མི་རིགས་བསྐྱར་དར་ལ་ཞབས་འདེགས་ཞུས་ཏེ་མིའི་རིགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས།
2022.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

—ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཁྱོན་ཡོངས་ནས་སྤེལ་བ།

ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་རྒྱུ། མིའི་རིགས་ཀྱི་ཡར་ཐོན་ཡོང་རྒྱུ། འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་ཡོང་རྒྱུ་བཅས་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་ཟབ་མོ་གནང་ནས། ཕྱི་འབྲེལ་བྱ་བའི་ཐད་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་སྐྲུན་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཁྲིད་སྟོན་དུ་འཛིན་པ། ཀྲུང་གོའི་ཕྱི་འབྲེལ་གྱིས་མི་རིགས་བསྐྱར་དར་ལ་ཞབས་འདེགས་ཞུ་བ་དང་མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་གཙོ་ཐིག་འདི་དམ་འཛིན་བྱས་ཏེ། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་། འཛམ་གླིང་གི་འཕོ་འགྱུར་ཆེན་པོའི་ཁྲོད་དུ་རྣམ་པ་གསར་སྐྲུན་དང་། འཛམ་གླིང་ཟང་ཟིང་གི་ཁྲོད་ཉེན་ཁ་གོ་སྐབས་སུ་བཟུང་ནས། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་དང་འབོད་སྐུལ་བྱེད་ནུས། གསར་སྐྲུན་བྱེད་ནུས་བཅས་མངོན་གསལ་སྒོས་གོང་མཐོར་བཏང་ཡོད།

2021ལོའི་ཟླ12པའི་ཚེས3ཉིན། ཀྲུང་གོ་དང་ལའོ་ཝའོ་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་བྱས། པར་ནི“ལན་ཚང་རྟགས་ཅན”གྱི་མེ་འཁོར་ཀྲུང་གོ་དང་ལའོ་ཝའོ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་ཕུག་ལམ་ནང་བསྐྱོད་པའི་རྣམ་པ་རེད།(2021ལོའི་ཟླ10པའི་ཚེས་15ཉིན།)

མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ཁ་ཕྱོགས་སྟོན་པ།

2015ལོའི་ཟླ9པར། ཉིག་ཡོ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་སྐབས70པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྤེལ་བ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མཉམ་ལས་གཉིས་རྒྱལ་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་དཔེ་གསར་འབྲེལ་བ་བཙུགས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་དགོས་ཞེས་གསལ་སྟོན་གནང་བ་རེད།

2013ལོར་མོ་སི་ཁོའི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་ནས2017ལོར་རི་ནེ་ཝར་ཡོད་པའི་བན་གོ་ཕོ་བྲང་དང་། དེ་ནས2019ལོར་པེ་ཅིང་དུ་འཚོགས་པའི་ཨེ་ཤེ་ཡའི་དཔལ་ཡོན་བཀའ་བགྲོས་ཚོགས་ཆེན་སོགས་རྒྱལ་སྤྱིའི་ཚོགས་ར་གལ་ཆེན་རབ་དང་རིམ་པའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་འགྲེལ་བཤད་ཟབ་མོ་གནང་།

2021ལོའི་ཟླ11པར། “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ”དེ་སྐབས76པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་འཕྲི་དང་རྒྱལ་སྤྱིའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས“ཐོག་མར་ཕྱིའི་བར་སྟོང་དུ་མཚོན་ཆ་བཀོད་སྒྲིག་མི་བྱེད་པའི”གྲོས་ཆོད་སྟེང་འདེམས་ཤོག་འཕང་ནས་གྲོས་འཆམ་བྱུང་བ་དང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་སྟེང་བསྟུད་མར་ལོ་ལྔའི་རིང“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི”འདུ་ཤེས་བཀོད་པ་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བཀོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བཀོད་པ། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་གྱི་ཡིག་ཆ་གལ་ཆེན་ནང་ཐེངས་མང་པོར་བཀོད་དེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་བས། དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་བྱ་བའི་སྤྱིའི་དམིགས་འབེན་དུ་གྱུར་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམ་བཞིན་ངོས་འཛིན་གཅིག་མཐུན་དང་རྒྱབ་སྐྱོར་ཐོབ་པ་རེད།

