“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ནས་སྐྱེ་ཁམས་སྔོན་ལ་འཇོག་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས།
སྟོན་དུས་སུ་ཚོགས་འདུ་གཟབ་རྒྱས་ཤིག་འཚོགས་པར་རྒྱལ་ཡོངས་ཀྱིས་དོ་ཁུར་དང་འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་བཞིན་ཡོད།
ཞིང་ཆེན་ཡོངས་ཀྱི་ཏང་ཡོན་གྱི་མངགས་བཅོལ་ནན་མོ་ཕྲག་ཏུ་འཁུར་བ་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་བ་བརྟན་པོ་ཡིད་ལ་བཅངས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་པེ་ཅིན་དུ་ལྷན་གཅིག་ཏུ་འཛོམས། “ ཏང་གི་ཚོགས་ཆེན་ཉི་ཤུ་བའི་སྐབས་དོན” གསར་དུ་ཕྱེས་བ་དང་། འཐུས་མི་ཚོའི་གཏམ་བཤད་ཁྲོད་མཚོ་སྔོན་གྱི་གཏམ་རྒྱུད་སྔར་ལས་ངོ་མཚར་ལྡན་པ་དང་མཚོ་སྔོན་གྱི་རྒྱུགས་ལན་སྤྲོད་པ་ནི་སྔར་ལས་ཡིད་སྤྲོ་བ་ཞིག་རེད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མཚོ་སྔོན་གྱིས་གོམ་སྟབས་རེ་རེ་བཞིན་དང་ཏན་ཏན་ཏིག་ཏིག བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་དུ་བསྐྱོད་དེ། རྒྱུན་ཆད་མེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་མཐོ་སྒང་གི་ས་གཞི་ཆེན་པོ་ནས་དོན་འཁྱོལ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་བས། ལས་དོན་སྣ་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པ་ཐོབ་ཡོད།
“ང་ཚོས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ནུས་ལྡན་སྒོས་ཁྱད་བསད་བྱས་ཏེ། ཐོབ་དཀའ་བའི་འཕེལ་རྒྱས་དང་ཡར་ཐོན་གྱི་གྲུབ་འབྲས་བླངས་བའི་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་དང་ལྡན་པའི་འགོ་ཁྲིད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མཛུབ་སྟོན་ཡོད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་། སྐུ་དངོས་ཀྱིས་མཛུབ་སྟོན་དང་སྐུ་དངོས་ཀྱིས་བཀོད་སྒྲིག་གནང་བ་དེའི་རྐྱེན་རེད”། རླབས་ཆེན་གྱི་བྱ་གཞག་ལས་ནམ་ཡིན་ཡང་རིན་ཐང་བྲལ་བའི་ཉམས་མྱོང་འབྱུང་སྲིད་པ་དང་། རླབས་ཆེན་གྱི་ལག་ལེན་ལས་ནམ་ཡང་བློ་སྒོ་ཆེན་པོ་འབྱེད་ཐུབ།
མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་བརྩེ་སེམས་ཟབ་མོ་སྟོང་ཟད་དུ་གཏོང་མི་རུང་།
འདི་ནི་བརྩེ་བ་ཟབ་མོ་བཅངས་བའི་ཐུགས་ཁུར་ཞིག་ཡིན་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་ཐེངས་གཉིས་གནངས་པ་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ཞུགས་ནས་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་དྲོ་སྐྱིད་ཚད་མེད་སྦྱིན།
འདི་ནི་མངགས་བཅོལ་ནན་མོ་ཞིག་ཡིན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། མཚོ་སྔོན་གྱི་འཕེལ་རྒྱས་ལ་འཆར་གཞི་བཀོད་པ་དང་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། མཚོ་སྔོན་གྱི་ལས་དོན་ལེགས་པོར་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
ཐུགས་ཁུར་དང་བརྩེ་བ་ཟབ་མོ་དེས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་བསྐྲུན་པ་དང་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
ལོ་བཅུ་པོ་འདི་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཆེས་ཆེ་ཞིང་། སྐྱེ་ཁམས་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་ལོ་རྒྱུས་རང་བཞིན་དང་། དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་བའི་ལོ་བཅུ་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ལོ་བཅུ་དང་། གནད་འཁེལ་དབུལ་ཐར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་མི་དམངས་ཀྱི་འཚོ་བ་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུནཔ་བཅས་དུས་བཅད་ལྟར་མངོན་འགྱུར་བྱུང་བའི་ལོ་བཅུ་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པའི་ལོ་བཅུ་དང་། ཏང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐོབ་པའི་ལོ་བཅུ་རེད།
ལོ་བཅུའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ཐད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཧའེ་ཡན་རྫོང་གསེར་ཐང་ཡུལ་ཚོ་ཏུང་ཏ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉིག་ཧྲིན་ཡུག་ལ་མྱོང་ཚོར་ཟབ་མོ་ཞིག་ཡོད་དེ། “དབུལ་ཐར་མཁྲེགས་གཏོར་བྱེད་པ་ནས་གྲོང་གསེབ་དར་སྤེལ་གཏོང་བའི་བར་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན་པས་ང་ཚོའི་ད་ལྟའི་འཚོ་བ་ཧ་ཅང་སྐྱིད”། ཉིག་ཧྲིན་ཡུག་གིས་བཤད་རྒྱུར། གཞི་རིམ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་དང་བླང་བྱ་གཞིར་བཟུང་སྟེ། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། ཡུལ་མི་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དབུལ་ཐར་བྱུང་རྗེས་གྲོང་གསེབ་དར་སྤེལ་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། སྡེ་མི་རྣམས་ལ་ལས་ཀ་ཡོད་པ་དང་མདུན་ལམ་ཡོད་པ། རེ་བ་ཡོད་པ། ཡོང་སྒོ་ཡོད་པ་བཅས་བྱེད་རྒྱུ་ཡིན།
ང་ཚོར་མྱོང་ཚོར་ཟབ་མོ་ཞིག་བྱུང་བ་ནི་མཚོ་སྔོན་གྱི་ལས་དོན་བཟང་པོར་བསྒྲུབ་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་བྱ་སྤྱོད་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དེ་རྩ་བའི་གཞི་འཛིན་སར་བྱས་ནས། བློ་བརྟན་འགྱུར་མེད་དང་རང་རྟོགས་ཀྱི་སྒོ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། བློ་རྩ་བརྟན་ཞིང་རང་རྟོགས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་ཇུས་འགོད་གནང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུའི་ནང་ཕྱོགས་བསྡོམས་དེ་ལྟར་བྱས་ཡོད།
སེམས་པ་ཏང་ལ་ཕྱོགས།
ཡང་དག་པའི་འགྲོ་ལམ་བརྒྱུད་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་ཙོང་ཆུའི་གཞོང་ས་དང་། ཞིང་བའི་ལྷས་ར་ཆུང་ཆུང་ནས་ལས་ཁུངས་དང་སྡེ་ཁུལ། ཏང་ཡོན་ལས་བྱེད་པ་ནས་གཞི་རིམ་མང་ཚོགས། དྲ་བའི་ཕྱི་ནང་ཀུན་བཅས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། “གཏན་འཁེལ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་བྱས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བྱ་སྤྱོད་དངོས་སུ་གྱུར་ཡོད།
