ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་མཆོང་སྐྱོད་གསར་པ་གླེང་བ།
འདི་ནི་ཀྲེ་ཅང་ཉིན་པོ་ཀྲིག་ཧྲན་གྲུ་ཁ་རེད། (2021ལོའི12ཚེས24ཉིན་མི་མེད་གནམ་གྲུས་བླངས།)ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ། (ཐང་ཅན་གྱིས་པར་བླངས།)
མི་རིགས་ཤིག་དུས་རབས་ཀྱི་མདུན་གྲལ་དུ་ཚུད་དགོས་ན། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་གཏན་ནས་མེད་པ་དང་། བསམ་བློའི་ཁྲིད་སྟོན་ཡང་དག་པ་གཏན་ནས་མེད་པ་བྱེད་མི་རུང་།
“ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསར་གཏོད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་གསལ་བོ་བཟོ་བ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ཡོད།”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ནང་མངོན་གསལ་སྒོས་ཁྱབ་སྒྲོག་བྱས་པ་སྟེ།དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིར་ལོ་རྒྱུས་ཀྱི་རང་རྟོན་དང་ལོ་རྒྱུས་ཀྱི་རང་རྟོགས་ཟབ་མོར་ཡོད་དགོས་པ་རྟགས་མཆན་བཀོད།
བདེན་དོན་གྱི་དཔལ་འབར་མཐོ་རུ་བསྒྲེངས་ཚེ།མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་མཐོང་ཐུབ་ངེས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སྟོན་འོག ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བསམ་བློའི་རང་འགུལ་དང་ལོ་རྒྱུས་ཀྱི་རང་འགུལ།འཕེལ་རྒྱས་ཀྱི་རང་འགུལ་བཅས་སྔར་ལས་མཐར་ཕྱིན་པ་བྱས་ནས།དཔའ་ངར་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་ཐོག་བསྐྱོད་དེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་མདུན་བསྐྱོད་བྱེད་དགོས།
མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་བ་གསར་འབྱེད་བྱེད་དགོས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་ད་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་ལ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཀྱང་ཡིན་ངེས།
2022ལོའི་ཟླ10ཚེས16ཉིན་གྱི་སྔ་དྲོ། བགྲང་ལས་འདས་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་གྱི་དཔང་པོར་གྱུར་བའི་མི་དམངས་ཚོགས་ཁང་ཆེན་མོ་རུ། དུས་རབས་ཀྱི་འབོད་སྒྲ་དྲག་པོ་ཡང་བསྐྱར་གྲགས་བྱུང་།
“དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་དེ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་སྙན་ཞུ་ཕུལ་སྐབས་སྤོབས་པ་ཆེན་པོའི་སྒོ་ནས་ཁྱབ་བསྒྲགས་གནང་བའི་གསུང་སྐད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་མཁན་ཡོངས་ཀྱི་རྣ་བའི་གསོས་སུ་སྨིན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་འཛིན་མའི་དཔལ་དུ་བཞད།
“འབྱོར་འབྲིང་ཞེས་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་ཕུགས་འདུན་མངོན་འགྱུར་བྱུང་བ”དང་།“ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཤིན་ཏུ་དབུལ་པོའི་གནད་དོན་ཐག་གཅོད་བྱས་པ།” “རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ།” “མི་དམངས་ཀྱི་འཚོ་བ་ཕྱོགས་མཐའ་ཡོངས་ནས་ཇེ་ལེགས་སུ་ཕྱིན་པ”སོགས་སྙན་ཞུའི་ཁྲོད་ཀྱི་ཚིག་འབྲི་རེ་རེས་སྙིང་བསྡུས་ཟབ་མོ་བྱས་པ་ལས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་མངོན་ཡོད།
སྙན་ཞུའི་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡིན་དགོས་དོན་ཅི་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་དགོས་དོན་ཅི་ཡིན་པ་དེ་མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཡང་དག་པ་དང་། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ཡང་དག་པར་བརྟེན་ནས་བྱུང་བ་རེད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་ཧོང་ཡུས་པེན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ཕྱོགས་སྟོན་གྱི་སྣེ་ཁྲིད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་ལྟར་ཁྲིད་སྟོན་གནང་བས་ཡིན་ཟེར།
དུས་རབས་གསར་པར་སླེབས་དུས།རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་གསར་པ་དང་ལག་ལེན་ལ་བླང་བྱ་གསར་བ་བྱུང་བར་བརྟེན། ཀྲུང་གོ་གུང་ཁྲན་ཏང་མིས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་ལ་འབྲེལ་བ་ཡོད་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་རབ་དང་རིམ་པར་ལན་འདེབས་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད།
