དུས་རབས་གསར་པ་དང་སྐྱོད་ལམ་གསར་པ། གྲུབ་འབྲས་གསར་པ་བཅས་ལ་སྣེ་འཁྲིད་མཁན་གྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཐུན་མོང་།
2022.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཏང་གི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞི་བྱུང་བའི་དངོས་བྲིས།

ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་དེ་དུས་རབས་ཀྱི་སྐྱོད་ལམ་གསར་པའི་སྟེང་སྐྱོད་པ་དང་། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་སླར་ཡང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་མཚོན་རྟགས་རང་བཞིན་གྱི་དུས་སྐབས་ཤིག་བསུས་ཡོང་། 

2022ལོའི་ཟླ10པའི་ཚེས23ཉིན་གྱི་སྔ་དྲོ། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་མི་24ལས་གྲུབ་པའི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་བདམས་ཐོན་བྱུང་བ་དང་། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅུ། བང་ཧུའུ་ཉིན། ཚའེ་ཆི། ཏིན་ཞོའེ་ཞང་། ལིས་ཞིས་བཅས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དུ་བདམས་པ་དང་། ཞི་ཅིན་ཕིང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཁོངས་མིར་གྲོས་འཆམ་བྱུང་ལ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཏན་འཁེལ་བྱས། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བདམས་ཐོན་བྱུང་བའི་འགོ་ཁྲིད་ལས་ཁུངས་ལ་ཆོག་མཆན་བཀོད་པ་རེད།

ཟླ10པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བདམས་ཐོན་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཀྲའོ་ལི་ཅུ། བང་ཧུའུ་ཉིན། ཚའེ་ཆི། ཏིན་ཞོའེ་ཞང་། ལིས་ཞིས་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པར་བཅར་འདྲི་བྱེད་མཁན་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད། པར་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

འབད་བརྩོན་ཆེན་པོས་དམིགས་སར་ཕྱོགས་པའི་སྐབས། གྲུ་གཡོར་འཕྱར་བཞིན་ཡང་བསྐྱར་ལམ་དུ་ཆས།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རང་རྟོན་རང་བརྩོན་དང་དྲང་བདེན་གསར་སྐྲུན།ངར་སེམས་ཆེར་སྐྱེད།དཔའ་བསྐྱེད་མདུན་སྐྱོད་བཅས་བྱས་ཏེ།ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་དམིགས་འབེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

ཕྱོགས་སྟོན་སྣེ་ཁྲིད་བྱས་ཏེ་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་བསྐྲུན་དགོས།

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཁ་ཕྱོགས་དང་སྣེ་ཁྲིད་གནང་བས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་སེམས་གཏིང་ནས་གོང་བཀུར་ཐོབ་པ་དང་། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་བྱས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་ཐུབ་པ་བྱས།

ཟླ10པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བདམས་ཐོན་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཀྲའོ་ལི་ཅུ། བང་ཧུའུ་ཉིན། ཚའེ་ཆི། ཏིན་ཞོའེ་ཞང་། ལིས་ཞིས་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པར་བཅར་འདྲི་བྱེད་མཁན་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད། པར་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་དངོས་ཀྱི་གསར་འགོད་པར་ཕྱག་བརྡ་གནང་བཞིན་པ།

དུས་ཚོད་ཀྱིས་འདས་ཟིན་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་མཚོན་རྟགས་འགོད་སྲིད།

2021ལོའི་སྟོན་དུས་སུ། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པའི་སྤྲོ་སེམས་འཁོལ་བའི་རྣམ་པའི་ཁྲོད། ང་ཚོའི་ཏང་གིས་ཏང་གི་ལོ་རྒྱུས་སྟེང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་དེ་བཟོས་ནས“གཏན་འཁེལ་གཉིས”མངོན་གསལ་སྒོས་བཏོན།

ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དེ་ལས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན།

