སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞིའི་འཐུས་མིའི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།
2022ལོའི་ཟླ10ཚེས17ཉིན་གྱི་སྔ་དྲོར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞིའི་འཐུས་ཚབ་ཚོགས་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་གྲོས་སྡུར་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བློ་མཐུན་ལྔ་ཡི་གཏམ་བཤད་ལ་ཉན་རྗེས་ཚང་མས་ཏང་ཀྲུང་དབྱང་ལ་ཡིད་ཆེས་ཆེན་པོ་བྱེད་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད་པ་ངས་ཡོངས་སུ་ཚོར་ཐུབ་ཅེས་གསུངས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་རར་གཟིགས་སྐོར་གནང་བ་དང་། ཀོང་ཞིའི་ས་གཞི་ཆེན་པོ་ནས་ཡོང་བའི་འཐུས་མི་རྣམས་ཀྱི་མིག་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།
ཁོ་ཚོས་ཀོང་ཞིའི་རིགས་སོ་སོའི་ལས་བྱེད་པ་བྱེ་བ་ལྔ་དང་ས་ཡ་བདུན་གྱི་སེམས་འདུན་འཁྱེར་ནས་ཡོང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་ཚིག་ལ་དྲོད་ཁོལ་ལྡན་ཞིང་བློ་རྩ་བརྟན་པོས་ཁེངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཡང་ཚང་མ་དང་འདྲ་བར་གུང་ཁྲན་ཏང་ཡོན་དཀྱུས་མ་ཞིག་ཡིན། ང་ཚོས་ཏན་ཏན་ཏིག་ཏིག་གིས་བྱ་བ་བཟང་བོར་སྒྲུབ་པ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་ས་གནས་སོ་སོའི་དོན་དངོས་དང་ཟུང་འབྲེལ་ལེགས་པོ་བྱས་ནས། ལག་བསྟར་དོན་འཁྱོལ་བཟང་བོ་བྱ་རྒྱུ་དེ་ཡིན། ཏང་ཀྲུང་དབྱང་ལ་ཡིད་ཆེས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་ཡོད་ཕྱིན། ང་ཚོའི་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་གསུངས་པ་རེད།
ལོ་ངོ་བཅུའི་རིང་གི་ཁྱད་དུ་འཕགས་པའི་གྲུབ་འབྲས་ནི་མི་དམངས་ཀྱི་འཚོ་བ་ཕྱུག་པོར་འགྱུར་བ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོའི་འོད་སྣང་ཁྲོད་བྲིས་ཡོད། ཚོགས་རའི་ནང་གི་འཐུས་མི་རེ་རེར་དེ་འདྲའི་གཅིག་མཐུན་གྱི་མྱོང་ཚོར་ཡོད།
དཀའ་ཁག་ལ་འཕྲད་པའི་ཉེན་ཁ་ཡོད་པ་དང་དཀའ་སྡུག་གདོང་གིས་བསུས་པའི་བརྩོན་འགྲུས་ཡོད་པ། འགག་སྒོ་སྒྲོལ་བའི་དཀའ་བ་ཡོད་པ་བཅས་ནི་བལྟས་ཚོད་ཀྱིས་དཀའ་གནད་ལས་སྒྲོལ་དཀའ་བའི་འགག་སྒོ་ཞིག་དང་མི་རྣམས་ཧ་ལས་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅིག་ཡིན་པས། དངོས་གནས་ཡིད་སེམས་སྤྲོ་བ་ཞིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ལོ་བཅུའི་རིང་གི་རླབས་ཆེན་འཕོ་འགྱུར་ལས་བཞུད་ལམ་ལ་ཕྱིར་ལྟ་བྱས་ཏེ། ལག་ལེན་ལས་ཡང་དག་པ་དང་གེགས་མེད་ཡིན་ལ། བརྟན་ཞིང་བཟང་བ་ར་སྤྲོད་བྱུང་ཡོད།
