ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། མུ་མཐུད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་གྲོས་སྡུར་བྱས། བློ་མཐུན་ཀྲའོ་ཁི་ཀྲི་གྲོས་སྡུར་ལ་ཞུགས། ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པ་དང་། ཝུའུ་ཞའོ་ཅུན་གྲོས་སྡུར་ལ་ཞུགས།
འཐུས་མི་ཁྲིན་རུའེ་ཧྥིན་གྱིས་བཤད་རྒྱུར། བསྐྱོད་ལམ་གསར་བར་བསྐྱོད་ན། ངེས་པར་དུ་གཏན་ཕབ་གཉིས་ལ་སྲུང་སྐྱོང་བྱེད་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས་པ་དང་། དེ་ནི་ལོ་རྒྱུས་ཀྱི་གདམ་གསེས་དང་དུས་རབས་ཀྱི་འབོད་སྐུལ། མི་དམངས་ཀྱི་སེམས་གཏམ་ཡིན། ངེས་པར་དུ་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་གྱི་འཕོ་འགྱུར་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། དེ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བསྐྱོད་ལམ་གསར་བར་ཞུགས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་མངོན་སུམ་གྱི་རྨང་གཞི་ཡིན། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་ལེའུ་གསར་བ་འབྲི་བ་དང་། དེ་ནི་དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། ངེས་པར་དུ་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཕྱོགས་ཡོངས་ནས་སྤེལ་བ་དང་། དེ་ནི་དུས་རབས་གསར་བ་དང་བསྐྱོད་ལམ་གསར་བའི་སྟེང་གི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་ལས་འགན་ཡིན་། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་རང་ངོས་གསར་བརྗེ་བྱེད་པར་བརྟེན་ནས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པ་དང་། དེ་ནི་ང་ཚོ་ཏང་ལ་ནམ་ཡང་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་ཡུན་རིང་སྲིད་འཛིན་གྱི་གོ་གནས་སྲ་བརྟན་དུ་གཏོང་བའི་གནད་འགག་ཡིན།
འཐུས་མི་ཝང་དབྱང་གིས་བཤད་རྒྱུར། ལག་ལེན་ལས་ར་སྤྲོད་བྱུང་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་ཡོད་ན། དུས་གསར་བར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་རྒྱུད་རིམ་ཐད་ནས་རྩ་བའི་འགན་སྲུང་ཡོད་པ་དང་། ལོ་རྒྱུས་ལས། ཡུན་རིང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་གཏོང་བ་དང་། ནམ་ཡང་མི་དམངས་ཀྱི་བརྩི་བཀུར་ཐོབ་འདོད་ན། ངེས་པར་དུ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པ་ཡིད་ལ་དམ་པོར་བཟུང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་སྐྱོང་དམག་འཐབ་ཐད་ཀྱི་རྒྱལ་ཁ་ལེན་ཐུབ་པ་མངོན་ཡོད། དོན་དངོས་ལས། ལྟ་སྐུལ་ལ་ཤུགས་སྣོན་པ་ནི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་རང་ངོས་གསར་བརྗེ་མངོན་འགྱུར་བྱེད་པའི་ལམ་བུ་གལ་ཆེན་དང་རྨང་གཞི་ཡིན་པས། ངེས་པར་དུ་ཏང་གི་གཅིག་གྱུར་སྒོས་འགོ་ཁྲིད་བྱེད་པ་དང་ཕྱོགས་ཡོངས་སུ་ཁེབས་པ། དབང་ཟིལ་དང་ཕན་པ་ལྡན་པའི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དབང་ཆ་མངོན་གསལ་དུ་ལག་བསྟར་བྱས་ཏེ། སྟོབས་ཤུགས་ལྡན་པའི་ལྟ་སྐུལ་ཕན་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་འཆར་འགོད་དང་རེ་འདུན་མངོན་འགྱུར་བྱེད་པའི་ཐད་སྲུང་སྐྱོབ་འདོན་སྤྲོད་བྱེད་དགོས།