ལོ་བཅུའི་རིང་ལ། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི‘རྒྱལ་ཁབ་ཀྱི་དོན་ཆེན’ཡིན་ཞེས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཡོལ་བ་ཇེ་བརྟན་དུ་བཏང་ཞིང་། “དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་པ་ཞིག་ཏུ་འགྱུར་བར་བྱ་དགོས”ཞེས་པ་དེ་ཉིན་བཞིན་མི་སེམས་སུ་ཟུག་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དེའི་ཐད་བཏོན་པའི་འབད་བརྩོན་དང་བྱ་སྤྱོད་སྔར་ལས་བརྟན་ཞིང་རང་རྟོགས་སུ་གྱུར་ཡོད། །
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་མཚོ་སྔོན་པོའི་ཉ་མོ་སྲུང་སྐྱོབ་ལྟེ་གནས་ཀྱི་ཁྱབ་སྤེལ་ཞིབ་འཇུག་པ་ཆིས་ཧུང་ཧྥང་གིས་དུས་ཡུན་རིང་པོར་མཚོ་སྔོན་པོའི་ཉ་མོ་སྲུང་སྐྱོབ་བྱེད་པའི་བྱ་བ་སྒྲུབ་བཞིན་ཡོད། ཁོ་མོས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་པོའི་ཉ་རིགས་ཀྱི་ཐོན་ཁུངས་དེ2021ལོར་ཏུན་འབུམ་གཅིག་ལྷག་ཏུ་བསླེབས་ནས2000ལོའི་ལྡབ42འཕར་བ་དང་། གཞི་གྲངས་དེའི་རྒྱབ་ཏུ་སྟོངས་ལ་ཉེ་བ་ནས“ ཕྱེད་ཀ་ནི་ཆུ་དང་ཕྱེད་ཀ་ནི་ཉ”ཡིན་པའི་སྐྱེ་ཁམས་ཀྱི་མཛེས་པ་སླར་ཡང་མངོན་ཡོད་ལ། གཞི་གྲངས་དེའི་རྒྱབ་ཏུ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱང་མངོན་ཡོད།
ད་ལྟའི་མཚོ་སྔོན་དུ་མི་དང་རང་བྱུང་ཁམས་སྔར་ལས་འཆམ་མཐུན་ཡིན་པ་དང་། འཛམ་གླིང་སྐྱེ་བོ་ཀུན་ལ་དྭངས་ཤིང་གཙང་བའི་རི་ཆུ་དང་། ལྗང་མདོག་གི་རྩྭ་ཐང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཛེས་སྡུག་གི་རི་མོ་ཞིག་མངོན་ཡོད།
ལོ་བཅུའི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི “ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པའི”བླང་བྱ་གལ་ཆེན་བརྩི་སྲུང་ནན་མོ་བྱས་ཏེ། ཆ་ཚང་ཞིང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱིས་སྣེ་ཁྲིད་ནས། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་ཧུར་ཐག་གིས་བཙུགས་ཤིང་། ལོ་བཅུའི་རིང་ལ་དཔལ་འབྱོར་བསྡོམས་གྲངས་ལོ་རེར་ཆ་སྙོམས་ཀྱིས7%འཕར་བ་དང་། རིགས་བསྒྱུར་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་སྔར་ལས་མངོན་གསལ་དུ་གྱུར་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྔར་ལས་ཡངས་ཤིང་རྒྱ་ཆེ་བར་གྱུར།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཀང་གིས་བཤད་རྒྱུར། “ང་ཚོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བློ་བརྟན་འགྱུར་མེད་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་ཕྱོགས་ཡོངས་ནས་གསར་གཏོད་བྱས་ཏེ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་བ་དང་། གསར་སྐྲུན་སྒུལ་ཤུགས་ཀྱིས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། དཔལ་འབྱོར་གྱི་སྤྱི་གྲངས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་། སྤུས་ཚད་ཕན་འབྲས་རྒྱུན་མཐུད་ངང་ཇེ་མཐོར་སོང་།
ད་ལྟའི་མཚོ་སྔོན་དུ་རིགས་སྒྱུར་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་སྔར་ལས་མངོན་གསལ་ཡིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཡངས་ཤིང་མདུན་ལྗོངས་རྒྱ་ཆེ་བ་རེད།
ལོ་བཅུའི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། མི་རིགས་སོ་སོ་སེ་འབྲུ་བཞིན་དམ་དུ་འབྲེལ་བའི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་བཅངས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་ཚད་གཏིང་ཟབ་ཏུ་བཏང་བ་དང་། རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་ནང་སྤུན་ཟླའི་མཛའ་མཐུན་དང་ཕན་ཚུན་རོགས་རེས་བྱས་ནས། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་རྣམ་པ་གསར་པ་གསར་སྐྲུན་བྱས་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་མཚོ་སྔོན་ཞིང་ཆེན་འགྲིམ་འགྲིལ་བཟོ་སྐྲུན་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཧན་ཧྲི་ཡིས་བཤད་རྒྱུར། “ཟ་ལར་རིགས་ཀྱི་ཏང་གི་འཐུས་མི་ཞིག་ཡིན་པའི་ཆ་ནས། ང་ལ་ཕ་ཡུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐད་མྱོང་ཚོར་ཟབ་མོ་ཡོད། ཞུང་ཧྭ་ནི་རྒྱལ་ཡོངས་ཀྱི་ཟ་ལར་རིགས་རང་སྐྱོང་རྫོང་ ཁོ་ན་ཞིག་ཡིན་པ་དང་ཟ་ལར་རིགས་དང་། བོད་རིགས། ཧོས་རིགས་སོགས་གྲངས་ཉུང་མི་རིགས་ཀྱིས་སྤྱིའི་མི་གྲངས་ཁྲོད་ཟིན་པའི་བསྡུར་ཚད་ཅུང་མཐོ་བ་དང་། མི་རིགས་མང་པོ་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ཀྱི་དཔེ་མཚོན་ས་ཁུལ་ཞིག་ཡིན། ལོ་མང་པོའི་རིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ཁྲོད། མི་རིགས་སོ་སོར‘ཁྱོད་དང་ང་ཞེས་པའི་དབྱེ་བ་མེད་པར་ང་ཚོ་ཚང་མ་ཕན་ཚུན་འབྲལ་ཐབས་མེད་པའི’སྣ་མང་གཞི་གཅིག་གི་རྣམ་པ་ཞིག་ཆགས་ཡོད”། ཞུང་ཧྭ་ཡི་མི་རིགས་མཐུན་སྒྲིག་ཡར་ཐོན་གསར་འཛུགས་ལས་དོན་ནི་མཐོ་སྒང་གི་ས་གཞི་ཆེན་པོའི་སྟེང་བཞད་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རེ་རེའི་ཁྲོད་ཀྱི་མེ་ཏོག་རྐང་གཅིག་ཡིན།
ད་ལྟའི་མཚོ་སྔོན་དུ་རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་སྒྲིལ་མཛའ་མཐུན་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། ལྷག་བསམ་ཟོལ་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་བློ་ཁ་ཕྱོགས་པ། བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱིན་ཡོད།
ལོ་བཅུའི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཏང་གི་ཆབ་སྲིད་དང་། བསམ་བློ། རྩ་འཛུགས། ཀུན་སྤྱོད། སྒྲིག་ཁྲིམས་བཅས་དང་དེ་བཞིན་ལམ་ལུགས་འཛུགས་སྐྲུན་དམ་འཛིན་ནན་མོ་བྱས་ཏེ། ཏང་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བས། ཏང་གི་དར་ཆ་དེ་མཐོ་སྒང་གི་ས་གཞི་ཆེན་པོའི་སྟེང་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཁྲི་ཀ་རྫོང་ཧི་དབྱིན་གྲོང་རྡལ་ལིན་དབྱིན་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དབྱང་ཡོན་གྱིས་སྡེ་ཁུལ་དུ་བྱ་བ་སྒྲུབ་ནས་ད་ལྟའི་བར་ལོ20ཙམ་འགོར་ཡོད། ཁོ་མོ་ཡོད་སའི་སྡེ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྡོད་དམངས་ཀྱི་བསམ་ཚུལ། དགོས་མཁོ། རེ་སྒུག་བཅས་ལ་དམིགས་ཏེ། དམངས་ཕན་སྟབས་བདེའི་ཞབས་ཞུའི་ཐབས་ལམ་འཚོལ་ཞིབ་དང་བྱ་བའི་རྐྱེན་སྲོལ་སྣ་ཚོགས་གསར་སྐྲུན་བྱས་ནས། འཐབ་འཛིང་བཙན་རྫོང་གི་ནུས་པ་དེ་སྡོད་དམངས་ལ་འདོན་སྤེལ་ལེགས་པོ་བྱས། དབྱང་ཡོན་གྱིས་བཤད་རྒྱུར། “ཏང་གི་འགོ་ཁྲིད་འོག་ང་ཚོས་ཞབས་ཞུ་སྔར་ལས་ཞིབ་ཚགས་དང་སྔར་ལས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། མང་ཚོགགས་ཀྱི་འཚོ་བ་སྔར་ལས་བཟང་ཞིང་དགའ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་རྒྱུའི་ཡིད་ཆེས་བརྟན་པོ་ཡོད།