བློ་མཐུན་ཞི་ཅིན་ཕིང་ཚབ་བྱེད་ཡིན་པའི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ་དང་། མཐོང་སྣེ་གསར་རྐྱང་གི་ཐོག་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་ཏུ་བྱས་ཏེ། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་བླངས་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་གཅིག་སྡུད་སྒོས་མཚོན་དགོས།
ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཧུའུ་ནན་ཞིང་ཆེན་ཧྭ་ཡོན་རྫོང་ཧྲི་པ་ཏུང་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲི་ཅིན་ཐུང་གིས་ལྷག་བསམ་ཟོལ་མེད་སྒོས་བཤད་རྒྱུར། ཧྲི་པ་ཏུང་སྡེ་བའི་དབུལ་ཐར་གཏམ་རྒྱུད་ལས་གནད་འཁེལ་དབུལ་སྐྱོར་གྱི་བསམ་བློའི་སྟོབས་ཤུགས་ཡོངས་སུ་ཚོར་ཐུབ། ད་ལྟའི་ཧྲི་པ་ཏུང་སྡེ་བ་དེ་དབུལ་པོའི་མེའོ་རིགས་སྡེ་བ་ཞིག་ནས་གནད་འཁེལ་དབུལ་སྐྱོར་གྱི་དཔེ་སྟོན་སྡེ་བ་ཞིག་ཏུ་གྱུར་ཡོད། 2013ལོའི་ཟླ11པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས ཧྲི་པ་ཏུང་སྡེ་བ་རུ། “གནད་འཁེལ་དབུལ་སྐྱོར”ཐོག་མར་བཏོན་ནས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་དབུལ་ཐར་ལ་རྒོལ་བའི་རླབས་ཆེན་འཐབ་རྩོད་ཀྱི་མགོ་བརྩམས་པ་རེད།
དགོངས་པའི་དོན་སྙིང་གིས་ལོ་རྒྱུས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་ཞིང་དུས་རབས་ཀྱི་དྲི་བར་ལན་བཏབ་ཡོད།
མར་ཁེ་སི་རིང་ལུགས་དེ་དུས་རབས་གསར་པའི་ཀྲུང་གོ་རུ་ལག་ལེན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་གདོད་རྩོམ་རང་བཞིན་གྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པར་བརྟེན་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་མཛུབ་སྟོན་མཁོ་འདོན་བྱས་ཡོད།
ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་ཏང་གི་རང་ངོས་གསར་བརྗེར་སྐུལ་སྤེལ་གཏོང་དགོས་པ་བཏོན་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་ལེགས་པོར་འདོན་དགོས་པ་བཏོན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།
ཏང་གི་ལོ་རྒྱུས་ཆེད་མཁས་པ་ཨོ་དབྱང་སུང་གིས་བཤད་རྒྱུར།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་ཧྲིལ་པོའི་ཁྲོད་ནས་ཐོན་པའི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་པའི་གྲུབ་འབྲས་གསར་ཤོས་ཤིག་ཡིན་ཟེར།
“ཚན་རིག་སྤྱི་ཚོགས་རིང་ལུགས་དེ་དུས་རབས་ཉེར་གཅིག་པའི་ཀྲུང་གོར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་གསར་པ་རྒྱས་ཡོད།”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་ཞུ་གནང་སྐབས་ཀྱི་ཆོད་གཏམ་གལ་ཆེན་དེ་ནི་ཤུགས་དང་ལྡན་པ་ཞིག་རེད།
ཚོགས་རར་ཡོད་པའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ལིས་ཏ་ཀྲའོ་ཡི་ཚ་བོ་ལིས་ཧུང་ཐ་ཡིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཡོད་ཟེར།
སྤྱི་ཚོགས་རིང་ལུགས་ནི་ཐོག་མ་ཉིད་ནས་གསར་གཏོད་ཀྱི་ཁྲོད་དུ་མདུན་སྐྱོད་བྱེད་བཞིན་ཡོད།
འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ500ནི་སྟོང་བསམ་ནས་ཚན་རིག་དང་།གཞུང་ལུགས་ནས་ལག་ལེན། རྒྱལ་ཁབ་གཅིག་ནས་རྒྱལ་ཁབ་མང་པོར་འཕེལ་བ་བཅས་ཀྱི་བརྒྱུད་རིམ་དུ། རྒྱལ་ཁའི་གླུ་དབྱངས་མཐོན་པོར་གྱེར་མྱོང་ཞིང་། དཀའ་ཚེགས་ཀྱི་འཚོལ་ཞིབ་ཉམས་སུ་མྱངས་མྱོང་།
དུས་རབས་ཉེར་གཅིག་པར་སླེབས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་སྐབས། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་སྐྲུན་ཐུབ་པ་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལག་ལེན་གྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད་ལ། མར་ཁེ་སི་རིང་ལུགས་ཀྱང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ངོ500ཡི་རིང་གི་ངོ་མཚར་བའི་ལེའུ་བརྩམས་ཡོད།”
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧི་ཡུས་ཐིན་གྱིས་བཤད་རྒྱུར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་དར་སྤེལ་གཏོང་བའི་ཕྱོགས་སུ་སྐྱོད་པའི་སྲོག་ཤིང་ལྟ་བུར་གྱུར་ཡོད་ཟེར།
སི་ཁྲོན་མེ་ཧྲན་དང་སན་སུའུ་མཆོད་ཁང་དུ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རིག་གནས་རྒྱུད་འཛིན་བྱས་ཡོད་ལ། དུས་རབས་གསར་པར་སྔར་ལས་བཀྲག་མདངས་འཚེར་བཞིན་ཡོད།
ད་ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་འདི་རུ་གཟིགས་ཞིབ་གནང་སྐབས།“ཆུ་ཐིག་ལས་ཉི་མ་མཐོང་ཐུབ་པའི་དཔེ་བཞིན་སན་སུའུ་མཆོད་ཁང་གཅིག་པུ་ལས་ང་ཚོའི་ཀྲུང་ཧྭའི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་རྟོགས་ཐུབ་ངེས”ཅེས་གསུངས།
ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། མེ་ཧྲན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཡོན་ཁོན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅིས་རིག་གནས་ཀྱི་རང་རྟོན་ནས་བགྲོད་ལམ་གྱི་རང་རྟོན་སྐོར་གླེང་སྐབས།‘ཀྲུང་ཧྭ་མི་རིགས་ལ་ལོ་ངོ་ལྔ་སྟོང་ལྷག་གི་དུས་ཡུན་རིང་པོའི་དཔལ་ཡོན་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་ལྡན་པ་དང་། ང་ཚོས་མི་དམངས་ཀྱི་སྣེ་ཁྲིད་ནས་སྐྱོད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིན’ཞེས་ནན་གསུང་གནང་ཡོད”ཟེར།
ང་ཚོའི་རྒྱལ་ཁབ་དང་མི་རིགས་ལ་ལོ་རྒྱུས་རིག་གནས་ཀྱི་ཞིང་ས་གཤིན་པོ་ཡོད་ཚེ། ད་གཟོད་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་ལ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཐུབ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་ལས། ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ཟབ་མོ་མངོན་པ་དང་།“མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས”ཞེས་པར། “རྒྱལ་ཁབ་སྐྱོང་བ་རྒྱུན་འཛིན་དང་ དམངས་ལ་ཕན་ཁེ་སྐྲུན་རྒྱུ་རྩ་བར་འཛིན་པའི”དོན་སྙིང་ཟབ་མོ་ལྡན་ཡོད། “མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ”དང“མི་དང་རང་བྱུང་ཁམས་གཞི་གཅིག་ཅན”གྱི་བློ་གྲོས་བསྩལ་བ། “འཛམ་གླིང་གི་དཔལ་ཡོན་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ”དང“རྒྱལ་ཁབ་མང་པོ་དང་མཐུན་འགྲིག་བྱེད་པའི”བློ་རྒྱ་ཆེན་པོ་མངོན་ཡོད།
སྙན་ཞུའི་ནང་ནན་གྱིས་བསྟན་དོན། “མར་ཁེ་སི་རིང་ལུགས་དགོངས་པའི་ཉིང་བཅུད་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་འབྲེལ་མཐུད་དང་། མི་དམངས་མང་ཚོགས་ཀྱིས་ཉིན་བཞིན་བེད་སྤྱོད་བྱས་ཀྱང་ཚོར་མི་ཐུབ་པའི་ཐུན་མོང་གི་རིན་ཐང་འདུ་ཤེས་དང་མཉམ་འདྲེས་བྱས་ནས། རྒྱུན་ཆད་མེད་པར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་བསྣན་དགོས།
ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཧྲན་ཏུང་སྤྱི་ཚོགས་ཚན་རིག་ཁང་རིག་གནས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་བེ་ཡིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཀྲུང་གོའི་ཁྱད་ཆོས་ཟབ་མོ་དང་། ཀྲུང་ཧྭའི་བརྩེ་དུང་ཟབ་མོ། མི་རིགས་ཀྱི་བླ་སྲོག་བཅས་ལྡན་ཡོད་ལ་ལོ་རྒྱུས་ཀྱི་རྟོལ་ཤུགས་དང་། རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་བསམ་པའི་འབོད་སྐུལ་ནུས་པ་ཆེན་པོ་བཅས་ལྡན་ཡོད་པས། ངོ་གནོང་མི་དགོས་པའི་ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་ཟེར།
བསམ་བློའི་སྟོབས་ཤུགས་ལ་མཐའ་མཚམས་མེད།
མར་ཁེ་སི་རིང་ལུགས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རྣམ་པ་གསར་བ་དེ་འཛམ་གླིང་ལ་མངོན་ཚེ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མིག་ཟུང་དེ་ཀྲུང་གོར་ཕྱོགས་ཡོད།
“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་བཏོན་པ་དེའི་ཐོག་ནས། “ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་རྒྱུན་ཆད་མེད་པར་གོ་སྐབས་གསར་པ་འདོན་སྤྲོད་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་ཁེ་སྔར་ལས་ཆེན་པོ་ཐོབ་པར་བྱེད་དགོས་པ་མཚོན་ཡོད་། ”“ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་དགོས”ཞེས་བསྟན་ཡོད་ཅིང་། སྙན་ཞུ་ཡིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་ཇུས་གཞི་བཏོན་ཡོད།
“ ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་ཕུན་སུམ་ཚོགས་ལ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་རེད། ” 《 ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དབྱིན་ཡིག་གི་རྩོམ་སྒྲིག་ཞིབ་བཤེར་ལས་དོན་ནང་ཞུགས་མྱོང་བའི་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཏ་ཝུའེ·ཧྥུའུ་ཀི་སིན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་བར་མ་ཟད། འཛམ་གླིང་ལའང་དེའི་ཁྲོད་ནས་བློ་སྒོ་འབྱེད་ངེས་རེད།
རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས།
མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། ཁོང་དུ་ཆུད་པ། ཁྲིད་སྟོན་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་དུས་རབས་གསར་པའི་ཀྲུང་གོའི་ལག་ལེན་ཁྲོད་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བྱེད་དགོས།