འཐུས་མི་ཀྲའོ་ཡུའེ་ཞ་ཡིས་བཤད་རྒྱུར། གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པ། དུས་རབས་གསར་བ་དང་བསྐྱོད་ལམ་གསར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་འགན་འཁྲི་ཕྲག་ཏུ་བླངས་ནས། ཏང་ལ་བློ་དཀར་དགོས། དུས་ནམ་ཡང་མཚོ་སྔོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་བྱ་བའི་ཁྲོད་ཀྱི་གོ་གནས་དང་ནུས་པ་ཡིད་ལ་དམ་པོར་འཛིན་པ་དང་། སུས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་ཅི་ལྟར་འཛུགས་སྐྲུན་བྱེད་པའི་གནད་དོན་གལ་ཆེན་ལ་དམིགས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་འཇོན་མིས"ངེས་པར་གསུམ"ཡིད་ལ་དམ་པོར་འཛིན་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་པ་དང་། རྩ་དོན་གལ་ཆེན་ལྔ་རྒྱུན་འཁྱོངས་བྱེད་པ། དྲིན་གཟོ་དང་དཔའ་སྐྱེད་མདུན་སྐྱོད་ཀྱི་བསམ་པའི་རྣམ་པ་ནམ་ཡང་སྲུང་འཛིན་བྱེད་པ། དཀའ་སྤྱད་འབད་བརྩོན་གྱི་སྤོབས་པ་ཆེན་པོ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་ཏང་དང་མི་དམངས་ཡིད་ཚིམ་པའི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས།
འཐུས་མི་ཚེ་རིང་ཐར་གྱིས་བཤད་རྒྱུར། དུས་རབས་གསར་བའི་ཚུན་གྱི་ལོ་བཅུའི་རིང་བརྒྱུད་པའི་དོན་ཆེན་དང་བསྒྲུབས་པའི་དོན་ཆེན། ཐག་བཅད་པའི་དཀའ་གནད་ཀྱིས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཏིང་ཟབ་པའི་མཐིལ་རྟོགས་ནུས་པ་དང་སྟོབས་དང་ལྡན་པའི་འཐབ་ཇུས་སེམས་ཤུགས། གཏིང་ཕྱིན་པའི་འཐབ་ཇུས་གསར་བཟོ་ནུས་པ་མངོན་པར་བྱས་ཡོད། སྟོབས་དང་ལྡན་པའི་བསམ་པའི་སྒུལ་ཤུགས་དང་ལག་ལེན་རིན་ཐང་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཕྱོགས་ཡོངས་ནས་སྤེལ་བའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་བཞིན་ཡོད་ལ་ཁྱབ་ཀྱང་སྲིད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་གལ་ཆེན་ཡིད་ལ་དམ་པོར་འཛིན་པ་དང་། དཀྱིལ་སྙིང་ལས་འགན་ལ་དམ་དུ་དམིགས་པ། རང་རྟོན་རང་བརྩོན་དང་བདེན་སྲུང་གསར་གཏོད། ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། སྙན་ཞུའི་ནང་བཀོད་སྒྲིག་བྱས་པའི་བྱ་བའི་ལས་འགན་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་དགོས།