ལས་བཟོ་པས་ཧིན་རྡུ་ཉི་ཞི་ཡའི་བན་ལུང་ཡ་བན་མྱུར་བགྲོད་ལྕགས་ལམ་འདིང་ཡུལ་དུ་ལས་སྒྲུབ་བྱེད་བཞིན་པ།(2022ལོའི་ཟླ4པའི་ཚེས་20ཉིན།)

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་ནི་ལམ་ལུགས་གཅིག་གིས་ལམ་ལུགས་གཞན་ཞིག་གི་ཚབ་བྱེད་པ་དང་། དཔལ་ཡོན་གཅིག་གིས་དཔལ་ཡོན་གཞན་ཞིག་གི་ཚབ་བྱེད་པ་མིན་པར། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་། འདུ་ཤེས་འཛིན་སྟངས་མི་འདྲ་བ། ལོ་རྒྱུས་དང་རིག་གནས་མི་འདྲ་བ། འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཁེ་ཕན་མཉམ་རོལ་དང་། ཁེ་དབང་མཉམ་སྤྱོད། འགན་འཁྲི་མཉམ་འཁུར་བཅས་བྱས་ནས། མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་པའི་སྤྱིའི་བགོ་གྲངས་ཆེ་ཤོས་ཤིག་རེད།

2022ལོའི་ཟླ9པར། ཨེ་ཤེ་ཡ་དབུས་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་པ་དང་། དེའི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་དང་མཉམ་དུ་ཕྱོགས་གཉིས་པོའི་ངོས་ནས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལག་ལེན་བསྟར་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད།

ཧ་སག་སི་ཐན་དང་། ཝུའུ་ཙི་པེ་ཁི་སི་ཐན་ནས་ཧིན་རྡུ་ཉི་ཞི་ཡ་དང་ཕ་ཁི་སི་ཐན་བར་དང་། དེ་ནས་ཁམ་ཕུ་ཀྲེ་དང་ལའོ་ཝའོ་སོགས་ད་ལྟའི་རྒྱལ་ཁབ་སྔར་ལས་མང་པོ་ཞིག་གིས་ཀྲུང་གོ་དང་མཉམ་དུ་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པ་དང་། ཀྲུང་གོས་འབོད་སྐུལ་ལྟར་འཛམ་གླིང་གི་དོན་སྙིང་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་ཉིན་རེ་བཞིན་མངོན་གྱིན་ཡོད།

“རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གིས་འཛམ་གླིང་དང་མིའི་རིགས་ལ་བྱས་རྗེས་སྐྲུན་པ་དེ་ནི་དངོས་པོ་ཇི་ཙམ་གསར་སྐྲུན་བྱས་པ་ཙམ་མ་ཡིན་པར། ད་དུང་འདུ་ཤེས་ཀྱང་གང་མང་ཞིག་བཏོན་ཡོད”ཅེས་ཞི་ལའི་ཙུང་ཐུང་ཟུར་པ་ཕ་ཧྥུའུ་ལའོ་ཕུའུ་ལའོ་སི་ཡིས་དེ་ལྟར་གདེང་འཇོག་གནང་བ་རེད། སྐབས71པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ཀྲུའུ་ཞི་ཕིས་ཏི•ཐང་མུའུ་སིན་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ནི“སྐར་མ་འདིའི་སྟེང་གི་མིའི་རིགས་ཀྱི་འབྱུང་འགྱུར་ཁོ་ན་ཡིན”ཞེས་བཤད་པ་རེད།

འདི་ནི་ཕ་ཁི་སི་ཐན་གྱི་ལྷོ་ནུབ་རྒྱུད་དུ་གནས་པའི་ཀྭ་ཏར་གྲུ་ཁ་རེད།(2018ལོའི་ཟླ1པོའི་ཚེས29ཉིན།)

