ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དང་པོ་བསྡུས། བློ་མཐུན་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དང་པོ་བསྡུས། བློ་མཐུན་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
གྲོས་ཚོགས་ནས་ཐོག་མར་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་ཝང་ཧུའུ་ཉིང་གི་མགོ་འཛིན་འོག་ཏུ། ལག་པ་ཡར་བཀྱགས་ཏེ་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་བློ་མཐུན་ཞི་ཅིན་ཕིང་སོགས་མི་ཞེ་དྲུག་གིས་གྲུབ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མིང་ཐོ་ལ་གྲོས་འཆམ་བྱུང་།
དེའི་རྗེས་སུ། གྲོས་ཚོགས་ནས་བློ་མཐུན་ཞི་ཅིན་ཕིང་གི་མགོ་འཛིན་འོག་ཏུ་གྲོས་རིམ་སྣ་ཚོགས་ལག་བསྟར་བྱས། གྲོས་ཚོགས་ནས་ལག་པ་ཡར་བཀྱགས་ཏེ་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་ཏེན་ཞུའེ་ཞང་དང་ཁྲིན་ཞི། གོ་ཧྲིན་ཁུན། ཧོང་ཁུན་མེན་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པར་བདམས།
གྲོས་ཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་འཆམ་བྱུང་།
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དང་པོ་བསྡུས། བློ་མཐུན་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
སྙན་ཞུའི་ནང་བཤད་རྒྱུར། རྒྱལ་ཡོངས་ཀྱི་འདེམ་བསྐོའི་ལས་ཁུངས་སོ་སོས་བདམས་ཐོན་བྱུང་བར་མ་ཟད་ཀྲུང་དབྱང་གིས་ཆོག་མཆན་བཀོད་དེ་བསྒྲགས་པའི་འཐུས་མི་བསྡོམས་པས་ཉིས་སྟོང་ཉིས་བརྒྱ་གོ་དྲུག་ཡོད། ཞིབ་བཤེར་བྱས་པ་བརྒྱུད་དེ་འཐུས་མི་ཉིས་སྟོང་ཉིས་བརྒྱ་གོ་དྲུག་གི་ཐོབ་ཐང་ནུས་ལྡན་ཡིན་པ་གཏན་ཁེལ་བྱས་ཤིང་། ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་ཉིས་སྟོང་ཉིས་བརྒྱ་གོ་དྲུག་ཡོད།
སྙན་ཞུ་ལས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐུས་མི་འདེམ་བསྐོའི་བྱ་བར་ཧ་ཅང་མཐོང་ཆེན་གནང་། ན་ནིང་གི་ཟླ་བཅུ་གཅིག་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། འདེམ་བསྐོའི་ལས་ཁུངས་སོ་སོས་ཏང་གི་སྒྲིག་ཡིག་རྩ་བའི་བསྲུང་བྱ་རུ་བརྩིས་པ་དང་། ཏང་གི་ངོ་བོ་དང་དམིགས་གཞི་རྒྱུན་འཁྱོངས་བྱས་ཏེ། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དེ་འཐུས་མི་འདེམ་བསྐོ་བྱ་བའི་བརྒྱུད་རིམ་ཡོངས་ལ་སྦྲེལ་ནས། ཏང་ནང་གི་དམངས་གཙོ་དར་སྤེལ་ལེགས་པོ་བྱས་པ་དང་། ཐོབ་ཐང་གི་ཆ་རྐྱེན་གཟབ་ནན་དུ་བཏང་བ་དང་། བདམས་ཐོན་གྱི་བརྒྱུད་རིམ་གཟབ་ནན་དུ་བཏང་ལ། འདེམ་བསྐོའི་སྒྲིག་ལམ་གཟབ་ནན་དུ་བཏང་ནས། འཐུས་མི་འདེམ་བསྐོའི་བྱ་བ་སྣ་ཚོགས་ཏན་ཏིག་གིས་བཟང་པོར་བསྒྲུབས།
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དང་པོ་བསྡུས། བློ་མཐུན་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