ད་ལྟའི་མཚོ་སྔོན་དུ་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་སྟེ། མི་རིགས་ས་ཁུལ་དུ་ཏང་གི་སྲིད་འཛིན་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་ཡོད།
མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པའི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་གཞི་རིམ་དུ་དམ་འཛིན་དང་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱེད་རྒྱུ་གལ་ཆེ་བ་རེད།
སྐྱོད་ལམ་གསར་བའི་ཐོག་བསྐྱོད་པ་དང་དུས་རབས་གསར་པར་མདུན་སྐྱོད་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་གནས་བབ་དང་ལྷག་པར་དུ་སྐྱེ་ཁམས་བདེ་འཇགས་དང་། རྒྱལ་ཁོངས་ས་ཁོངས་བདེ་འཇགས། ཐོན་ཁུངས་ནུས་རྒྱུའི་བདེ་འཇགས་བཅས་ཀྱི་གནས་བབ་སྔར་ལས་གལ་ཆེ་བ་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་མངག་བཅོལ་གལ་ཆེན་ཞིག་ཡིན་ལ། དུས་རབས་ཀྱིས་ང་ཚོར་སྤྲད་པའི་ལས་འགན་ལྗིད་མོ་ཞིག་ཀྱང་རེད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཚའེ་ཁྲིན་ཡུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་ཉན་རྗེས་མྱོང་ཚོར་ཟབ་མོས་བཤད་རྒྱུར། སྙན་ཞུའི་ནང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བླང་བྱ་གསར་པ་བཏོན་ཡོད་པ་དེས། ང་ཚོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་མཁན་དང་དེ་བཞིན་ཀྲུང་ཧྭའི་ཆུ་མཛོད་ཀྱི་ལྟ་སྲུང་བ་བཅས་ལ་བླང་བྱ་སྔར་ལས་མཐོ་བ་དང་ཚད་གཞི་སྔར་ལས་མཐོ་བ་བཏོན་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། སྔར་ལས་ཞིབ་ཚགས་དང་སྔར་ལས་དོན་འཁྱོལ་བྱས་ནས‘གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར’འགན་ལེན་བྱ་རྒྱུ་ཡིན”།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་འཐུས་མིའམ་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རྫོང་དཔོན་མྭ་ཞའོ་ཡུས་ཀྱིས་བཤད་རྒྱུར། “གཞི་རིམ་ནས་ཡོང་བའི་འཐུས་མི་ཞིག་ཡིན་པའི་ཆ་ནས། ང་ཚོའི་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ཁྲོད་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་སྤྲོ་བ་ཆེན་པོ་སྐྱེས་པ་དང་ཆབས་ཅིག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། ངས་གཟི་བརྗིད་དེ་འགན་འཁྲི་དང་། ཡིད་ཆེས་དེ་སྒུལ་ཤུགས་སུ་བསྒྱུར་བ་དང་། འགན་འཁྲི་དེ་འཁུར་ཕོད་པ་བཅས་བྱས་ནས། སྐྱོད་ལམ་གསར་བའི་སྟེང་དཔའ་ངར་ཆེན་པོས་སྔོན་ལ་བརྩོན་ལེན་དང་བྱས་རྗེས་འཇོག་རྒྱུ་ཡིན”།
མ་འོངས་པར་རྒྱང་ལྟ་བྱས་ན། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་བཅོལ་ཡོད་པ་དང་། མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཟབ་མོ་མཚོན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། བརྩོན་པའི་རྒྱུན་མ་ལྷོད་པར་ ཉིན་རེ་བཞིན་འབད་བརྩོན་བྱེད་པ་དང་། དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ། དུས་རྟག་ཏུ་ལས་དོན་མཐའ་དག་འབད་པས་སྒྲུབ་པ་བཅས་བྱས་ཚེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།