ལག་ལེན་གྱི་རྨང་གཞིའི་སྟེང་ནས་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ན། ཐོག་མར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱས་ཏེ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས།
ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། ངེས་པར་དུ་རང་རྟོན་རང་བརྩོན་རྒྱུན་འཁྱོངས། ངེས་པར་དུ་གཞུང་དྲང་གསར་གཏོད་རྒྱུན་འཁྱོངས། ངེས་པར་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས། ངེས་པར་དུ་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས། ངེས་པར་དུ་གནམ་འོག་བསམ་པ་རྒྱུན་འཁྱོངས་བཅས་བྱེད་དགོས་ཞེས་སྙན་ཞུའི་ནང་རྒྱས་བཤད་བྱས་པའི“ངེས་པར་དྲུག”ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗིད་ཆེའི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་དྲི་བ་དང་འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་འདེབས་པའི་བྱེད་ཐབས་གལ་ཆེན་ཞིག་རེད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ལ་ཉེ་བའི་སྐབས་སུ། ཧྲང་ཧའེ་ཞིན་ཡེ་ལམ་ཧྲི་ཁུའུ་སྒོ་ཆེན་རྙིང་བའི་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དུ་ལྟ་སྐོར་བ་མང་པོ་བསུས་ཡོང་།
དུས་ཚོད་ཀྱི་འགྲོས་ནི་སྐད་ཅིག་ཙམ་རེད། ལོ་ལྔའི་སྔོན་གྱི2017ལོའི་ཟླ10བའི་ཚེས་31ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་རྣམས་ཁྲིད་དེ་གནས་དེར་ཕེབས་ནས་ཚོགས་ཆེན་དང་པོའི་ཚོགས་གནས་ལ་གཟིགས་པ་དང་། ཏང་ནང་དུ་ཞུགས་པའི་དམ་ཚིག་བསྐྱར་དྲན་གནང་ལ། ལོ་རྒྱུས་ཀྱི་ཐོག་མའི་བསམ་འདུན་འཚོལ་ཞིབ་གནང་ནས་ཆབ་སྲིད་ཀྱི་དད་སེམས་ཇེ་བརྟན་དུ་བཏང་ལུགས་ཁྱབ་བསྒྲགས་གནང་།
“1920ལོའིཟླ9བར་པར་དུ་བསྐྲུན་པའི《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་རྒྱ་ཡིག་འགྱུར་དེབ་ཆ་ཚང་གི་འགྲེམས་སྒམ་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཡུན་རིང་ལ་གཟིགས།” ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དྲིལ་བསྒྲགས་སློབ་གསོ་པུའུ་ཡི་ཀྲུའུ་རིན་ཡང་ཡུས་སྐབས་དེ་དུས་སྒྲོག་འགྲེལ་ནང་ཞུགས་ཡོད་པ་སེམས་ལ་གསལ་བོར་དྲན་ཡོད། “སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་ནང་བཞིན། རང་རེའི་ཏང་གི་ལོ་རྒྱུས་ཡོད་ཚད་ནི་ཀྲུང་གུང་ཚོགས་ཆེན་ཐེངས་དང་པོ་ནས་མགོ་བརྩམས་པ་ཞིག་ཡིན་ལ། ང་ཚོ་ལམ་ཐག་ཇི་འདྲའི་རིང་བོར་སོང་ཡང་རང་ཉིད་ཡོང་སའི་ལམ་དེ་བརྗེད་མི་རུང་།”
སྲིད་ཏང་ཞིག་ལ་རྒྱང་རིང་གི་ཕུགས་བསམ་དང་བླ་མེད་ཀྱི་འཚོལ་སྙེག་ཡོད་ན། ད་གཟོད་རང་རྟོན་རང་བརྩོན་དང་ཞུམ་མེད་སྟོབས་དང་ལྡན་ལ་ད་གཟོད་བར་ཆད་རེ་རེ་ལས་རྣམ་པར་རྒྱལ་ཐུབ།
ཅིན་ཀང་རི་བོའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དང་དམར་དམག་རྒྱང་སྐྱོད་དམག་དཔུང་མཉམ་འཛོམས་ཀྱི་དྲན་གསོའི་རྡོ་རིང་། སི་ཕིང་གཡུལ་འགྱེད་དྲན་གསོ་ཁང་སོགས་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་བརྗེའི་ས་རྟགས་བཀོད་ནས་དད་སེམས་ལ་སྦྱོང་བརྡར་ཐོབ་པའི་རྣམ་པ་མཚོན་པར་གནང་བ་དེས་མི་སེམས་འགུལ་བར་བྱེད།
“ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བ་བྱ་རྒྱུ་ནི་ཚེ་གང་པོར་ཞིབ་འཇུག་བྱ་གཞི་ཞིག་ཡིན”པ་ནན་གྱིས་བསྟན། “ཕུགས་བསམ་དང་དད་སེམས་བརྟན་པོ་དེ་ངེས་པར་དུ་མར་ཁེ་སི་རིང་ལུགས་ལ་གོ་བ་གཏིང་ཟབ་ལེན་པའི་སྟེང་ནས་འཛུགས་དགོས་པ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པའི་སྟེང་ནས་འཛུགས་དགོས”ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུགས་བསམ་དང་དད་སེམས་བརྟན་པོ་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འབུངས་ཡར་བརྩོན་གྱིས་སྐྱོད་ལམ་གསར་པར་བསྐྱོད་དགོས།
“ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་མར་ཁེ་སི་རིང་ལུགས་ལ་དད་སེམས་བརྟན་པོས་ཁེངས་པ་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་པོས་ཁེངས་ཤིང་། གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ་བའི”བརྗིད་ཆེའི་བརྩེ་སེམས་ཀྱིས་ཁེངས་ཡོད། འཐུས་མི་ཧོང་ཡུས་པེན་གྱིས་བཤད་རྒྱུར། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་པའི་བསམ་བློ་དེས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་མཚོན་ཡོད་ལ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་མངོན་ཡོད”ཟེར།
