལེ་ཚན་ལ་ལྟ་མཁན་མང་པོ་ཡོད་པ་དང་། སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་མི་སེམས་སུ་ཟུག་ཅིང་རིག་དངོས་དང་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཚ་རླབས་འཕྱུར་བས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་པར་གྱུར་ཏེ་དེང་རབས་ཀྱི་རིན་ཐང་ལྡན་ཞིང་ཡུན་རིང་གི་མཛེས་ཉམས་མངོན།

ཕྱི་འབྲེལ་བྱ་འགུལ་གལ་ཆེན་རབ་དང་རིམ་པས་ཁྱོན་ཡོངས་དང་ཟུར་མང་པོའི་སྒོ་ནས་འཛམ་གླིང་ལ་ཀྲུང་གོའི་ཉམས་མྱོང་ངོ་སྤྲོད་དང་ཀྲུང་གོའི་འབོད་སྒྲ་བརྒྱུད་སྤྲོད་བྱས།རིམ་པ་མང་བའི་སྒོ་ནས་རིག་གནས་བརྗེ་རེས་རྒྱ་ཁྱབ་ངང་སྤེལ་བ་དང“ཀྲུང་གོ་ཤེས་ཚོར”དང་“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”“གནམ་འོག་ཀུན་དུ་བདེ་སྐྱིད་དཔལ་ལ་རོལ།”སོགས་ཕྱི་ཕྱོགས་ཀྱི་རིག་གནས་བརྗེ་རེས་བྱ་འགུལ་གྱིས་གོ་ལ་ཧྲིལ་པོར་ཀྲུང་གོའི་ཚ་རླབས་འཕྱུར་ཞིང་། འཛམ་གླིང་ལ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་པ་དང་ཀྲུང་གོའི་སྐད་སྒྲ་བརྒྱུད་སྒྲོག་ཡག་པོ་བྱས་པས།  རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་ལས་མངོན་གསལ་གྱིས་མཐོར་འདེགས་བྱུང་།

“དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་ས་གཞི་ཆེན་པོའི་སྟེང་དུ་བཤམས་པའི་ཤུལ་ནོར། གཙུག་ལག་དཔེ་ཆའི་ནང་གི་ཡི་གེ་བཅས་པ་གསར་སྐྱེས་ཡོང་དུ་འཇུག་དགོས་ཤིང་། ཀྲུང་ཧྭའི་དཔལ་ཡོན་དེ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་གསར་གཏོད་བྱས་པའི་སྣ་མང་ཕུན་སུམ་ཚོགས་པའི་དཔལ་ཡོན་དང་མཉམ་དུ། མིའི་རིགས་ལ་ཡང་དག་པའི་བསམ་པའི་ཁྲིད་སྟོན་དང་བསམ་པའི་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད། ”

ལྟད་མོ་བ་ཚོས་པེ་ཅིན་ཀྲུང་གོའི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་2022ལོའི་དཔྱིད་གསར་དུས་ཆེན་གྱི་འགྲེམས་སྟོན་ལ་ལྟ་བཞིན་པ།

རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱས་ཏེ།དུས་བསྟུན་མདུན་སྐྱོད་དང་བདེན་འཛིན་གསར་གཏོད་ཀྱི་ཁྲོད་དུ་ཀྲུང་ཧྭའི་རིག་གནས་ལ་དུས་རབས་ཀྱི་འོད་སྟོང་གསར་པ་འཕྲོ་བར་བྱས་ཏེ། ཀྲུང་ཧྭའི་དཔལ་ཡོན་དང་རྒྱལ་ཁབ་ཁག་གི་དཔལ་ཡོན་གྱིས་བདེ་སྐྱིད་མཉམ་སྐྲུན་དང་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་དགོས།

“མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་དང་གསར་གཏོད་ཀྱི་སྐྱེ་སྟོབས་ལ་ངར་སྐུལ་བྱེད་དགོས།”

ARམིག་ཤེལ་གྱོན་ནས“སྲིད་ན་དཀོན་པའི་ནོར་བུ”སྟེ་པོ་ཅི་ལེའི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་འཚོལ་ཞིབ་བྱས་ཚེ། དངོས་མིན་མཉམ་འདྲེས་ཀྱི་གྲངས་ཀའི་བར་སྟོང་དུ་ཏུན་ཧོང་མའོ་ཀའོ་བྲག་ཕུག་ཏུ་སིམ་པའི་རྣམ་པས་ཡུལ་སྐོར་དུ་བསྐྱོད་པ་ལྟར།  2022ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུའི་ཐོག་ཚན་རྩལ་དང་རིག་གནས་མཉམ་འདྲེས་བྱས་པ་ལས་ལྟ་སྐོར་བར“ལེ་དབར་སྟོང་གི་མཆོང་བརྒལ་དང་ལོ་ངོ་སྟོང་གི་བར་བརྒལ”བྱེད་དུ་བཅུག