སྙན་ཞུའི་ནང་བཤད་རྒྱུར། འཐུས་མི་བདམས་ཐོན་གྱི་གོ་རིམ་ཁྲོད། འདེམས་བསྐོའི་ལས་ཁུངས་སོ་སོས་འོག་རིམ་ནས་གོང་རིམ་བར་དུ་འདེམ་པ་དང་གོང་འོག་ཟུང་འབྲེལ་བྱེད་པ། ཡང་དང་བསྐྱར་དུ་གྲ་སྒྲིག་བྱེད་པ། རིམ་པ་བཞིན་འདེམས་བསྐོ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་དང་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི། རྒྱ་ཆེའི་ཏང་ཡོན་བཅས་ཀྱི་བསམ་ཚུལ་ལ་ཉན་ནས། རྒྱལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཡོངས་རྫོགས་ཟབ་ཞུགས་བྱེད་པ་མངོན་འགྱུར་བྱས་ལ། ཏང་ཡོན་ཟབ་ཞུགས་བྱེད་ཚད་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་ལྔ་ལ་སླེབས། ཆབ་སྲིད་ཀྱི་ཚད་གཞི་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་པ་དང་། ཆབ་སྲིད་བྱང་ཚད་ཐད་ཀྱི་ལྟ་ཞིབ་གཏིང་ཟབ་ཏུ་སྤེལ་ལ། འདེམ་མིའི་ཆབ་སྲིད་འགག་སྒོ་དམ་སྲུང་བྱས། ལྟ་ཞིབ་བྱེད་ཡུལ་ཚང་མར་དགོས་ངེས་བཞིའི་བརྟག་དཔྱད་ནན་མོ་བྱས་པར་མ་ཟད་སྲིད་གཙང་གྲོས་གཞིའི་མིང་འགོད་གཉིས་ལག་བསྟར་བྱས། བསྡུ་ལེན་བྱས་པའི་གྲོས་གཞི་དང་བརྟག་བཤེར་གནས་ཚུལ་གཞིར་བཟུང་ནས། འཐུས་མིར་མི་འཚམ་པའི་འདེམ་མི་ཚང་མ་བརྗེ་སྤོར་བྱས། འདེམ་བསྐོ་སྡེ་ཁག་སོ་སོས་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཡང་ན་ཏང་ཨུ་དང་ཏང་ཙུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། འདེམ་ཤོག་འཕེན་པའི་རྣམ་པ་སྤྱད་དེ་འདེམ་སྒུག་མི་སྣའི་གྲ་སྒྲིག་འདེམ་མི་གཏན་ཁེལ་བྱས། བོད་ལྗོངས་དང་ཞིན་ཅང་གཉིས་ནས་ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་དེ་གྲངས་མཉམ་འདེམ་བསྐོ་བྱས་པ་ལས་གཞན། འདེམ་བསྐོ་སྡེ་ཁག་སོ་སོས་ཏང་གི་འཐུས་མིའི་ཚོགས་ཆེན་དང་ཡང་ན་ཏང་གི་འཐུས་མིའི་ཚོགས་འདུ་བསྡུས་ནས། གྲངས་ཆད་འདེམ་བསྐོ་བརྒྱུད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་བདམས་པ་དང་། གྲངས་ཆད་སྡུར་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅོ་ལྔ་ལས་མང་ལ། དེ་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན། འཐུས་མིའི་འདེམ་བསྐོ་བྱ་བའི་དྲིལ་སྒྲོག་ལ་ཤུགས་བསྣན་པ་དང་། ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱད་གཙོ་བོ་བརྒྱུད་དེ། རྣམ་པ་སྣ་མང་སྤྱད་ནས་འཐུས་མི་འདེམ་བསྐོ་བྱ་བའི་གནས་ཚུལ་གསལ་བསྒྲགས་བྱས།