“རྒྱལ་སྲིད་ནི་མི་དམངས་ཡིན་ལ། མི་དམངས་ནི་རྒྱལ་སྲིད་ཡིན།” ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཧི་པེ་ཞིང་ཆེན་ཧྥུའུ་ཕེན་རྫོང་ལོ་ཐའོ་ཝན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུའུ་རོས་ལིས་ཀྱིས་ཡུལ་དངོས་ནས་སྙན་ཞུར་ཉན་རྗེས་མྱོང་ཚོར་ཟབ་མོ་བྱུང་།
ཤ་མོའི་རིགས་དང་རི་མགོའི་སིལ་ཏོག་འཕེལ་རྒྱས་བཏང་བ་དང་དམངས་སྡོད་ཁང་གི་ཡུལ་སྐོར་གསར་སྐྲུན་བྱས་པས་ལོ་ཐའོ་ཝན་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། མང་ཚོགས་ལ་ཡོང་སྒོ་མང་པོ་ཡོད་པ་དང་སྡོད་ཁང་གསར་བ་ཡོད་པ། རི་བོ་སྔར་ལས་ལྗང་ཞིང་ཆུ་བོ་སྔར་ལས་དྭངས་པ་བཅས་སུ་གྱུར་བ་དང་། དབུལ་ཐར་བྱས་རྗེས་གྲོང་གསེབ་དར་སྤེལ་ཕྱོགས་སུ་བསྐྱོད་པའི་བགྲོད་ལམ་སྔར་ལས་རྒྱ་ཆེ་ཞིང་འོད་སྟོང་ལྡན་པ་ཞིག་རེད་ཟེར།
འཐུས་མི་ཀུའུ་རོས་ལིས་ཀྱིས་བཤད་རྒྱུར། “བདག་གིས་ཡུལ་མི་ཚོའི་མངགས་བཅོལ་ལྗིད་མོ་ཕྲག་ཏུ་ཁུར་ནས་རེབ་འདིའི་ཚོགས་ཆེན་སྟེང་ཞུགས་ཏེ་ང་ཚོའི་འཚོ་བ་བཟང་པོ་ཡར་ཞུ་བྱེད་རྒྱུ་ཡིན”ཟེར།
2012ལོའི་ཟླ11པའི་ཚེས15ཉིན། གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་མདུན་དུ“མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན”ཞེས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་།
ལོ་ངོ་བཅུའི་རིང་སྤྱི་དོན་ལ་གཞོལ་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དམངས་ཀྱི་སེམས་འདུན་ལ་ཉན་པ་དང་། དམངས་ཀྱི་གནས་ཚུལ་ལ་རྟོག་དཔྱོད། དམངས་ཀྱི་བློ་གྲོས་གཅིག་བསྡུས། དམངས་ཀྱི་དཀའ་ངལ་ཐག་གཅོད་བཅས་བྱས་ཏེ། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་མི་དམངས་ལ་བཞག་པའི་དམ་བཅའ་དོན་གཉེར་བྱས།
དབུལ་ཐར་བྱེད་པར“གཅིག་ཀྱང་ལྷག་མི་རུང”བ་དང་། འབྱོར་འབྲིང་ལམ་དུ“གཅིག་ཀྱང་རྗེས་སུ་ལུས་མི་རུང”བར་བྱས་ཏེ། འཕེལ་རྒྱས་ཀྱི་ཁྲོད་དུ་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། མི་དམངས་ཀྱི་འཚོ་བ་ཕྱོགས་མཐའ་ཡོངས་ནས་ལེགས་བཅོས་བྱུང་ཡོད།།
མི་དམངས་རང་ཁྱིམ་རང་བདག་ལམ་ལུགས་ཀྱི་མ་ལག་དང་མི་དམངས་ཀྱི་ཆེད་དུ་སྲིད་འཛིན་པ། མི་དམངས་ལ་བརྟེན་ནས་སྲིད་འཛིན་པའི་ལམ་ལུགས་སོ་སོ་བཅས་འཐུས་ཚང་དུ་བཏང་ནས། དོན་དངོས་ཀྱི་ཐོག་ནས་མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་ངོ་མ་ཡིན་དགོས། དམངས་སེམས་ནི“ཆེས་ཆེ་བའི་ཆབ་སྲིད”ཡིན་པ་དང་། རུལ་སུངས་ལ་ཁྲིམས་གཅོད་ནན་མོ་བྱས་ཏེ། “སྟག་རྡུང་”དང་“སྦྲང་གསོད”མཉམ་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་འཇོག་པ་དང་གནོད་འཚེ་བཟོ་བའི་རིགས་ལ་དག་ཐེར་བྱེད་པར་ཤུགས་སྣོན་རྒྱག་དགོས།
“དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན།” ཞེས་པའི་སྙན་ཞུའི་ཁྲོད་ཀྱི་ཁྱབ་སྒྲོག་ལས་ཀྲུང་གོ་གུང་ཁྲན་ཏང་མིའི་དམིགས་ཡུལ་གཅིག་བསྡུས་ཀྱིས་མཚོན་ཡོད།
“མི་དམངས་དང་རིང་དུ་གྱེས་པའི་རིགས་པའི་གཞུང་ལུགས་མཐའ་དག་ལ་སྟོབས་ཤུགས་མེད་པ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་མི་ཐུབ་པའི་གཞུང་ལུགས་མཐའ་དག་ལ་གསོན་ཤུགས་མེད།”
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་ཁོང་གཏོགས་རེན་ཅེ་སྨན་ཁང་དབུགས་ལམ་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་ཀྲ་ཆུང་ཧྥང་སྙན་ཞུའི་ཁྲོད་ཀྱི་སྐད་ཆ་ཚིག་གཅིག་ལ་ཚོར་སྣང་ཟབ་མོ་ཡོད་པ་དང་། ཁོ་མོས་དེ་སྔོན་ཝུའུ་ཧན་རུ་ཉིན་མཚན་བཅུ་ལྷག་ལ“རིམས་ནད”ལ་འཐབ་རྩོད་བྱས་མྱོང་ཞིང་།“གསར་སྐྱེས་ཕྲུ་གུ་ནས་ལོ་བརྒྱའི་རྒན་པོའི་བར་གྱི་ཚེ་སྲོག་རེ་རེར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ”དེ་དངོས་སུ་བདེན་དཔང་བྱེད་ཐུབ།
འཐུས་མི་ཀྲ་ཆུང་ཧྥང་གིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་འཇོག་དགོས་ཞེས་ནན་གྱིས་བསྟན། ང་ཚོར་དེའི་ཁྲོད་མྱོང་ཚོར་ཟབ་མོ་ཡོད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་མི་དམངས་དུང་ཕྱུར་མང་པོའི་སེམས་ཁོང་དུ་བྲིས་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་དང་། དེ་ནི་མི་དམངས་ཀྱི་དགའ་སྐྱིད་དང་། མི་དམངས་ཀྱི་ངོས་འཛིན། མི་དམངས་ཀྱི་བཀུར་བའི་གཞུང་ལུགས་ཤིག་ཡིན”ཟེར།
“གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་ཡིན་པ་དང་། གནད་དོན་ཐག་གཅོད་པར་ལན་འདེབས་དགོས་པར་མ་ཟད་མཛུབ་སྟོན་བྱ་རྒྱུ་ནི་གཞུང་ལུགས་ཀྱི་རྩ་བའི་ལས་འགན་ཡིན།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུའི་ཁྲོད་ཀྱི་རྣམ་བཤད་གལ་ཆེན་གྱིས་མི་རྣམས་ལ་བསམ་གཞིགས་ཟབ་མོ་གཏོང་དུ་བཅུག
