འབའ་ཚེ་ལོ་དང་ཆོས་དབྱིངས་སྐྱིད། ལིག་ཞིའུ་ཆིན། ཉིན་ཧྲིན་ཡོའུ་བཅས་ཀྱིས་བགྲོ་གླེང་བྱེད་ཀྱིན་པ།
འཐུས་མི་མཱ་ཞའོ་ཡུས་ཀྱིས་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་པ།
འཐུས་མི་ཅའོ་ཀྲིན་གྱིས་སློབ་སྦྱོང་ནན་མོ་བྱེད་ཀྱིན་པ།
འཐུས་མི་ཧན་ཧྲིས་བློ་སེམས་ཞིབ་མོས་རྒྱུ་ཆ་གྲ་སྒྲིག་བྱེད་ཀྱིན་པ།
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་ལ་ཉེ་བའི་སྐབས་སུ། རང་ཞིང་གི་འཐུས་མི་རྣམས་པེ་ཅིང་དུ་འབྱོར་རྗེས། སློབ་སྦྱོང་བརྗེ་རེས་གཏིང་ཟབ་བྱས་པ་དང་། མུ་མཐུད་དུ་རྒྱུ་ཆ་ལེགས་སྒྲིག་བྱས་ཏེ། རང་འགན་ཁུར་དུ་བླངས་ནས་ཚོགས་འདུ་ལ་ཞུགས་པར་གྲ་སྒྲིག་ཞིབ་མོ་བྱས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་བསྐྱོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་གནད་འགག་གི་དུས་སྐབས་སུ་བསྡུ་བའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན་པས། ཀུན་ལ་རེ་ལྟོས་ཆེ་ཞིང་། འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་ཀྱིན་ཡོད།
མཚོ་སྔོན་འཐུས་ཚབ་ཚོགས་པ་སྡོད་ས་རུ། འཐུས་མི་མཱ་ཞའོ་ཡུས་ཀྱི་ཅོག་ཙེ་སྟེང་དུ་སློབ་སྦྱོང་རྒྱུ་ཆ་དང་ཞིབ་འཇུག་འཚོལ་བསྡུ་བྱས་པའི་རྒྱུ་ཆ་མང་པོ་བཞག་འདུག མོས་དུས་ཚོད་དམ་འཛིན་བྱས་མཐར་གཞི་ནས་དག་སྒྲིག་བྱས་ཚར་སོང་། མོས་བཤད་རྒྱུར། པེ་ཅིང་ལ་མ་ཡོང་གོང་། ང་ཞིང་སྡེ་དང་སློབ་གྲྭ། བཟོ་གྲྭ་སོགས་སུ་རྟོག་ཞིབ་ལ་སོང་ནས། མང་ཚོགས་ཀྱི་སེམས་གཏམ་ལ་ཉན་ཞིང་། སྤྱི་ཚོགས་ཀྱི་གནས་བབ་དང་མི་དམངས་ཀྱི་བསམ་འདུན་ལ་རྒྱུས་ལོན་བྱས་པ་ཡིན། ཚོགས་ཐོག་ནས། ངས་རང་གི་གཟི་བརྗིད་དེ་འགན་འཁྲི་རུ་བསྒྱུར་བ་དང་། ཡིད་རྟོན་སྒུལ་ཤུགས་སུ་བསྒྱུར་ཞིང་། འགན་ཁུར་ཁག་ཁུར་དུ་བརྩིས་ནས། མཚོ་སྔོན་གྱི་ལོ་བཅུའི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་མཐོ་སྒང་གི་རིགས་སོ་སོའི་བུ་དང་བུ་མོས་དྲིན་ཚོར་བའི་སྒོ་ནས་འབད་འཐབ་མདུན་བསྐྱོད་བྱེད་པའི་སེམས་ཁམས་དེ་རྒྱས་བཤད་ལེགས་པོ་བྱ་རྒྱུ་ཡིན་ཟེར།
འཐུས་མི་ཧན་ཧྲི་ཡིས་བཤད་རྒྱུར། ཚོགས་ཆེན་འཚོགས་ལ་ཉེ་བ་དང་བསྟུན་ནས། ངས་སྔར་ལས་ཀྱང་ཏང་གི་འཐུས་མིའི་འགན་འཁྲི་གཟི་བརྗིད་ལྡན་ཞིང་། འགན་འཁུར་གལ་ཆེན་ཡིན་པ་ཚོར་བྱུང་། འཐུས་མི་ཞིག་གི་འགན་ནུས་སྔར་ལས་དོན་འཁྱོལ་བྱ་ཆེད། ཉིན་འདི་གཉིས་ལ་ངས་བློ་སེམས་རྣལ་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས་བཀླགས་ལ། རང་ཞིང་གི་ལོ་བཅུའི་རིང་གི་འགྲིམ་འགྲུལ་འཛུགས་སྐྲུན་ཁྱབ་ཁོངས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སོགས་ཀྱི་ཐད་བླངས་པའི་ཁྱད་འཕགས་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་ན། ཀྲུང་གོ་གུང་ཁྲན་ཏང་རླབས་ཆེ་བ་སེམས་ཀྱི་གཏིང་ནས་ཚོར་བྱུང་། ང་རང་བརྩོན་སེམས་ཆེན་པོས་ཚོགས་ཆེན་ལ་ཞུགས་ཤིང་། ཚོགས་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དུ་ཕྱིར་མཚོ་སྔོན་དུ་ཁྱེར་རྒྱུ་ཡིན་ཟེར།
འཐུས་མི་ལིག་ཞིའུ་ཆིན་གྱིས་གྲ་སྒྲིག་གི་བྲེལ་ཟིང་ཁྲོད་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་། རོང་འབྲོག་ཁུལ་གྱི་སློབ་གསོའི་རྨང་གཞིའི་སྒྲིག་ཆས་སྔར་མེད་ལེགས་སྒྱུར་བྱས་པ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱས་པ་སྔར་ལས་འདང་ངེས་ཡིན་པ། སློབ་གསོའི་རྣམ་པ་སྣ་མང་ཞིང་སྤུས་ཀ་མཐོར་འདེགས་ཕྱིན་ཚུལ་བཅས་ཀྱི་ལོ་བཅུའི་རིང་གི་འཕེལ་རྒྱས་ལ་ཕྱིར་དྲན་བྱས། མོས་བསྟན་དོན། ངས་གཞི་རིམ་ཏང་ཡོན་ཞིག་གི་སེམས་གཏམ་དེ་ཚོགས་ཐོག་ཏུ་ཁྱེར་རྒྱུ་ཡིན་ལ། སློབ་གསོའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ཧུར་ཐག་གིས་གཏམ་བརྗོད་སྤེལ་ཏེ། ཏང་གི་འཐུས་མི་ཞིག་གི་འགན་ནུས་དང་ཁག་འཁུར་དེ་ཡོངས་སུ་མངོན་དགོས།
རང་ཞིང་གི་ཏང་གི་འཐུས་མི་རྣམས་ཀྱིས་བསྟན་དོན། ཏང་གི་འཐུས་མིའི་འགན་ནུས་དེ་ཚད་གཞི་སྔར་ལས་མཐོ་བ་དང་། རེ་བ་སྔར་ལས་ནན་མོའི་སྒོ་ནས་དོན་འཁྱོལ་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་སྙན་ཞུ་ལ་ཉན་པ་དང་། ཞིབ་ཚགས་གཏིང་ཟབ་སྒོས་གཏམ་བརྗོད་སྤེལ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བྱས་རྗེས་འཇོག་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་ཡིད་ལ་ཉར་ནས། ཕྱིར་མཚོ་སྔོན་དུ་ཁྱེར་དགོས་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།