དེ་ནི་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་ལྷག་པར་དུ་དུས་རབས་གསར་པའི་རླབས་ཆེན་འཕོ་འགྱུར་ལས་ཐོབ་པའི་ལོ་རྒྱུས་ཀྱི་བསྡོམས་ཚིག་གལ་ཆེན་སྤྱི་སྡོམ་ཟབ་མོ་བྱས་ནས། ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ་གཅིག་ཏུ་འགྲིལ་བ་དང་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པར་བྱས་པ་ཞིག་རེད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་རྒྱུན་ལྡན་དང་སྤྱིར་བཏང་གཏན་ནས་མིན་པ་ཞིག་རེད། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཕྱོགས་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་ལ་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བྱས་ཡོད་ལ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་། གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མདུན་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་སྟེ། ཡུན་རིང་ཐག་གཅོད་ཐུབ་མེད་པའི་དཀའ་གནད་མང་པོ་ཞིག་སྒྲོལ་ནས། རྒྱང་རིང་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་བྱ་བ་གལ་ཆེན་མང་པོ་ཞིག་བསྒྲུབས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་འགོ་བརྩམས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ལོ་རྒྱུས་ཀྱིས་རླབས་ཆེ་ཞིང་སྤྱིར་བཏང་མ་ཡིན་པའི་ལོ་ངོ10དེ་བློ་ལ་བརྟན་པོར་ངེས་ཡོད།

ལོ་ངོ10ཡི་རིང་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་པ་དང་། འཐབ་ཇུས་རང་བཞིན་ལྡན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། འཕོ་འགྱུར་རང་བཞིན་ལྡན་པའི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་ལ། ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་རབ་དང་རིམ་པ་མངོན་འགྱུར་བྱུང་བ་དང་། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བཅས་བྱས་པས། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན།

ལོ་ངོ10ཡི་རིང་ལ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པ་བཏོད།

ལོ་ངོ10ཡི་རིང་ལ། ཏང་གི་རླབས་ཆེན་གྱི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ཇེ་ལེགས་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་རྒྱུན་ཆད་མེད་པར་ཆགས་པ་དང་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སོ་སོ་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ཁག་ཐེག་བྱས་ཡོད།

ལོ་ངོ10ཡི་རིང་ལ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་གཏོད་བྱས་པའི་གྲུབ་འབྲས་རླབས་ཆེན་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་མཚོན་པ་དང་། ཏང་སེམས་དང་དམག་སེམས། དམངས་སེམས་བཅས་སྔར་མེད་གོང་བུར་འགྲིལ་ཞིང་ངར་སེམས་འཕེལ་བ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་རླབས་ཆེན་གྱི་མཆོང་སྐྱོད་བསུས་ཡོང་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ལོ་རྒྱུས་ཀྱི་འཕེལ་རིམ་ལྡོག་ཐབས་མེད་པ་ཞིག་ཏུ་སླེབས་པ་བཅས་རེད། ཏང་གི་རྣམ་པ་དང་། རྒྱལ་ཁབ་ཀྱི་རྣམ་པ། མི་དམངས་ཀྱི་རྣམ་པ། དམག་དཔུང་གི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་སྔར་བྱུང་མ་མྱོང་བའི་འཕོ་འགྱུར་བྱུང་ཡོད།

དུས་རབས་ཀྱི་རླབས་རྒྱུན་ཆེན་པོ་དང་གཙོ་འཛིན་མི་སྣ་ནི་ནམ་ཡང་ཕན་ཚུན་གསོ་སྐྱོང་བྱེད་པ་དང་ལོ་རྒྱུས་ཀྱི་འཕེལ་རིམ་དང་བསམ་བློའི་འཕེལ་རིམ་ནི་ནམ་ཡང་ཕན་ཚུན་ཤུགས་རྐྱེན་ཐེབས་ཀྱིན་ཡོད།