ཏང་ནང་ཁུལ་དུ་གནས་པའི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་ངོས་ཟིན་གསལ་བོ་མིན་པ་དང་། འགུལ་སྐྱོད་ཀྱི་སྟོབས་ཤུགས་ཞན་པར་དམིགས་ནས་ཏང་གི་འགོ་ཁྲིད་ཉམས་ཞན་ཅན་དང་ཟོལ་མདོག་ཅན། ནུས་མེད་ཅན་སོགས་ཀྱི་གནད་དོན་དངོས་འབེབ་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་པར་གཞུང་ལུགས་དང་ལག་ལེན་གྱི་སྟེང་ནས་ལན་གསལ་པོ་བཏབ་ཡོད།
རང་རྒྱལ་དཔལ་འབྱོར་ལ“དུས་གསུམ་བསྣོལ་བརྩེགས”གྱི་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་ཡང་དག་པའི་བརྡར་གཅོད་དམིགས་ནས།འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་པར་བཏོན་ཡོད།
དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་བྱས་པ་དང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལ་བརྟེན་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་བསམ་བློའི་ཁྲིད་སྟོན་ནུས་པ་འདོན་སྤྲོད་བྱས་ཡོད།
དུས་རབས་གསར་པའི་ཀྲུང་གོའི་བགྲོད་ལམ་སྟེང་གོམ་པ་རེ་རེ་བཞིན་མདུན་དུ་སྐྱོད་པ་དང་། ཀྲུང་གོའི་ས་གཞི་ཆེན་མོའི་སྟེང་གི་འགྱུར་ལྡོག་རེ་རེ་ལ་སྙན་ཞུའི་ནང་བཏོན་པའི“ཀྲུང་གོའི་གནད་དོན་དེ་ངེས་པར་དུ་ཀྲུང་གོའི་གཞི་རྩའི་གནས་ཚུལ་དང་བསྟུན་ནས་ཀྲུང་གོ་བ་རང་ཉིད་ཀྱིས་ལན་འདེབས་དགོས”ཞེས་འགྲེལ་བཤད་ཟབ་མོ་གནང་ཡོད།
“གཏན་འཁེལ་བཅུ”དང་།“རྒྱུན་འཁྱོངས་བཅུ་བཞི”“ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས”བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ལེའུ་མཐུག་པོ་ཞིག་གི་ཁ་ཕྱེས་ཡོད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་བཀོལ་ཏེ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དབྱེ་ཞིབ་བྱེད་པའི་བློ་གྲོས་ཀྱི་སྙིང་བཅུད་མཚོན་དགོས་པ་དང་ཏང་གི་རྩ་བའི་གཞུང་ལུགས་དང་མཛུབ་སྟོན་བསམ་བློར་དུས་བསྟུན་མདུན་སྐྱོད་མངོན་དགོས།
དུས་ཚོད་སྐར་ཆ་རེ་རེའི་ནང་དུ་དོས་སྒམ་རེ་གྲུ་ཁ་ནས་ཡར་སྐྱེལ་མར་ལེན་བྱེད་བཞིན་ཡོད་པ་དང་། ལོ་རེར་དངོས་ཟོག་སྐྱེལ་འདྲེན་གྱི་ཚད་ཏུན་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལས་བརྒལ་བ་དང་། བསྟུད་མར་ལོ13རིང་ལ་འཛམ་གླིང་གི་ཨང་དང་པོ་ཟིན་པ་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་ཉིང་པོ་ཀྲིག་ཧྲན་གྲུ་ཁ་སྡེ་ཚོགས་ཀྱི་འགོ་གཙོ་མའོ་ཅན་ཧུང་གིས་གྲུབ་འབྲས་རྩིས་ཐོ་འདི་འདྲ་ཞིག་འཁྱེར་ཡོང་བ་རེད།
འཐུས་མི་མའོ་ཅན་ཧུང་གིས་བཤད་རྒྱུར། “རིམས་ནད་བྱུང་ནས་ལོ་གཉིས་ལྷག་འགོར་བའི་རིང་ལ། ཉིང་པོ་ཀྲིག་ཧྲན་གྲུ་ཁས་འབྲི་ཆུའི་དཔལ་འབྱོར་རྒྱུད་ལ་བརྟེན་ནས་ཡོ་རོབ་གླིང་དང་ཨེ་ཤ་ཡ་གླིང་གི་སྐམ་ས་ཆེན་མོའི་ཟམ་ཆེན་སྦྲེལ་མཐུད་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་བྱེད་སྟངས་གསར་བ་སྐྲུན་ཡོད”ཟེར།
ལོ་གཉིས་ལྷག་གི་སྔོན་ལ། ཉིང་པོ་ཀྲིག་ཧྲན་གྲུ་ཁ་ནས་རྟོག་དཔྱོད་བྱས་རྗེས་ཡུན་རིང་མ་འགོར་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་བབ་གསར་པའི་བསམ་གཞིགས་བཏང་ནས“རྒྱལ་ནང་གི་འཁོར་སྐྱོད་ཆེན་མོའི་འཛུགས་སྐྲུན་གཙོ་བོ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀར་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས”ཞེས་བསྟན་པ་དང་། དེ་ནི་ཕྱོགས་ཡོངས་ལ་དམིགས་པའི་འཐབ་ཇུས་ཀྱི་འཆར་འགོད་ཞིག་རེད།
“གསར་སྐྲུན་བྱས་ན་ད་གཟོད་དུས་རབས་ཁོང་དུ་ཆུད་ཐུབ་པ་དང་། དུས་རབས་ལ་སྣེ་ཁྲིད་བྱེད་ཐུབ།” གསར་སྐྲུན་བསམ་གཞིགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི་ནུས་པ་གལ་ཆེན་གྲས་ཤིག་རེད།
ཨེན་ཀེ་སིས་གསུངས་པ་བཞིན། མར་ཁེ་སི་ཡི་འཇིག་རྟེན་ཡོངས་ཀྱི་ལྟ་བ་ནི་ལུང་འཛིན་རིང་ལུགས་མ་ཡིན་པར་དེ་ནི་བྱེད་ཐབས་ཤིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གོ་བ་ཟབ་མོ་ལེན་པ་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས་རབ་དང་རིམ་པའི་ནང་དོན་ཟབ་མོ་ལྡན།འཐབ་ཇུས་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རྩོད་སྒྲུབ་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས་བཅོས་སྒྱུར་དང་། འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་འབྲེལ་བ་ཡང་དག་པར་ཐག་གཅོད་བྱས་ནས།བརྟན་འཇགས་ཀྱི་ཁྲོད་གོང་འཕེལ་བརྩོན་པའི་བྱ་བའི་སྤྱིའི་དགོངས་གཞི་གཏན་འཁེལ་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མ་མཐའི་མཚམས་ཐིག་གི་བསམ་གཞིགས་སྤྱད་ནས“བྱ་བ་གང་ཞིག་སྒྲུབ་ཀྱང་ཆེས་མི་བཟང་བའི་ཕྱོགས་ལ་དམིགས་ནས། ཆེས་ལེགས་པའི་ཕྱོགས་ལ་འབད་བརྩོན་བྱེད་པ་དང་། གྲ་སྒྲིག་ཡོད་པ་དང་གདེང་ཚོད་ཡོད་པའི་སྒོ་ནས་དམག་འཐབ་རྒྱག”དགོས་པ་དང་། ཉེན་ཁ་ཚབས་ཆེན་མི་འབྱུང་བའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས།