རྒྱལ་ཁབ་དང་རྒྱལ་ཁབ་དབར་འགྲོ་འོང་བྱེད་པའི་ཐབས་ལམ་གསར་པ་ཞིག་ཏུ་བསྐྱོད་པ།

ཕན་ཚུན་ལ་བརྩི་འཇོག་དང་དྲང་གཞག་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་དཔེ་གསར་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དང་། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱལ་སྤྱིའི་འབྲེལ་བ་གང་དུ་འགྲོ་བའི”ཆེད་དུ་བཏོན་པའི་ཀྲུང་གོའི་དྲིས་ལན་ཡིན།

དུས་རབས་གསར་པར་ཀྲུང་གོས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཕྱོགས་མང་བ་དང་། རིམ་པ་མང་བ། ལངས་གཟུགས་ཅན་བཅས་ཀྱི་ཕྱི་འབྲེལ་བཀོད་པར་སྐུལ་འདེད་དང་འཐུས་ཚང་དུ་བཏང་སྟེ། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་ཧུར་ཐག་སྒོས་འཕེལ་རྒྱས་བཏང་།

རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བར་ཇུས་འགོད་བྱེད་པའི་ཐད། ཀྲུང་གོས་རྒྱལ་ཁབ་ཆེན་པོའི་མཐུན་སྦྱོར་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་སྤྱིའི་ཆ་ནས་བརྟན་པོར་ཡོང་བ་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་སྒྲོམ་གཞི་ཞིག་བསྐྲུན་ཡོད་པ་སྟེ། དུས་རབས་གསར་པའི་ནང་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བར་སྐུལ་འདེད་བཏང་ནས། “ཕན་ཚུན་ལ་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ”བཅས་ཀྱི་ཀྲུང་གོ་དང་ཨ་རའི་འབྲེལ་བའི་རྩ་དོན་གསུམ་གསལ་པོ་བཏོན་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་ཞི་བདེ་དང་། འཕར་སྣོན། བཅོས་སྒྱུར། དཔལ་ཡོན་བཅས་རོགས་ཟླ་ཆེན་པོའི་འབྲེལ་བ་བཞི་བསྐྲུན་པ་རེད།

འདི་ནི་མར་ཏེ་ཝེའི་མཁའ་དབྱིངས་ནས་པར་བླངས་པའི་རྒྱལ་ས་མ་ལེ་དང་གནམ་ཐང་གླིང་ཕྲན་འབྲེལ་མཐུད་བྱེད་པའི་ཀྲུང་གོ་དང་མར་ཏེ་ཝེའི་མཛའ་བརྩེའི་ཟམ་ཆེན་རེད།(2019ལོའི་ཟླ8པའི་ཚེས30ཉིན།)

མཐའ་སྐོར་གྱི་ཕྱི་འབྲེལ་ཐད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ལ་མཐའ་སྐོར་གྱི་ཕྱི་འབྲེལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། མཛའ་སེམས་ལྷག་བསམ་ཕན་འདོགས་ཁོངས་ཡངས་བཅས་བཞི་ལྡན་གྱི་འདུ་ཤེས་དང་། ཁྱིམ་མཚེས་ལ་ལྷག་བསམ་དཀར་པ། ཁྱིམ་མཚེས་རོགས་ཟླར་འཛིན་པ་བཅས་ཀྱི་མཐའ་སྐོར་གྱི་ཕྱི་འབྲེལ་བྱེད་ཕྱོགས་ལ་གཞིགས་ནས། མཐའ་སྐོར་རྒྱལ་ཁབ་དང་འབྲེལ་བ་ཇེ་ཟབ་ཏུ་བཏང་བ་དང་། མཐའ་སྐོར་བརྟན་བརླིང་གི་འཐབ་ཇུས་ལ་རྒྱབ་རྟེན་བརྟན་བཅོལ་བ། མཐའ་སྐོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པ་བཅས་ཡིན།

འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཕན་ཚུན་བར་འགྲོ་འོང་བྱེད་པའི་ཐད། ཨ་ཧྥེ་རི་ཁ་ནས་དབུས་ཤར་དང་། ལ་ཏེན་མེ་གླིང་ནས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བཅས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚང་མ་འདྲ་མཉམ་འགྲོ་འོང་དང་ཐུན་མོང་གིས་འཕེལ་རྒྱས་དོན་གཉེར་བྱེད་པའི་གཏམ་བཟང་ཁྱབ་འདུག ཀྲུང་གོས་ཡང་དག་འོས་འགན་ཁེ་ཕན་བཅས་ཀྱི་ལྟ་བ་དང་རྣམ་དག་བདེན་པ། མཛའ་སེམས་ལྷག་བསམ་བཅས་ཀྱི་འདུ་ཤེས་བཅངས་ནས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཡོངས་ཀྱི་མཉམ་ལས་ལམ་སྲོལ་ཁྱོན་ཡོངས་ལ་ཁེབས་པར་བྱས་ཡོད།

ཨུ་རུ་སུ་དཀར་པོའི་རྒྱལ་ས་མེན་སི་ཁེའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ50ཡི་སར་ཡོད་པའི་ཨུ་རུ་སུ་དཀར་པོའི་ཅི་ལི་རླངས་འཁོར་གྱི་ལྷུ་ལག་བཟོ་གྲྭའི་སྒྲིག་སྦྱོར་འཁོར་ཁང་དུ་ལས་བཟོ་པས་རླངས་འཁོར་སྒྲིག་བཞིན་པ།(2018ལོའི་ཟླ12པའི་ཚེས1ཉིན།)

ལོ་ངོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་སྔ་གཞུག་ཏུ་ཕྱི་ཕྱོགས་སུ་འཚམས་འདྲིར་ཐེངས40ལྷག་ལ་ཕེབས་པ་དང་། འཛམ་གླིང་གི་གླིང་ཆེན་ལྔ་ལ་ཞབས་རྗེས་བཞག་ཡོད། རྒྱལ་ཁབ་ཕྱི་ནང་དུ་ཕྱོགས་མང་གི་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་རབ་དང་རིམ་པར་མགོ་འཛིན་མཛད་པ་དང་ཚོགས་ཞུགས་གནང་། ཀྲུང་གོར་འཚམས་འདྲིར་ཕེབས་པའི་རྒྱལ་སྤྱིའི་ཆབ་སྲིད་མི་སྣ་གལ་ཆེན་བརྒྱ་ཕྲག་འགའ་ཤས་ལ་སྣེ་ལེན་ཞུས་པ་དང་། རྒྱལ་ཁབ་སོ་སོའི་སྤྱི་ཚོགས་ལས་རིགས་ཁག་ལ་རྒྱ་ཁྱབ་ངང་འབྲེལ་གཏུག་རྒྱུན་འཁྱོངས་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཁྲིད་སྟོན་བྱས་ནས་རྣམ་པ་གསར་པ་རྒྱུན་མི་འཆད་པར་བཏོད་ཡོད།

ད་ལྟ། ཀྲུང་གོས་རྒྱལ་ཁབ181ལ་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཡོད་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས110ལྷག་ལ་རྣམ་པ་མི་འདྲ་བའི་རོགས་ཟླའི་འབྲེལ་བ་བཙུགས་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། “ང་ཚོའི་གྲོགས་པོ་གནམ་འོག་ཀུན་ཏུ་ཁྱབ”ཡོད།

སྒོ་འབྱེད་མཉམ་ལས་ཀྱི་དུས་རབས་ལེ་ཚན་རྩོམ་དགོས།

2022ལོའི་ཟླ་དང་པོར། གོ་ལ་ཧྲིལ་པོར་རིམས་ནད་ཡང་དང་བསྐྱར་དུ་མཆེད་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་འགྲོ་བའི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་སྐབས། “དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་དུས་རབས་ཀྱི་རླབས་རྒྱུན་ཞིག་རེད། གཙང་བོ་ཆེན་པོ་རྒྱ་མཚོའི་ཕྱོགས་སུ་རྒྱུག་སྐབས་རྟག་ཏུ་རླབས་ཕྲེང་གྱེན་ལྡོག་ལ་འཕྲད་སྲིད། འོན་ཀྱང་རླབས་ཕྲེང་གྱེན་ལྡོག་གང་འདྲ་ཞིག་གིས་ཀྱང་གཙང་པོ་ཆེན་པོ་ཤར་ཕྱོགས་སུ་བཞུར་བ་གཏན་ནས་འགོག་མི་ཐུབ”ཅེས་ནན་གྱིས་གསུང་བ་རེད།

འདི་ནི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པ་ཧང་ཀྲིག་དབུ་ཚོགས་ཀྱི་ཚོགས་ར་གཙོ་བོ་སྟེ་ཧང་ཀྲིག་རྒྱལ་སྤྱིའི་དངོས་མང་བཤམ་སྟོན་ལྟེ་གནས་རེད།(2016ལོའི་ཟླ8པའི་ཚེས་25ཉིན།)

སྒོ་འབྱེད་ལ་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་བྱེད་པ། ཀྲུང་གོས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་རབ་རིབ་དང་དཀའ་གནད་ཀྱི་འཛམ་གླིང་ལ་ཡིད་ཆེས་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

2013ལོའི་སྟོན་དུས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་ཕྱི་རྒྱལ་དུ་འཚམས་འདྲིར་ཕེབས་སྐབས། སྔ་གཞུག་ཏུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་དང་དུས་རབས21པའི་མཚོ་ཐོག་དར་གོས་ཚོང་ལམ་ཐུན་མོང་མཉམ་བསྐྲུན་བྱ་རྒྱུའི་གྲོས་འགོ་གལ་ཆེན་བཏོན་པ་རེད།

“‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་སྒྲོམ་གཞིའི་ནང་། ཕྱོགས་སོ་སོས་མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་དཔལ་འབྱོར་ལ་འཕྲད་པའི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དོན་གཉེར་བྱེད་པ། འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་པ། ལེགས་ཆ་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་ཡོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་རྒྱུན་འཆད་མེད་པར་མདུན་སྐྱོད་བྱེད་དགོས། འདི་ནི་ངས་བཏོན་པའི་གྲོས་འགོ་དེའི་ཐོག་མའི་བསམ་གཞིགས་ཡིན་ལ་གྲོས་འགོ་དེར་བརྟེན་ནས་ཆེས་མཐོའི་དམིགས་ཚད་མངོན་འགྱུར་ཡོང་བར་རེ་བ་བྱེད”ཅེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་ལྟར་གསུངས་པ་རེད།

འདི་ནི་ཆིན་ཏའོ་རུ་འཚོགས་པའི《གྲོགས་པོ་ཐག་རིང་ནས་ཕེབས་བྱུང》ཞེས་པའི་གློག་འོད་ཚོན་ཁྲའི་སྒྱུ་རྩལ་འཁྲབ་སྟོན་རེད།(2018ལོའི་ཟླ6པའི་ཚེས9ཉིན་གྱི་དགོང་མོ།)2018ལོའི་ཟླ6པའི་ཚེས9ནས་ཚེས10ཉིན་བར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཆིང་ཏའོ་རུ་འཚོགས་པ་རེད།

2021ལོའི་ཟླ12པའི་ཚེས3ཉིན། ལའོ་ཝའོ་རྒྱལ་ཡོངས་ཀྱི་གོང་འོག་ཚང་མར་དུས་ཆེན་ལྟ་བུའི་བཀྲ་ཤིས་པའི་རྣམ་པ་ཞིག་མངོན་ཡོད། ཉིན་དེར་ཀྲུང་གོ་དང་ལའོ་ཝའོ་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་བྱས་པ་རེད།

ཀྲུང་གོ་དང་ལའོ་ཝའོ་བར་གྱི་ལྕགས་ལམ་དེ་བྱང་ཕྱོགས་སུ་ཀྲུང་གོའི་ཁུང་མིན་ནས་ལྷོ་ཕྱོགས་སུ་ལའོ་ཝའོ་ཝན་ཞང་བར་ཡིན་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ1035ཡོད། རྒྱལ་ཁབ་གཉིས་ཀྱིས་མཉམ་བསྐྲུན་བྱས་པའི“རྒྱུད་གཅིག་ལམ་གཅིག”གི་རྣམ་གྲངས་གཙོ་བོ་ཞིག་ཡིན་པའི་ཆ་ནས་ལྕགས་ལམ་དེ་ཤར་གཏོང་བྱེད་ཐུབ་པར་བྱུང་བ་དེས་ལའོ་ཝའོ་ནི“སྐམ་སའི་བཀག་སྡོམ་རྒྱལ་ཁབ་ཅིག”ནས“སྐམ་སའི་སྦྲེལ་མཐུད་རྒྱལ་ཁབ་ཅིག”ཏུ་འགྱུར་བའི་ཕུགས་འདུན་གཞི་ནས་མངོན་འགྱུར་བྱུང་ཡོད།

“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུའི་གྲོས་འགོ་ཀྲུང་གོ་ནས་བཏོན་མོད། འོན་ཀྱང་གོ་སྐབས་དང་གྲུབ་འབྲས་འཛམ་གླིང་ལ་དབང་ཡོད།

ལོ་ངོ9ཡི་རིང་ལ། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པར་གྲུབ་འབྲས་ཆེན་པོ་ཐོབ་པ་སྟེ། ཡ་བན་མྱུར་བགྲོད་ལྕགས་ལམ་དང་ཀྭ་ཏ་ཨར་གྲུ་ཁ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འབོར་ཆེན་ཞིག་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། “བར་ཁྱམས་དྲུག་དང་ལམ་དྲུག རྒྱལ་ཁབ་མང་པོ་དང་གྲུ་ཁ་མང་པོའི”ཕན་ཚུན་སྦྲེལ་མཐུད་ཀྱི་སྒྲོམ་གཞི་ཞིག་ཕལ་ཆེར་ཆགས་ཡོད། “རྒྱུད་གཅིག་ལམ་གཅིག”ལས་མར་ཏེ་ཝེ་ལ་མཚོ་བརྒལ་ཟམ་ཆེན་དང་པོ་ལས་པ་དང་། ཨུ་རུ་སུ་དཀར་པོ་རང་ཉིད་ལ་རླངས་འཁོར་བཟོ་སྐྲུན་ལས་རིགས་ཡོད་པ། སེར་ཝེ་ཡའི་སི་མེ་ཏའེ་ལའེ་ཝོ་ལ་རྣོ་ལྕགས་བཟོ་གྲྭར་སླར་ཡང་འཕེལ་རྒྱས་ཀྱི་རྣམ་པ་བྱུང་ཡོད།

གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ཀྲུང་གོས་རྒྱལ་ཁབ140ལྷག་དང་རྒྱལ་སྤྱིའི་རྩ་འཛུགས30ལྷག་ལ་མཉམ་ལས་ཡིག་ཆ200ལྷག་ལ་མིང་རྟགས་བཀོད་པ་རེད། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་དེང་སྐབས་འཛམ་གླིང་ཐོག་དགའ་བསུ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ཤིག་ཡིན་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

པར་འདི་ནི་ཞ་མོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཐང་ཆེན་སྟེང་བཀོད་སྒྲིག་བྱས་པའི་གསེར་ལྡན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞ་མོན་ཐུག་འཕྲད་ཀྱི་བརྗོད་དོན་གཙོ་བོའི་མེ་ཏོག་སྟེགས་བུ་རེད།(2017ལོའི་ཟླ8པའི་ཚེས24ཉིན།)

གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་བྱས་རྗེས་ཡོད་པའི་ཀྲུང་གོའི་ཇུས་གཞི།

རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལེགས་སྒྲིག་ཟབ་མོ་བྱས་པ་དང་བསྟུན་ནས། གོ་ལ་ཧྲིལ་པོ་རང་བཞིན་གྱི་འགྲན་སློང་ཉིན་རེ་བཞིན་ཇེ་མང་དུ་ཕྱིན་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་བཅོས་སྐྱོང་མ་ལག་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་དུས་ཀྱི་འཕེལ་ཕྱོགས་སུ་གྱུར་ཡོད།

མཉམ་གྲོས་མཉམ་སྐྲུན་མཉམ་རོལ་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་དང་། གོ་ལ་ཧྲིལ་པོའི་ལས་དོན་དེ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་གྲོས་མོལ་བྱས་ནས་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོས་ཧུར་ཐག་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲིག་སྲོལ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

འདི་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་རྒྱུའི་རང་འགུལ་གྱི་བྱ་སྤྱོད་ཅིག་རེད།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཁྲོད་ཀྱི་ཐོབ་སྐལ་དང་འདེམས་ཤོག་འཕེན་པའི་དབང་ཆ་ཨང་གསུམ་པར་སླེབས་པ་ནས། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་གསར་སྤེལ་དངུལ་ཁང་གསར་པ་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་། དར་གོས་ལམ་བུའི་ཐེབས་རྩ་བཙུགས་པ། དེ་ནས་མི་དམངས་ཤོག་སྒོར་དམིགས་བསལ་དངུལ་ལེན་དབང་ཆའི་དངུལ་ལོར་འཆར་གཞིའི་ནང་དངོས་སུ་བཅུག་པ་སོགས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་དངུལ་རྩའི་མ་ལག་ནང་ཞུགས་མཁན་དཀྱུས་མ་ཞིག་ནས། སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་མཁན་དང་བཅོས་སྒྱུར་བྱེད་པའི་སྒུལ་བྱེད་འཕྲུལ་འཁོར་དུ་གྱུར་ཡོད།

2019ལོའི་ཟླ4པའི་ཚེས26ཉིན། སྐབས་གཉིས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོགས། པར་འདི་ནི་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ཀྱི་ཕྱིའི་བཀོད་པ་རེད།(2019ལོའི་ཟླ4བའི་ཚེས26ཉིན།)

འདི་ནི་གནམ་འོག་རང་འཁྲིའི་ལས་འགན་དུ་འཛིན་པའི་བརྩེ་སེམས་དང་བློ་རྒྱ་རེད།

ཀྲུང་གོས《ཕ་རེ་སིའི་གྲོས་ཆོད》བཞག་པ་དང་། ནུས་པ་ཐོན་པ། དོན་འཁྱོལ་བཅས་ཀྱི་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》དང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》སོགས་ཕྱོགས་མང་གྲོས་རིམ་ལ་རྒྱབ་སྐྱོར་བྱེད་པ། 《ཀྲུང་གོས2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པའི་རྒྱལ་ཁབ་ཀྱི་ཇུས་གཞི》སྔོན་ལ་ཁྱབ་བསྒྲགས་བྱས་པ། དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་གིས་བསྐྲུན་རྒྱུའི་རྒྱལ་སྤྱིའི་འདོད་ཚུལ་ཐེངས་མང་བཏོན་ཏེ། མི་དང་རང་བྱུང་ཚེ་སྲོག་གཅིག་མཐུན་ཚོགས་པ་བསྐྲུན་དགོས་ཞེས་བཏོན་ལ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར། རྒྱལ་ཁབ་ཁེ་ལས་བཅོས་སྒྱུར་གྱི་རྩེ་རིམ་ཇུས་འགོད་སྲིད་ཇུས་མ་ལག་བཅས་བཙུགས།

2016ལོའི་ཟླ9པར། ཆན་ཐང་གཙང་པོའི་ངོགས་སུ་རྦ་རླབས་དགུང་དུ་འཕྱུར།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་འགོ་ཁྲིད་པའི་ཧང་ཀྲིག་དབུ་ཚོགས་ཀྱི་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་ལྟ་བ་ཕྱོགས་ཡོངས་ནས་རྒྱས་བཤད་གནང་བ་རེད། འཕེལ་རྒྱས་དེ་ཐེངས་དེའི་དབུ་ཚོགས་ཐོག་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་ཀྱི་སྒྲོམ་གཞིའི་མངོན་གསལ་གྱི་གོ་གནས་སུ་ཐེངས་དང་པོ་བཞག་པ་རེད།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས2018ལོའི་ཟླ9པའི་ཚེས3ནས་ཚེས4ཉིན་བར་པེ་ཅིང་དུ་འཚོགས། པར་འདི་ནི་པེ་ཅིང་ཞིས་ཏན་དུ་པར་བླངས་པའི“མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག”གི་སྟེགས་བུ་རེད།(2018ལོའི་ཟླ8པའི་ཚེས་28ཉིན།)

ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་པེ་ཅིང་གྲོས་ཚོགས་ནས་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲིག་དབུ་ཚོགས་བར་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིན་ཏའོ་དབུ་ཚོགས་ནས་གསེར་ལྡན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་བར། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ནས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིན་དབུ་ཚོགས་བར། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ནས་ཨེ་ཤེ་ཡའི་དཔལ་ཡོན་གླེང་མོལ་ཚོགས་ཆེན་དང་པེ་ཅིང་འཛམ་གླིང་དངོས་མང་བཤམ་སྟོན་ཚོགས་འདུ་བར་དང་། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་མི་སྣའི་དབུ་ཚོགས་ནས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དུས་མཚམས་དང་པོའི་ཚོགས་འདུའི་བར་བཅས་སུ་ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ལོ་རྒྱུས་བཀོད་ཡོད།

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པ་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པ། མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཏོན་པ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནས་འཛམ་གླིང་གི་རིམས་ནད་སྔོན་འགོག་ལ་རྒྱབ་སྐྱོར་བྱེད་པའི་བར་དང་། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་བསྐྲུན་པའི་བར་སོགས་ཀྱི་གྲོས་འགོ་རེ་རེའི་འདོད་ཚུལ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་གི་ཞི་བདེ་འཛུགས་སྐྲུན་བྱེད་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་ཡིན་པའི་ཀྲུང་གོའི་འགན་འཁྲི་འཁུར་སེམས་མངོན་ཡོད།

འདི་ནི་པོ་ཨའོ་ཡ་གླིང་གླེང་སྟེགས་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་རེད།(2021ལོའི་ཟླ4པའི་ཚེས17ཉིན།)

མཐོན་པོ་རི་མགོར་བུད་ན་མཐོང་ལམ་ཡངས། བྲེལ་ཟིང་རྙོག་འཛིང་ཁྲོད་དུ་བཟོད་སྒོམ་བྱེད།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་དེ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་འགྲེང་ཐུབ་པ་དང་། མིའི་རིགས་ཡར་ཐོན་ཡོང་བའི་ཕྱོགས་སུ་འགྲེང་ཐུབ་ཚེ་རྒྱུན་འཆད་མེད་པར་རྣམ་པ་གསར་པ་བསྐྲུན་པ་དང་། གནས་ཚད་གསར་པ་བཏོད་ནས་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཡོང་བའི་ཆེད་དུ་སྔར་ལས་བྱས་རྗེས་གསར་བ་འཇོག་དགོས།

2019ལོའི་ཟླ5པའི་ཚེས15ཉིན། ཨེ་ཤེ་ཡའི་རིག་གནས་ཅཱ་ཉན་ཧྭ་བྱ་འགུལ་པེ་ཅིང་བྱ་ཚང་ནས་སྤེལ།

པར་འདི་ནི་པེ་ཅིང་འཛམ་གླིང་ལྡུམ་རའི་སྒྱུ་རྩལ་ར་བ་རེད།(2020ལོའི་ཟླ4པའི་ཚེས26ཉིན་མི་མེད་གནམ་གྲུའི་པར་བླངས།)

ཡིག་སྒྱུར་བ། ཤ་བོ་རིན་མཚོ།