ཉིན་དང་པོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན”མངོན་གསལ་སྒོས་ནན་བཤད་གནང་ཡོད། ཀོང་ཞིའི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས། ཁོང་གིས“དེ་སྔོན་ང་ཚོས་འབྱོར་འབྲིང་ལ་དམིགས་ཏེ་ཤིན་ཏུ་དབུལ་པོ་ཡིན་པ་ཐག་གཅོད་བྱས་ཡོད། ད་ལྟ་གོམ་སྟབས་གཉིས་ཀྱི་སྟེང་དམ་འཛིན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་འགྲེལ་བཤད་གནང་བ་རེད།
དེང་རབས་ཅན་ནི་ཅི་ཞིག་ཡིན།
དང་ཐོག་ང་རང་ཞིང་སྡེ་རུ་ཐོན་དུས། ས་གནས་དེའི“ཤེས་ཡོན་པ”ཞིག་ངའི་གམ་དུ་རྒྱུགས་ཡོང་ནས་བཤད་རྒྱུར། ད་ནས་བཟུང་སྟེ་ང་ཚོ་དེང་རབས་ཅན་དུ་ཡོད་པས། སྔོན་ཆད་དང་མི་འདྲ། ཁང་པའི་སྟེང་འོག་ཀུན་ཏུ་གློག་དང་ཁ་པར་ཡོད་ལ། ཤ་མོག་དང་ཤ་ཁུ་སོགས་འཐུང་རྒྱུ་ཡོད། སྔོན་ཆད་ཞིང་སྡེ་རུ་རེ་སྨོན་བྱེད་པའི་འདུན་པ་ལྟར། ད་ལྟའི་ཀྲུང་གོའི་ས་གཞི་ཆེན་མོའི་སྟེང་དུ་ཁྱིམ་ཚང་ཕལ་བ་རྣམས་ཀྱིས་དངོས་གནས་རྒྱུན་ལྡན་གྱི་འཚོ་བ་རོལ་བཞིན་ཡོད།
དུས་སྐབས་ཤིག་ལ་དུས་སྐབས་ཤིག་གི་ལས་འགན་དང་འགན་འཁྲི་ཡོད་ཅིང་། མི་རབས་གཅིག་ལ་མི་རབས་གཅིག་གི་ལས་འགན་དང་འགན་འཁྲི་ཡོད་པས། “ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དམིགས་འབེན་ལ་དམིགས་ཏེ། གོང་འོག་སེམས་པ་གཅིག་མཐུན་ཡོང་བར་བྱེད་དགོས།”
གོང་འོག་སེམས་པ་གཅིག་མཐུན་བྱུང་ན་རྒྱལ་ཁ་ཐོབ་ཐུབ། དཀའ་ཚེགས་ཆེ་ཤོས་ཀྱི་བྱ་གཞག་དང་ལས་འགན་ལྗིད་ཤོས་ཀྱི་མདུན་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དུང་ཕྱུར་མང་པོ་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་བྱ་བ་སྒྲུབ་པ། མཉམ་དུ་འབད་བརྩོན་བྱེད་པ། མཉམ་དུ་འབད་འཐབ་བཅས་བྱེད་བཞིན་ཡོད།
“མིག་སྔའི་ལས་འགན་གལ་ཆེ་ཤོས་ནི་ཕུ་ཐུང་བརྫེས་ནས་འབད་པས་སྒྲུབ་པ་དང་། ཏན་ཏན་ཏིག་ཏིག་སྒོས་ཏང་གི་ཚོགས་ཆེན་ཐེངས་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་ནས། ཕན་འབྲས་དངོས་ཐོན་པར་བྱེད་རྒྱུ་དེ་རེད། དེ་ནི་ང་ཚོས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་ཤིན་ཏུ་དབུལ་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་རྗེས་ཀྱི་ཁས་ལེན་གསར་པ་ཞིག་ཡིན”ཞེས་གསུངས་བ་རེད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་མིས་མ་འོངས་པར་དམིགས་ནས་ཁས་ལེན་དམ་བཅའ་བཞག་པ་ཞིག་རེད།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།