སྙན་ཞུའི་ནང་བཤད་རྒྱུར། ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ནི་སྤྱི་ཡོངས་ནས་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཆ་རྐྱེན་དང་མཐུན་ལ། བསམ་བློ་ཆབ་སྲིད་བྱང་ཚད་ཅུང་མཐོ་བ་དང་སྤྱོད་ཚུལ་གཤིས་སྤྱོད་ཅུང་བཟང་ཞིང་། གྲོས་སྡུར་གྱི་ནུས་པ་ཅུང་དྲག་པོ་ལྡན་པ་དང་། ལས་གནས་སོ་སོའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ། གུང་ཁྲན་ཏང་མིའི་ཁྲོད་ཀྱི་ཕུལ་བྱུང་པ་ཡིན། འཐུས་མིའི་སྒྲིག་གཞི་དང་བཀོད་སྒྲིག་ཅུང་ལུགས་མཐུན་ཡིན་པ་དང་། གྲུབ་ཚུལ་བསྡུར་ཚད་སྣ་ཚོགས་ཆ་སྙོམས་སྒོས་ཏང་ཀྲུང་དབྱང་གི་རེ་བ་དང་མཐུན་པས་རྒྱ་ཆེ་བའི་འཐུས་ཚབ་རང་བཞིན་ལྡན།
སྙན་ཞུའི་ནང་བཤད་རྒྱུར། ཚོགས་ཆེན་ཐེངས་བཅུ་དགུ་པའི་སྒྲུབ་སྟངས་དང་གཤིབ་སྡུར་བྱས་ཏེ། ཏང་ཀྲུང་དབྱང་གིས་ཆེད་དུ་གདན་འདྲེན་པའི་འཐུས་མི་གྱ་གསུམ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་རྒྱུ་གཏན་འཁེལ་བྱས་པ་དང་ཆེད་དུ་གདན་འདྲེན་པའི་འཐུས་མིས་འཐུས་མི་གཞན་དང་འདྲ་བའི་དབང་ཆ་ལོངས་སུ་སྤྱད་ཆོག
གྲོས་ཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འདེམ་བསྐོ་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། འཐུས་ཚབ་ཚོགས་པ་སོ་སོར་གྲོས་སྡུར་བྱེད་པར་སྤྲད།
གྲོས་ཚོགས་ནས་ད་རུང་ཟུར་ཞུགས་མི་སྣ་དང་སྐུ་མགྲོན་གྱི་དོན་དག་ལ་གྲོས་འཆམ་བྱུང་། ཀྲུང་དབྱང་གིས་ཏང་ནང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་ཏང་ཕྱིའི་མི་སྣ་སྐོར་ཞིག་ཚོགས་ཆེན་ལ་ཟུར་དུ་ཞུགས་པར་གདན་ཞུ་བྱེད་རྒྱུ་ཐག་བཅད། ཚོགས་ཆེན་ལ་ཟུར་དུ་ཞུགས་མཁན་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་མིན་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་དང་ཆེད་དུ་གདན་འདྲེན་པའི་འཐུས་མི་མ་ཡིན་པའི་སྔོན་ཆད་ཀྱི་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དེ་མིན་འབྲེལ་ཡོད་བློ་མཐུན་གཞན་པ་བཅས་བསྡོམས་པས་མི་སུམ་བརྒྱ་དང་ང་བཞི་ཡོད། སྐུ་མགྲོན་གྱི་ཚུལ་དུ་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོ་དང་ཚོགས་ཆེན་གྲོལ་བའི་མཛད་སྒོར་ཞུགས་མཁན་ལ་ད་ལྟ་དང་སྔོན་ཆད་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་བའི་ཏང་ཕྱིའི་མི་སྣ་དང་། པེ་ཅིང་དུ་ཡོད་པའི་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པ། མི་རིགས་ཆོས་ལུགས་ལས་རིགས་བཅས་ཀྱི་མི་སྣ་བཅས་བསྡོམས་པས་མི་བརྒྱ་དང་ང་བཞི་ཡོད།
ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་ད་རུང་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཉིན་རིམ་ལ་གྲོས་འཆམ་བྱུང་། ཉིན་རིམ་དེ་ལྟར་ན། ཚོགས་ཆེན་ཐེངས་ཉི་ཤུ་པ་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཚོགས་མགོ་རྩོམ་རྒྱུ་ཡིན་པ་དང་། ཟླ་བཅུ་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་གྲོལ་རྒྱུ་རེད།
བཀྲ་ཤིས་འབུམ། ཕྱུག་ལོ། བསོད་ནམས་ཚེ་རིང་། རིན་ཆེན་མཚོ་བཅས་ཀྱིས་བསྒྱུར།