འཐུས་མི་པད་ཁོས་བཤད་རྒྱུར། སྙན་ཞུས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཆེས་ཁྱབ་རྒྱ་ཆེ་བའི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བར་བཀོད་སྒྲིག་གལ་ཆེན་བྱས། ང་ཚོས་གཅིག་གྱུར་འཐབ་ཕྱོགས་བཀོད་སྤྱོད་བཟང་པོ་བྱེད་པ་རྒྱུན་འཁྱོངས་དང་། དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་མཐུན་སྒྲིལ་མཉམ་འབྲེལ་ལ་ཤུགས་བསྣན་ནས་དུས་རབས་གསར་བར་བྱས་རྗེས་འཇོག་པར་མཚོ་སྔོན་གྱི་ནུས་པ་འདོན་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་བོད་འབྲེལ་ཁུལ་དང་རྫོང་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གྱི་དཔེ་མཚོན་བསྐྲུན་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་སྔོན་གྱི་ལག་ལེན་འཚོལ་ཞིབ་བྱེད་དགོས། ཕྱི་སྡོད་རང་མིའི་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་བོད་རིགས་སྤུན་ཟླའི་བྱ་བ་ལེགས་པར་བསྒྲུབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་མཐུན་སྒྲིལ་བྱེད་པའི་མཚོ་སྔོན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས།
འཐུས་མི་དབྱང་ཀྲི་ཝུན་གྱིས་བཤད་རྒྱུར། ང་ཚོས་བདེན་དོན་རླབས་ཆེན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བཅོས་སྒྱུར། རླབས་ཆེན་དར་ཆ། འབད་འཐབ་དམིགས་འབེན་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྲོག་ཤིང་ལ་བློ་དཀར་བ་དང་སྲོག་ཤིང་ལ་གོང་བཀུར་བྱེད་པ། སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ། སྲོག་ཤིང་གི་རྗེས་སུ་སྙེག་པ་བཅས་སེམས་སུ་གསལ་བོར་འཛིན་དགོས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་འདྲེས་པར་བྱེད་དགོས། ལས་འགན་ནན་སྒྲུབ་དང་ཁག་ཁུར་ནན་མོ་བྱེད་པ་དེ་དུས་རབས་གསར་བར་བྱས་རྗེས་འཇོག་པ་དང་སྐྱོད་ལམ་གསར་བར་འབད་པས་བསྐྱོད་པའི་རྒྱལ་ཁབ་སྟོབས་ལྡན་གྱི་རླབས་ཆེན་བསྐྱར་དར་ཁྲོད་འདྲེས་པར་བྱེད་དགོས།
འཐུས་མི་ཝང་ཏེན་པང་གིས་གཏམ་བཤད་ཁྲོད་ཀྲང་ཙེ་ཡི་ལེགས་བཤད་དེ། འཛམ་གླིང་གི་ཆེད་དུ་རིན་ཐང་ལྟ་བ་འཛུགས་པ་དང་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་འཚོ་བ་སྐྲུན་པ། དཔལ་ཡོན་གསར་སྐྲུན་གྱི་གྲུབ་འབྲས་རྒྱུན་འཛིན་བྱེད་པ། འཆམ་མཐུན་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་སྐྲུན་ཞེས་པའི་ཚིག་དུམ་དྲངས་པ་དང་། ཁོས་བཤད་རྒྱུར། གནའ་བོའི་མཁས་པར་རང་གི་བསྙེག་བྱ་ཡོད་པ་ཇི་བཞིན་ང་ཚོའི་གུང་ཁྲན་ཏང་མི་ལའང་སྔར་ལས་བླ་མེད་དང་རླབས་ཆེན་གྱི་འཚོལ་བསྙེག་ཡོད། ང་ཚོས་གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་ཡིད་རྟོན་དུ་བྱེད་པ་དང་མི་དམངས་བླ་ན་མེད་པའི་འདུ་ཤེས་ལག་ལེན་དུ་བསྟར་བ། མར་ཁེ་སི་རིང་ལུགས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཚའེ་ཁྲིན་ཡོང་དང་ཀྲང་ཞའོ་ཅུན། ཀྲུའུ་ཀྲན་མེན། འབའ་ཚེ་ལོ། ཆོས་དབྱིངས་སྐྱིད། ཆན་ཅན་ཧྭ། ཀི་ཅུན། དབྱང་ཡོན། ཆི་ཧོང་ཧྥང་། ལིའུ་ཞོའུ་ཆིན། ཁྲིན་ཀྲི་ཞིའུ་སོགས་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད།
རིན་ཆེན་མཚོ་དང་མི་ཕམ་མགོན་པོས་བསྒྱུར།