ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན་གྱི་དགོང་མོར། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་སོགས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རང་རེའི་ཞིང་ཆེན་གྱི་འཐུས་མི་པེ་ཅིང་འགྲེམ་སྟོན་ཁང་དུ་སོང་ནས་དུས་རབས་གསར་བར་འབད་པས་བསྐྱོད་ཅེས་པ་བརྗོད་དོན་ཡིན་པའི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།
ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན་གྱི་དགོང་མོར། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་སོགས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རང་རེའི་ཞིང་ཆེན་གྱི་འཐུས་མི་པེ་ཅིང་འགྲེམ་སྟོན་ཁང་དུ་སོང་ནས་དུས་རབས་གསར་བར་འབད་པས་བསྐྱོད་ཅེས་པ་བརྗོད་དོན་ཡིན་པའི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།
འགྲེམ་སྟོན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་སྐྱོང་སྲིད་འཛིན་བྱས་པ་གཙོ་ཐིག་ཏུ་བྱས་ནས་དུས་རབས་གསར་བའི་ལོ་ངོ་བཅུའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གྲུབ་འབྲས་རླབས་ཆེན་དང་བཅོས་སྒྱུར་རླབས་ཆེན་གཙོ་གནད་དུ་བཟུང་ནས་གྲ་སྒྲིག་འགྲེམ་ཁུལ་དང་ཀྲུང་དབྱང་སྣ་འཛོམས་འགྲེམ་ཁུལ། ས་གནས་འགྲེམ་ཁུལ། ཕྱིའི་འགྲེམ་ཁུལ། མཉམ་འགུལ་འགྲེམ་ཁུལ་བཅས་འགྲེམ་ཁུལ་དྲུག་བཙུགས་ཡོད་པ་དང་། རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་གསུམ་ལས་བརྒལ་ཡོད་ལ། པར་རིས་དང་དངོས་གཟུགས། དཔེ་དབྱིབས་སོགས་འགྲེམ་སྟོན་རྒྱུ་ཆ་སྣ་དྲུག་སྟོང་ལྷག་ཡོད།
འཐུས་མི་རྣམས་ཀྱིས་འགྲེམ་སྟོན་ལམ་ཐིག་བརྒྱུད་དེ་འགྲེམ་ཁུལ་རེ་རེར་སོང་བ་དང་། འགྲེལ་བཤད་ལ་ཉན་ཞོར་དང་བརྙན་རིས་དང་པར་རིས། དངོས་གཟུགས་འགྲེམ་སྟོན་དངོས་རྫས་ལ་ཞིབ་མོར་བལྟས་པས་དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ཤེས་རྟོགས་བྱུང་། འཐུས་མི་རྣམས་མཚོ་སྔོན་འགྲེམ་ཁུལ་དུ་ཐོན་པ་ན། སྔོ་སངས་ཀྱི་ནམ་མཁའ་དང་ལྗང་མདོག་གི་ས་གཞིའི་མཛེས་སྡུག་གིས་མིག་ལ་མཚར་སྣང་སྟེར་ཞིང་། ཆུ་མཛོད་གཟུགས་ཀྱི་བརྙན་ཡོལ་འགྲེམ་ཁུལ་གྱི་དཀྱིལ་དབུས་སུ་འདུག ཚང་མས་གོམ་ཁ་ལྷོད་ནས་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་སྲ་བརྟན་དུ་གཏོང་བ་དང་ཐོན་ལས་གྱི་གནས་བཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ། མི་རིགས་མཐུན་སྒྲིལ་གཞི་གཅིག་ཏུ་གྲུབ་པ་བཅས་ཁག་བཞི་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ཆེད་དོན་འགྲེམ་ཁུལ་ལ་ཞིབ་མོར་བལྟས་པ་དང་། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛུབ་ཁྲིད་བྱས་པའི་ཁ་ཕྱོགས་བརྒྱུད་ནས་མདུན་དུ་བསྐྱོད་པ་དང་བྱ་བ་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་བ་དང་འཕེལ་རྒྱས་གསར་བ་བྱུང་བ་གཟི་བརྗིད་དུ་རློམ་ཡོད།
འཐུས་མི་རྣམས་ཀྱིས་གིས་བསྟན་དོན། ཐེངས་འདིའི་འགྲེམ་སྟོན་ལ་བལྟས་པ་བརྒྱུད། འཐབ་ལམ་གསར་བར་འབད་པས་བསྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པའི་གདེང་ཚོད་དང་སེམས་ཤུགས་ཇེ་ཆེར་ཕྱིན་པ་དང་། ཚོགས་འདུ་བཟང་བོ་འཚོག་པ་དང་ལས་འགན་ལེགས་པར་བསྒྲུབ་པའི་ཁག་ཁུར་ཇེ་དྲག་ཏུ་བཏང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སྣེ་ཁྲིད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ། ངར་སེམས་ཆེར་བསྐྱེད་དང་དཔའ་ངར་མདུན་སྐྱོད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།