ཚན་རིག་དང་མཐུན་པའི་བསམ་བློ་དེར་དུས་ཚོད་ཀྱི་ཉམས་སད་ཐེག་པ་དང་ལག་ལེན་གྱིས་དཔྱད་ཞིབ་བྱས་པ་བརྒྱུད་འོད་སྟོང་འཕྲོ་བཞིན་ཡོད།
རླབས་ཆེན་བསྐྱར་དར་ལ་ཁྲིད་སྟོན་བྱེད་པའི་ལམ་ཐག་གསར་པ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་བའི་གཞི་འཛིན་ས་དང་འགུལ་སྤྱོད་ཀྱི་ཕྱོགས་སྟོན་དུ་བྱས་ནས་མུ་མཐུད་དུ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེའུ་གསར་བ་རྩོམ་དགོས།
མར་ཁེ་སིས་ཡོད་ཚད་རང་ཉིད་གནས་སའི་ལོ་རྒྱུས་ཀྱི་ཁོར་ཡུག་ལ་རག་ལས་ཡོད་ཅེས་གསུང་།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེའུ་གསར་བ་མུ་མཐུད་དུ་རྩོམ་པ་ནི་དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་བརྗིད་ཆེའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན”ཞེས་འབོད་སྐུལ་གསར་བ་བཏང་ཡོད།
རིགས་པའི་གཞུང་ལུགས་སྔོན་ཐོན་ནི་ཆེས་མཐར་ཐུག་གི་སྔོན་ཐོན་ཡིན་ལ། བསམ་བློའི་ཐོག་གི་རང་འགུལ་ནི་རང་འགུལ་ཆེས་ཆེ་ཤོས་ཤིག་ཡིན།
འཐུས་མི་དབྱང་ཡུས་ཀྱིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་ཞུའི་ནང་ནན་བཤད་གནང་བ་བཞིན། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་ནི་ང་ཚོའི་ཏང་གི་དད་སེམས་དང་ཡིད་ཆེས་བརྟན་པོར་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱེད་པའི་རྩ་བ་ཡིན།” རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གནས་བབ་ཇི་འདྲའི་རྙོག་འཛིང་ཡིན་ན་ལས་འགན་དེ་ལྟར་དཀའ་ཚེགས་ཆེ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་སྔར་ལས་རྒྱུན་འཁྱོངས་བྱས་ན་དགེ་མཚན་དང་རང་འགུལ། མ་འོངས་བཅས་ཀྱི་རྒྱལ་ཁ་འཐོབ་ཐུབ།
སྙན་ཞུ་ལས་བསྟན་དོན། “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་ངེས་བརྒྱུད་ཀྱི་ལམ་བུ་ཞིག་ཡིན།”
མིག་སྔར། ཀོང་ཏུང་དང་ཧྲེན་ཀྲེན་གཉིས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་དམིགས་འབེན་དུ་བྱས་ནས། བློ་ཁོག་སྔར་ལས་ཆེ་བ་དང་འགོ་རྩོམ་ས་སྔར་ལས་མཐོ་བའི་སྒོ་ནས་བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བཞིན་ཡོད།
ཏང་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ། ཧྭ་ཏ་མཐུན་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཏུའུ་ཡུས་ཐའོ་ཡིས་བཤད་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ཏེ། ངེས་པར་དུ་ཆུ་ཚད་སྔར་ལས་མཐོ་བའི་རང་སྟོབས་རང་སྤེལ་དང་རང་བདག་གསར་སྐྲུན་གྱི་ལམ་བུའི་ཐོག་བསྐྱོད་དགོས། “ང་ཚོས་རིན་ཐང་བྲལ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་གྱིས་མུ་མཐུད་དུ་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དགེ་མཚན་རྒྱུན་མི་ཆད་པར་མངོན་པར་བྱེད་དགོས། ”
སྙན་ཞུ་ལས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས། སྒོ་སྡོམ་མཁྲེགས་བཟུང་གི་ལམ་རྙིང་པར་མི་འགྲོ་ལ།དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་གང་དུའང་མི་འགྲོ་བར་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་རྩར་བཞག་ནས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་དང་མདུན་སྐྱོད་ཀྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི། ཀོང་ཞི་ཚན་རིག་གླིང་གི་ཀོང་ཞི་སྐྱེ་དངོས་ཚན་རིག་དང་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་ཆིན་ཡན་གྱིས་བཤད་རྒྱུར། “ཆེས་རྩ་བར་གྱུར་པ་ནི་ང་ཚོ་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དེ་ཡིན་ལ། འདི་ནི་བློ་བརྟན་འགྱུར་མེད་ཀྱིས་རང་ལམ་དུ་སྐྱོད་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་གནད་འགག་ཡིན།” ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་ཀྱི་ཕྱོགས་སུ་བསྐྱོད་དེ་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གནས་བབ་གསར་བ་གསར་གཏོད་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་འབུལ་དགོས།
སྙན་ཞུའི་ནང་བསྟན་དོན། ད་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཐུབ་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དེ་ཡིན།