“སྤྱི་པའི་རིག་གནས་གཞི་གྲངས་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་གཞི་རིམ་གྱི་རིག་གནས་སྒྲིག་ཆས་བཀོད་པ་ལེགས་སྒྲིག་དང་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ།  སྤུས་ལེགས་ཀྱི་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་རྒྱ་སྐྱེད་པ་བཅས་བྱས་ཏེ།རིག་གནས་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་དགོས།”2022ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་རིག་གནས་དམངས་ཕན་གྱི“ལེགས་སྐྱེས་ཆེན་པོ”གསལ་སྟོན་བྱས་ནས་མི་དམངས་མང་ཚོགས་ལ་དོན་དངོས་ཀྱི་སྟེང་ནས“རིག་གནས་འབྱོར་འབྲིང”གིས་སྐྲུན་པའི་བདེ་སྐྱིད་ཚོར་སེམས་མྱོངས་སུ་འཇུག་དགོས།

ལོ་བཅུའི་རིང་ལ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་དང་། རང་རྒྱལ་གྱི་རིག་གནས་འཛུགས་སྐྲུན་ལ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་ནས་སྔར་ལས་དར་རྒྱས་བྱུང་བའི་གསོན་ཉམས་ལྡན་པའི་རྣམ་པ་མངོན་ཞིང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་རང་རྟོན་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་བ་དང་མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་དང་གསར་གཏོད་ཀྱི་གསོན་ཤུགས་ཀུན་ནས་རྒྱས་ཡོད།

2019ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་སྒྱུ་རྩལ་ལས་རིགས་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ལ་མཇལ་འཕྲད་གནང་སྐབས། “རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་དུས་རབས་ཀྱི་འཕར་རྩ་སྟངས་འཛིན། དུས་རབས་ཀྱི་འབོད་སྒྲ་ཉན་པ་བཅས་བྱས་ཏེ།དུས་རབས་དང་གོམ་སྟབས་གཅིག་གྱུར་བྱ་རྒྱུ་དང་མི་དམངས་ལྟེ་བར་འཛིན་རྒྱུ།བརྩམས་ཆོས་ཕུལ་བྱུང་མི་དམངས་ལ་འབུལ་རྒྱུ།མཛངས་སྤྱོད་ལ་བརྟེན་ནས་དར་སྲོལ་ལ་ཁྲིད་སྟོན་བྱུ་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས།”ཞེས་ནན་གྱིས་གསུངས།

སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོ་བྱེད་ཅིང་།སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཞི་གཅིག་ཏུ་གྱུར་པ་རྒྱུན་འཁྱོངས་བྱས་ནས།   རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ།   མི་དམངས་ལ་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་འདོན་སྤྲོད་བྱེད་དགོས།

དུས་རབས་གསར་པའི་རིག་རྩལ་ལྡུམ་རར་མེ་ཏོག་མཉམ་བཞད་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

ཐེན་ཅིན་གྲོང་ཁྱེར་ཞི་བདེ་ཆུའུ་སྐར་གསར་སློབ་ཆུང་གི་སློབ་མས་གློག་བརྙན《ང་དང་ངའི་མེས་རྒྱལ》ཞེས་པར་ལྟ་བཞིན་པ།

གློག་བརྙན《ང་དང་ངའི་མེས་རྒྱལ》དང《ཁྲང་ཅིན་མཚེའུ》བརྙན་འཕྲིན་འཁྲབ་གཞུང《སད་རྟོགས་ཀྱི་ལོ་རབས》《རི་རབ་དང་མཚོ་མོའི་བརྩེ་བ》སོགས་ལ་ལོ་རྒྱུས་ཀྱི་སྐྱོ་སྡུག་ཚོར་བ་དང་དངོས་ཡོད་ཀྱི་བརྩེ་སེམས་ཀུན་ནས་ལྡན། སྙན་ཞུའི་རྩོམ་རིག《ཞིང་སྡེའི་འཕོ་འགྱུར》དང《ཧྲི་པ་དོང་སྡེ་བའི་གཏམ་རྒྱུད་བཅོ་བརྒྱད》སོགས་ལས་དབུལ་ཐར་མཁྲེགས་གཏོར་གྱི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་ནས་བརྗོད་ཡོད་པ་དང་། བརྩམས་སྒྲུང་རིང་གྲས《མི་ཡུལ 》དང《མི་སྣ་གཙོ་བོ》སོགས་དངོས་ཡོད་བརྗོད་དོན་བྱ་ཡིན་པའི་ཕུལ་བྱུང་བརྩམས་ཆོས་ལ“མའོ་ཏུན་རྩོམ་རིག་བྱ་དགའ”ཡི་མཚན་སྙན་ཐོབ་པ་དང་། གླུ་གཞས《བརྩེ་བར་དད་སེམས་བརྟན་ན་ཀུན་ལ་རྒྱལ་ཁ་ཐོབ་ངེས།》ཞེས་པ་དང་།  གཏམ་བརྗོད་ཟློས་གར《སྨན་ཞབས་པའི་ཉིན་ཐོ》སོགས་ཀྱིས་རིམས་ནད་ཁྲོད་ཀྱི་མི་ཕལ་བའི་དཔའ་སྤོབས་ལ་བསྔགས་བརྗོད་བྱས་ཡོད།  བསྐྱར་འཁྲབ་མི་རིགས་གླུ་གར《ཏང་གི་བུ་མོ》དང་ཞབས་བྲོའི་ཟློས་གར《ནམ་ཡང་མི་ནུབ་པའི་གློག་རླབས》སོགས་ཀྱི་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་དཔའ་བོའི་གཟུགས་བརྙན་སླར་ཡང་མཚོན་པར་བྱས་ཡོད་པ་དང་།  བརྗོད་དོན་གཙོ་བོའི་རིག་རྩལ་བྱེད་སྒོ་གལ་ཆེན《འབད་འཐབ་གྱིས་ཤིག ཀྲུང་ཧྭའི་བུ་དང་བུ་མོ 》དང《རླབས་ཆེན་གྱི་སྐྱོད་ལམ》སོགས་ལ་སྤྱི་ཚོགས་སྟེང་ཚུར་སྣང་དྲག་པོ་བྱུང་།

མང་ཚོགས་ཀྱི་རིག་གནས་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་དང་སྣ་མང་ཅན་དུ་འགྲོ་བཞིན་ཡོད།

ལྟད་མོ་བ་ཚོས་པེ་ཅིན་ཀྲུང་གོའི་མཛེས་རྩལ་ཁང་དུ་སྐབས་བཅུ་གསུམ་པའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་རྒྱལ་ཡོངས་ཀྱི་ཕུལ་བྱུང་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་ནང་གི་བརྩམས་ཆོས་ལ་ལྟ་བཞིན་པ།

པེ་ཅིན་རྒྱལ་ཁབ་དཔེ་མཛོད་ཁང་དུ་ལས་བྱེད་མི་སྣས“གསུང་རབ་དང་འཚོ་བ་ནི་སྙན་ངག་གི་ཉམས་དང་ལྡན་པའི‘རྩོམ་རིག་དང་གསུང་རབ་ཀློག་འདོན’སྤེལ་ནས་ལོ་བཅུ་འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”གྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

     མི་དམངས་མང་ཚོགས་ཀྱི་དགོས་མཁོ་གསར་པ་དང་རེ་སྒུག་གསར་པར་ལན་སློག་པ།  ལོ་བཅུའི་རིང་ལ།རང་རྒྱལ་གྱིས་རིག་གནས་བཅོས་སྒྱུར་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ་དང་། རིག་གནས་ཁྱབ་ཁོངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཡོད།2021ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་རླུང་བརྙན་འཕྲིན་གྱི་ལས་ཁུངས་ཁྱོན་བསྡོམས2542ཡོད་པ་དང་སྤྱི་པའི་དཔེ་མཛོད་ཁང3215ཡོད་ལ། རིག་གནས་ཁང3316དང་། དངོས་མང་བཤམས་སྟོན་ཁང6183བཅས་ཡོད།མིག་སྔའི་བར་སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་།མཛེས་རྩལ་ཁང་། ཕྱོགས་བསྡུས་རིག་གནས་ས་ཚིགས། དངོས་མང་བཤམས་སྟོན་ཁང་མང་ཆེ་བ་བཅས་ཀྱིས་རིན་མེད་ངང་སྒོ་ཕྱེས་ཡོད།

    མིའི་རིགས་ཀྱི་ཆེས་སྔོན་ཐོན་གྱི་ཕྱོགས་ལ་དོ་སྣང་བྱེད་པ་དང་མིའི་རིགས་ཀྱི་བསམ་པའི་ཞིང་ཁམས་ཀྱི་ཆེས་ཟབ་སར་འཚོལ་ཞིབ་བྱས་ནས་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོའི་ངང་སྤོ་དགོས།

མི་དམངས་ལ་དད་མོས་ཡོད་ན།རྒྱལ་ཁབ་ལ་སྟོབས་ཤུགས་ལྡན་པ་དང་མི་རིགས་ལ་རེ་བ་ཡོད་ངེས།

     བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  དུས་རབས་གསར་པའི་ཀྲུང་གོ་ཡིས་སྔར་ལས་བརྟན་པའི་རིག་གནས་ཀྱི་རང་རྟོན་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཞིག་འབྲི་བཞིན་ཡོད།

                                                                          ཡིག་སྒྱུར་བ། གཡང་འབུམ་རྒྱལ།