ཚོགས་ཆེན་ཉི་ཤུ་པའི་འཐུས་ཚབ་ཚོགས་པ་ཚང་མས་འབྱོར་ཐོ་བཀོད།
2022.10.15 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 145

ཟླ10པའི་ཚེས14ཉིན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་ཚབ་ཚོགས་པ་ཚང་མས་འབྱོར་ཐོ་བཀོད། ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ལ་ཉེ་བ་དང་། འཐུས་མི་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་མི་གཏོང་བར་ལྷག་བསམ་རྣམ་དག་གིས་མཆོག་གྱུར་འགན་འཁྲི་ལག་བསྟར་བྱས་ཏེ་ཐུན་མོང་གི་ལྟ་བ་དང་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་ཡིན་ཞེས་བསྟན།

སེམས་ཤུགས་གཅིག་སྡུད་ཀྱིས་རླབས་ཆེན་བྱ་གཞག་བསྐྲུན། དམངས་ཁྲི་སེམས་གཅིག་གིས་མ་འོངས་ཕྱོགས་སུ་བསྐྱོད། འཐུས་མི་རྣམས་ཀྱིས་བསྟན་དོན། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་བསྐྱོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་གནད་འགག་གི་སྐབས་སུ་བསྡུ་རྒྱུ་ཡིན་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད་ཟེར།