འཛམ་གླིང་ཐོག་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་རྙོག་འཛིང་ཆེ་བའི་གནས་བབ་དང་ཉེན་ཁའི་འགྲན་སློང་གི་མདུན་དུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་པ་དང་བསམ་བློ་པ། འཐབ་ཇུས་པ་བཅས་ཀྱི་བརྗིད་ཆེའི་བློ་སྤོབས་དང་། མིག་རྒྱང་རིང་ལ་ལྟ་བ་ཟབ་པ་བཅས་ཀྱིས།  རྒྱལ་ཁབ་ཕྱི་ནང་གི་ཕྱོགས་ཡོངས་ལ་ཇུས་འགོད་གནང་སྟེ། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ལ་སྤྱི་འདོམས་གནང་བ་དང་། དུས་ཐོག་ཏུ་འཐབ་ཇུས་གལ་ཆེན་དང་བཀོད་ཇུས་གལ་ཆེན་བཏོན་པ་དང་། ལས་འགན་གལ་ཆེན་བཀོད་སྒྲིག་བྱས་ཤིང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་འགོ་ཁྲིད་དེ་ཡིད་ཆེས་བརྟན་པོ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་བཅས་བྱས་ནས། ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་ཆབ་སྲིད་ཀྱི་བློ་གྲོས་དང་།  འཐབ་ཇུས་ཀྱི་ངེས་ཤུགས། འགན་འཁྲི་འཁུར་སེམས། དམངས་ལ་བཅངས་བའི་བརྩེ་སེམས། འགོ་ཁྲིད་ཀྱི་སྒྱུ་རྩལ་བཅས་གང་ལེགས་སྒོས་མངོན་པས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་སྙིང་དབུས་ནས་གོང་བཀུར་དང་གུས་བཀུར་ཐོབ་པ་རེད།

དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་སྐབས།  བློ་མཐུན་ཞི་ཅིན་ཕིང་སྐུ་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཕྱོགས་ཡོངས་ལ་འབྲེལ་བ་ཡོད་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་རབ་དང་རིམ་པར་ལན་བཏབ་པ་དང་། ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ཚན་རིག་དང་མཐུན་པར་ལན་བཏབ་སྟེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་གྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསར་དུ་བཏོད་པ་རེད།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་པས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གོ་རྟོགས་གསར་པ་བཏོད་ཡོད།

དུས་རབས་གསར་པའི་ལོ་ངོ་བཅུ་ཡི་རླབས་ཆེན་འཕོ་འགྱུར་ཐོག་ནས་ལོ་རྒྱུས་ཀྱི་གཏིང་ཟབ་པའི་སྡོམ་ཚིག་གསལ་སྟོན་བྱས་ཡོད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་བའི་ཆེས་རྩ་བར་གྱུར་པའི་རྒྱུ་རྐྱེན་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དུ་གྱུར་པ་དང་། ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་པའི་ཕྱོགས་སྟོན་གྱི་དེད་དཔོན་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིད་སྟོན་གནང་བ་བཅས་ཡིན་པས་རེད།

དུས་རབས་གསར་པའི་ལོ་ངོ་བཅུ་ཡི་རླབས་ཆེན་འཕོ་འགྱུར་ལ། དུས་རབས་ཀྱི་རེ་སྒུག་ཟབ་མོ་བཅོལ་ཡོད་པ་སྟེ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་ཐོག་སྔར་ལས་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་གསུམ་གྱི་ལས་འགན་མདུན་དུ། ཏང་གི་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་འགན་ལེན་བྱེད་དགོས་ན། ངེས་པར་དུ“གཏན་འཁེལ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་བྱེད་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ།  ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡུན་རིང་བརྟན་འཇགས་རྒྱུན་འཁྱོངས་བཅས་བྱེད་དགོས། ལོ་རྒྱུས་ཀྱིས་ཞིབ་བཤེར་དང་། ལག་ལེན་གྱིས་ཉམས་སད། འཐབ་རྩོད་ཀྱིས་སྦྱོང་བརྡར་བཅས་བྱས་པའི་ཏང་གི་སྲོག་ཤིང་དང་།  མི་དམངས་ཀྱི་གཙོ་འཛིན། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཀྱིས་མུ་མཐུད་དུ་ཕྱོགས་སྟོན་དང་སྣེ་ཁྲིད་བྱ་རྒྱུ་ནི། ཏང་སེམས་ཀྱི་ཁ་ཕྱོགས་དང་། དམངས་སེམས་ཀྱི་རེ་འདུན།  མི་རྣམས་ཀྱི་རེ་སྒུག་བྱེད་ས་བཅས་ཡིན་ལ། ཏང་གི་བདེ་སྐྱིད་ཆེན་མོ་དང་། རྒྱལ་ཁབ་ཀྱི་བདེ་སྐྱིད་ཆེན་མོ། དམག་དཔུང་གི་བདེ་སྐྱིད་ཆེན་མོ།   མི་དམངས་ཀྱི་བདེ་སྐྱིད་ཆེན་མོ་བཅས་ཀྱང་ཡིན།

