ཝང་དབྱང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས།
2022.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། བློ་མཐུན་ཝང་དབྱང་ཁོང་ཡོད་སའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བོད་ལྗོངས་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར། བློ་མཐུན་ཝང་དབྱང་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཁོང་ཡོད་སའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བོད་ལྗོངས་འཐུས་ཚབ་ཚོགས་པར་སོང་ནས། འཐུས་མི་ཚོ་དང་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་གྲོས་སྡུར་བྱས། ཝང་དབྱང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི་སྙན་ཞུས། དར་ཆ་བསྒྲེང་ནས་ཁ་ཕྱོགས་གཏན་ཁེལ་བྱས་པ་དང་བརྗོད་དོན་མངོན་གསལ་ཡིན་ལ། བསམ་བློའི་གཏིང་ཟབ་ཅིང་གོ་དོན་ཕུན་སུམ་ཚོགས་པ་དང་། དེ་ནི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཏང་སེམས་གཅིག་ཏུ་བསྡུ་བ། དམངས་སེམས་དྲོ་བར་བྱེད་པ། བློ་སེམས་གཅིག་མཐུན་བྱེད་པའི་སྙན་ཞུ་བཟང་བོ་ཞིག་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་འབྲི་བའི་ཆབ་སྲིད་ཀྱི་སྒྲོག་གཏམ་དང་འགུལ་སྐྱོད་ཀྱི་རྩ་འཛིན་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལོ་རྒྱུས་ཀྱི་གནས་ཚད་གསར་བ་བཙུགས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་རབས་ཅན་དུ་བསྒྱུར་བའི་ཐད་བདེན་ལུགས་ཀྱི་སྟོབས་ཤུགས་གསར་བ་བསྣན་ལ། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་སྣེ་ཁྲིད་གསར་བ་འདོན་སྤྲོད་བྱས་པ་དང་། དེས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བསྐྱོད་ལམ་གསར་བར་དཔའ་སྐྱེད་མདུན་སྐྱོད་བྱེད་པ་དང་དུས་རབས་གསར་བའི་ནང་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་ཐུབ་པ་དང་། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་མཐུན་སྒྲིལ་འབད་བརྩོན་བྱེད་པར་སྐུལ་འདེད་གཏོང་ངེས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ལོ་བཅུའི་རིང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་ཆེས་སྤྱིར་བཏང་མིན་པའི་རྒྱུད་རིམ་ཞིག་ཡིན་པ་དང་། དུས་རབས་གསར་བའི་ལོ་བཅུའི་རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་དང་རླབས་ཆེན་གྱི་འཕོ་འགྱུར་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་འོས། གཏན་ཕབ་གཉིས་ནི་ཏང་ཡོངས་ཀྱི་འདོད་བློ་དང་དམངས་སེམས་ཀྱི་ཁ་ཕྱོགས་ས་ཡིན་ལ། ང་ཚོས་གཏན་ཁེལ་བྱེད་མི་ཐུབ་པའི་རང་བཞིན་ཡོད་ཚད་ལ་ཁ་གཏད་འཇལ་བའི་ཆེས་ཆེ་བའི་གཏན་ཁེལ་རང་བཞིན་ཡང་ཡིན། དམིགས་འབེན་ཅི་འདྲའི་ཆེ་བ་དང་ལས་འགན་ཅི་འདྲའི་ལྕི་བ། གནས་བབ་ཅི་འདྲའི་རྙོག་འཛིང་ཆེ་ན། གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་དེ་ལས་རྒྱུས་ལོན་ཟབ་མོ་བྱེད་པ་དང་། སྔར་ལས་རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་དེ་ལས་སྲུང་སྐྱོང་བྱེད་པ། སྔར་ལས་རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་སྐྱོད་དགོས།

ཝང་དབྱང་གིས་བསྟན་དོན། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རང་ཉིད་ཀྱི་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི། ང་ཚོས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་རྒྱལ་ཁ་ལེན་པ་དང་རྒྱལ་ཁ་ནས་རྒྱལ་ཁ་རུ་བསྐྱོད་པའི་གནད་འགག་ཡིན་པས། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་ཏང་གི་དཀྱིལ་སྙིང་ལས་འགན་ལ་དམ་དུ་དམིགས་པ་དང་། ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཕྱོགས་ཡོངས་ནས་སྤེལ་ནས། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་སྣོན་འབྱུང་བཞིན་པའི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་སྐོང་དགོས། འཛམ་གླིང་གི་ལོ་བརྒྱར་ཐུག་མ་མྱོང་བའི་འཕོ་འགྱུར་མགྱོགས་མྱུར་སྒོས་བྱུང་བཞིན་པའི་རྒྱབ་ལྗོངས་འོག་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་ན། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་ཤེས་པའི་ཁྲོད་རང་འགུལ་དང་དགེ་མཚན། མ་འོངས་པ་བཅས་བརྩོན་ལེན་བྱེད་དགོས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ལོ་བཅུ་ནི། བོད་ལྗོངས་འཕེལ་རྒྱས་བྱས་པ་ཆེས་བཟང་ཞིང་འགྱུར་ལྡོག་ཆེས་ཆེ་བ། མང་ཚོགས་ལ་ཁེ་ཕན་ཐོབ་ཚད་ཆེས་མང་པའི་ལོ་བཅུ་ཡིན། བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། གཏན་འཇགས་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་དུ་བསྒྱུར་བའི་དོན་ཆེན་བཞི་དམ་འཛིན་བྱེད་པ། ཡུན་རིང་ལ་ཕན་པའི་སྲིད་ཇུས་འཆར་འགོད་བྱེད་པ་དང་། གཞི་རྩ་ཇེ་བརྟན་དུ་གཏོང་བའི་བྱེད་ཐབས་སྤྱོད་པ། ཡུན་སྐྱོང་བདེ་འགོད་དང་འབྲེལ་བའི་རིམ་ཟབ་འགལ་རྩོད་དང་གནད་དོན་ཐག་བཅད་དེ། མཐུན་སྒྲིལ་དང་འབྱོར་ཕྱུག་ལྡན་པ་དང་། དཔལ་ཡོན་འཆམ་མཐུན་དང་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།