འཐུས་མི་ཧོང་དབྱི་པེན་གྱིས་བཤད་རྒྱུར།“སྙན་ཞུའི་ཁྲོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆོད་གཏམ་གསལ་པོ་དང་འཐབ་ཇུས་བཀོད་སྒྲིག་སྐོར་ནས། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་པ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེས་གསར་བའི་འཕེལ་རྒྱས་ཡིན་ཞིང་། དུས་རབས་གསར་བར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསལ་བར་བསྟན་ཡོད།”
ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་པར་མ་ཟད། རང་རྒྱལ་གྱི་གནས་ཚུལ་དང་འཚམ་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ལྡན།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ཀྲེ་ཅང་ཞིང་ཆེན་ཉིན་པོའོ་གྲོང་ཁྱེར་ཧྥིན་ཧྭ་ཁུལ་ཞའོ་ཝང་མོའོ་ལམ་གྱི་ཐིན་ཐིག་སྡེ་བའི་ཏང་ཨུའི་ཧྲུའུ་ཅིའམ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྥུའུ་ཕིང་ཅོན་གྱིས་བཤད་རྒྱུར། “མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་ཡུན་རིང་གི་བརྒྱུད་རིམ་ཞིག་ཡིན་པས། རྒྱུན་འཁྱོངས་ལྷོད་མེད་མ་བྱས་ཚེ་དུས་ཚོད་ཀྱིས་མིར་མི་སྒུག” འཕེལ་རྒྱས་གཏོང་སྟངས་སྣ་ཚོགས་འཚོལ་ཞིབ་བྱས་ནས་མཉམ་དུ་ཕྱུག་པོར་འགྱུར་བའི་དཔེ་སྟོན་ཁུལ་གྱི་མ་དཔེ་འཛུགས་པ་དང་། མི་སྔར་ལས་མང་པོ་ཞིག་ཕྱུག་པོ་འགྱུར་བར་སྐུལ་ཁྲིད་བྱེད་དགོས། “འདི་ནི་ང་ཚོས་དོན་གཉེར་བྱེད་པའི་དམིགས་འབེན།”
སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ཀྱི་འཐུས་མིའི་ཆ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་པེ་ཅིང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ་ཀྲུའུ་རེན་ལིའུ་པའི་ཞན་གྱིས་བཤད་རྒྱུར། “རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་མི་སེམས་སུ་ཟབ་མོར་ཟུག་པ་དེས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་དོན་སྙིང་ཟབ་མོ་གང་ལེགས་ཀྱིས་མངོན་ཡོད། ”
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་ཏང་ལ་ཐུག་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ཀོང་ཏུང་ཞིང་ཆེན་ཧྥུའུ་ཧྲན་གྲོང་ཁྱེར་ཁྲན་ཁྲེང་ཆུས་ཀུའུ་ཙའོ་སྡེ་བའི་ཏང་ཨུའི་ཧྲུའུ་ཅིའམ། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལུའུ་ཞུའུ་ཞིན་ལ་དེའི་ཐད་ཀྱི་མྱོང་ཚོར་ཟབ་མོ་ཡོད་དེ།
ཉེ་བའི་ལོ་འགའི་རིང་། ཀུའུ་ཙའོ་སྡེ་བས“ཏང་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ནས་དཔལ་འབྱོར་དང་དམངས་ཚིས་ལ་འདེགས་སྐྱོར་བྱེད་དགོས”ཞེས་པའི་བསམ་ཕྱོགས་གཏན་འཁེལ་བྱས་ཏེ་སྐབས་ཤིག་རིང་རྩ་འཛུགས་ཁ་ཐོར་དང་འགལ་བ་མང་བའི“གནད་དོན་ཅན་གྱི་སྡེ་བ”དེ་ཐུན་མོང་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་བའི་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་བཅོས་སྐྱོང་གི་དཔེ་སྟོན་སྡེ་བར་གྱུར་ཡོད།
འཐུས་མི་ལུའུ་ཞུའུ་ཞིན་གྱིས་བཤད་རྒྱུར།“དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་བླང་བྱ་དངོས་འབེབ་བྱེད་པ་དང་། རྒྱུན་ཆད་མེད་པར་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་སྐུལ་འདེད་གཏོང་བ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་གི‘དགག་རྡོ’རེ་རེ་བཞིན་གཏོར་དགོས།”
ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་སེམས་བསྐུལ་ཏེ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཚད་ལྡན་གྱི་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་སྙན་ཞུ་ཡིས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད།
“ཕྱོགས་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འགན་ལེན་ཏན་ཏིག་བྱས་ཏེ། ཏང་གིས་སྤྱི་ཡོངས་ལ་སྡེབ་འཛིན་བྱེད་པ་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས།”
ཏང་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ནན་ཅིང་མཁའ་འགྲུལ་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཞུས་ཁྲོན་གྱིས་བཤད་རྒྱུར། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཤིང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། “གཏན་འཁེལ་གཉིས”སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ།ང་ཚོའི་ཏང་ལ་ནམ་ཡང་སྐྱེ་སྟོབས་ཀྱི་གསོན་ཤུགས་ལྡན་པ་དང་རྒྱུགས་སྤྲོད་པའི་ལམ་བུ་གསར་པའི་ཐོག་ཡག་པོ་སྐྱོད་ཐུབ་པ་བྱེད་དགོས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས།