རྒྱལ་ཡོངས་མི་དམངས་ཀྱིས་ཡིད་ཆེས་ཆེན་པོས་ཚོགས་ཆེན་ཉི་ཤུ་པ་བསུ་བཞིན་ཡོད་པ།
2022.10.13 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 38

འབྲས་ལྡན་སྟོན་གྱི་དུས་ཚིགས་ལ་རྒྱལ་ཡོངས་མི་དམངས་ཀྱིས་དགའ་སྤྲོ་ཆེན་པོས་གཟབ་རྒྱས་ཆེ་བའི་ཚོགས་ཆེན་བསུ་བཞིན་པ་དང་བདེན་འཛིན་དངོས་གཉེར་ལ་བརྟེན་ནས་འགན་འཁྲི་ལེགས་པར་སྒྲུབ་བཞིན་ཡོད།

ལོ་བཅུའི་རིང་ལ། རྒྱལ་ཡོངས་མི་དམངས་ཀྱིས་འབད་འབུངས་ཡར་བརྩོན་བྱས་པས། ཀྲུང་ཧྭ་འཛིན་མའི་ཁྱོན་ཡོངས་ཀུན་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་བསྡུ་ལ་ཉེ་བའི་སྐབས་འདིར། མི་རྣམས་ཀྱིས་ཡིད་ཆེས་ཆེན་པོས་ཚོགས་ཆེན་ལ་རེ་ལྟོས་བྱེད་ཀྱིན་ཡོད།

ས་གནས་སོ་སོའི་ཏང་ཡོན་ལས་བྱེད་པས་དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་དང་ཀུན་གྱི་སྔོན་གྲལ་དུ་སྐྱོད་ཕོད་པར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཚོགས་ཆེན་གཟབ་རྒྱས་ངང་བསྡུ་བར་བསུ་མ་བྱེད་ཀྱིན་ཡོད།

གཟབ་རྒྱས་ཆེ་བའི་ཚོགས་ཆེན་མི་འགྱངས་པར་བསྡུ་ལ་ཉེ་བས། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་སྐྱེད་ཀྱི་སྒོ་ནས་མདུན་སྐྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ཅི་ཡོད་ཕུལ་ནས་བྱས་རྗེས་འཇོག་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།