སུ་ཞིག་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་དམིགས་འབེན་མངོན་འགྱུར་དང་། སུ་ཞིག་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཐུབ་ན། ལོ་རྒྱུས་ཀྱིས་དེ་འདེམས་སྲིད་པ་དང་། མི་དམངས་ཀྱིས་དེ་ལ་གོང་བཀུར་བྱེད་སྲིད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱེད་སྐབས། བློ་མཐུན་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་བདམས་ཐོན་བྱུང་བ་རེད། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་བསྐོ་བྱེད་སྐབས། བློ་མཐུན་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་བདམས་ཐོན་བྱུང་བ་རེད།  སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞི་འདེམས་བསྐོ་བྱེད་སྐབས། བློ་མཐུན་ཞི་ཅིན་ཕིང་ལ་ཡང་བསྐྱར་འདེམས་ཤོག་ཆ་ཚང་ཐོབ་སྟེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་།

འདེམས་ཤོག་རེ་རེ་དང་ཐལ་མོའི་རྡེབ་སྒྲ་རེ་རེ་ལས་འཐུས་མི་དང་ཨུ་ཡོན་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་གཅིག་ཏུ་འདུས་པ་དང་། ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་ཐག་པ་ནས་གུས་བཀུར་ཞུ་བ་མཚོན་པ་དང་། མི་དམངས་དུང་ཕྱུར་མང་པོས་རླབས་ཆེན་བསྐྱར་དར་གྱི་སྣེ་ཁྲིད་དེད་དཔོན་གྱི་རྗེས་སུ་འབྲངས་ཏེ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་པའི་ཡིད་ཆེས་བརྟན་པོ་མཚོན་ཡོད།

ལོ་རྒྱུས་ཀྱི་རླབས་ཆེན་ལས་འགན་ཕྲག་ཏུ་འཁུར་བའི་ཀྲུང་གོ་གུང་ཁྲན་ཏང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རྡོག་རྩ་གཅིག་སྒྲིལ་དང་། དཔའ་ངར་ཆེན་པོས་མདུན་དུ་སྐྱོད་ནས།  བྱས་རྗེས་ངོ་མཚར་ཅན་གསར་པ་བསྐྲུན་པ་དང་།  རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་ངེས་རེད།

གཟིགས་རྒྱང་རིང་པོས་མཁས་འདེམས་འཇོན་བསྐོ་ལ་གཞོལ་བ།

ཏང་གི་བྱ་གཞག་སྔ་འཛིན་ཕྱི་གཏོད་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་དམིགས་ཏེ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་འོས་མིའི་མིང་འདོན་ལས་དོན་ལ་སྤྱི་འདོམས་ཇུས་འགོད་གནང་བ་རེད།

ཟླ10པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བདམས་ཐོན་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཀྲའོ་ལི་ཅུ། བང་ཧུའུ་ཉིན། ཚའེ་ཆི། ཏིན་ཞོའེ་ཞང་། ལིས་ཞིས་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པར་བཅར་འདྲི་བྱེད་མཁན་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་མདུན་ཕྱོགས་སུ་དྲག་ཏུ་བཞུར་ཞིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱིས་འགག་རྩའི་དུས་རིམ་ཞིག་བསུས་ཡོང་ལ། མདུན་དུ་ལྷགས་པའི་ཕྱི་ནང་གི་ཁོར་ཡུག་ལའང་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད།

གོ་ལ་ཧྲིལ་པོར་རྒྱང་ལྟ་བྱས་ཚེ། འཛམ་གླིང་ལ་ལོ་ངོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་གི་འཕོ་འགྱུར་དང་། དུས་རབས་ཀྱི་འཕོ་འགྱུར། ལོ་རྒྱུས་ཀྱི་འཕོ་འགྱུར་བཅས་ཀྱི་ཁྱད་ཆོས་སྔར་ལས་མངོན་གསལ་དུ་འགྲོ་བཞིན་ཡོད།

རྒྱལ་ནང་ལ་བལྟས་ཚེ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་འཕྲད་ཡོད་པས། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་དགོས་པ་དང་། ཐག་གཅོད་བྱ་དགོས་པའི་འགལ་བ་དང་གནད་དོན་ནི་སྔར་ལས་སྣེ་མང་རྙོག་འཛིང་ཆེ་བ་རེད།

བསྐལ་བརྒྱར་གནས་པའི་རླབས་ཆེན་བྱ་གཞག་གི་འགག་རྩ་ནི་མི་ལ་ཐུག་ཡོད།

ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་འདིར། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་ཐུན་མོང་གི་རེ་འདུན་ཞིག་ཡོད་པ་ནི།  མཐུན་སྒྲིལ་སྲ་བརྟན་དང་ལས་འགན་ལྗིད་མོ་འཁུར་ཕོད་པའི་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་ཞིག་བདམས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུ་ཁྲིད་འོག  མུ་མཐུད་དུ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། འགག་སྒྲོལ་དཀའ་སེལ། འབད་འབུངས་མདུན་སྐྱོད་བཅས་བྱས་ནས་ཉེན་ཁ་དང་ཉམས་སད་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་བདེ་བླག་ངང་མངོན་འགྱུར་ཡོང་བ་བཅས་བྱེད་རྒྱུ་དེ་རེད།

སྐབས་གསར་བའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱུང་ནས། ཀྲུང་གོའི་གྲུ་གཟིངས་ཆེན་པོ་འདིར་སྣེ་ཁྲིད་དེ་རླབས་གཤགས་མདུན་སྐྱོད་དང་བརྟན་བརླིང་ངང་རྒྱང་རིང་དུ་ཇི་ལྟར་སྐྱོད་དགོས་པར་རྒྱལ་ཁབ་ཕྱི་ནང་གིས་དེ་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད།

ཏང་གི་སྒྲིག་ཡིག་ལས་གཏན་འབེབས་བྱས་པ་ལྟར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་བདམས་ཐོན་བྱུང་བ་རེད།

“ང་ཚོའི་ཏང་ནི་ཏང་ཡོན་བྱེ་བ་དགུ་ས་ཡ་དྲུག་ལྷག་ཡོད་པའི་ཏང་ཆེན་པོ་ཞིག་ཡིན་པ་དང་། མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོར་སྲིད་འཛིན་བྱེད་ཀྱིན་ཡོད་ཅིང་། ཕྲག་སྟེང་གི་ལས་འགན་ལྗིད་ལ་འགན་འཁྲི་ཧ་ཅང་ཆེ་བས། ངེས་པར་དུ་ཆབ་སྲིད་བརྟན་པོ་དང་། མཐུན་སྒྲིལ་གཅིག་གྱུར། ཞུམ་མེད་སྟོབས་ལྡན། འབད་འབུངས་ཡར་བརྩོན་བཅས་ཀྱི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་ཅིག་སྒྲིག་འཛུགས་བྱེད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེ་ནི་ཕུགས་རྒྱང་རིང་ལ་བསམ་གཞིགས་གཏིང་ཟབ་པ་ཞིག་རེད།

མིག་རྒྱང་རིང་པོས་ཕྱོགས་ཡོངས་འཆར་འགོད་དང་བསམ་གཞིག་ཟབ་མོས་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་གྱུར་འཆར་འགོད་འོག སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་འོས་མིའི་མིང་འདོན་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ།

2022ལོའི་ལོ་སྟོད་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇི་ལྟར་བྱས་ནས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་འོས་མི་བདམས་རྒྱུའི་གནད་དོན་ལ་གྲོས་བསྡུར་གནང་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་བློ་མཐུན་གྱི་བསམ་འཆར་ལ་ནན་ཏན་གྱིས་གསན།

ཚང་མས་མཉམ་གཅིག་ཏུ། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་ཐེངས་བཅོ་བརྒྱད་པའི་འབྲེལ་ཡོད་བྱེད་སྟངས་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་སྟེང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་འོས་མི་ནང་གྲོས་དང་“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འོས་མིར་རྟོག་ཞིབ་བྱེད་པའི་བྱ་བའི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་། “མིང་མི་འདོན་པའི་གནས་ཚུལ་འོག མི་སྒེར་གྱི་མིང་མི་འབྲི་བར་འདེམ་ཤོག་འཕེན་པར་བརྟེན་ནས་འོས་མི་འོས་སྦྱོར་བྱེད་པ”དང་“འདེམ་སྒུག་པའི་མིང་མི་འདོན་པར་ཐད་ཀར་འདེམ་ཤོག་འཕེན་པ”བྱེད་མི་རུང་བར་གླེང་མོལ་དང་རྟོག་ཞིབ་ཀྱི་བྱེད་ཐབས་སྤྱད་དེ། སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཧྲུའུ་ཅི་ཁྲུའུ་ཡི་ཁོངས་མི་བདམས་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་ཁོངས་མིའི་འོས་མི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མི། དེ་བཞིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ནང་དུ་གསར་དུ་བདམས་པའི་འོས་མི་སོགས་ཁྱབ་ཁོངས་ངེས་ཅན་ནང་ངོ་འཕྲད་ནས་འོས་སྦྱོར་བསམ་འཆར་དང་གྲོས་གཞི་ལ་ཉན་པར་བསྟོད་བསྔགས་བྱས།

2022ལོའི་ཟླ3ཚེས24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་འགོ་འཛིན་མཛད་དེ་ཆེད་དུ་ཞིབ་འཇུག་བྱས་པ་དང་།《སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་འོས་མི་བྱ་བའི་སྐོར་གྱི་གླེང་མོལ་རྟོག་དཔྱོད་ཞིབ་འཇུག་གི་འབྲེལ་ཡོད་བཀོད་སྒྲིག་ཇུས་གཞིར》གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་། གླེང་མོལ་རྟོག་དཔྱད་ཞིབ་འཇུག་དང་འོས་མི་ནང་གྲོས་ཀྱི་བྱ་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐད་ཀར་འགོ་ཁྲིད་གནང་ནས་སྤེལ་བ་དང་། གཙོ་བོ་གཤམ་གྱི་རྩ་དོན་བརྩི་སྲུང་བྱེད་དགོས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་རྒྱུན་འཁྱོངས་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་སྐུལ་འདེད་གཏོང་དགོས་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དངོས་འབེབ་བྱེད་པར་དམིགས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་གི་ཡུན་རིང་སྲིད་སྐྱོང་གི་ནུས་པ་མཐོར་འདེགས་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ཟབ་མོ་གཏོང་དགོས་པ་དང་། ཏང་གི་སྲིད་སྐྱོང་གོ་གནས་མུ་མཐུད་སྲ་བརྟན་དུ་གཏོང་བ། ཏང་གི་བྱ་གཞག་ལ་རྒྱུན་འཛིན་བྱེད་མཁན་ཡོད་པ་དང་དར་རྒྱས་གོང་འཕེལ་ཡོང་བར་དམིགས་ཏེ། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་འགན་སྲུང་བྱེད་དགོས།

ཏང་གི་འགོ་ཁྲིད་སྲོག་ཤིང་གི་གོ་གནས་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་ཐང་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་བདམས་ཐོན་བྱུང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྐབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚན་ཁག་ཧུར་ཐག་དང་བརྟན་པོའི་ངང་ལེགས་འདེམས་དང་སྡེབ་སྒྲིག་ལེགས་པོ་བྱེད་དགོས།

མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པའི་ཚད་གཞི་རྒྱུན་འཁྱོངས་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་འཇོན་མི་བསྐོ་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་དང་ཀུན་སྤྱོད་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། བྱ་གཞག་སྔོན་ལ་འཇོག་པ་དང་གཞུང་དྲང་ཚུལ་མཐུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བླང་བྱ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་ནན་སྲུང་བྱེད་པ། གནད་ལ་འཁེལ་བ་དང་ཚན་རིག་ལྟར་མི་འདེམས་པ་དང་བཀོལ་སྤྱོད་བྱེད་དགོས།

ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དང་། ཏང་ནང་དུ་དམངས་གཙོ་དར་སྤེལ་གང་ལེགས་བྱེད་པ། དམངས་གཙོའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་དགོས། གླེང་མོལ་དང་རྟོག་དཔྱོད་ཞིབ་འཇུག་བྱ་རྒྱུ་དེ་གཙོ་བོ་བསམ་བློ་གཅིག་བསྡུས་དང་ཕན་པ་རྒྱ་ཆེར་སྐྲུན་པ། ངོས་འཛིན་གཅིག་གྱུར་བྱ་རྒྱུ་དེ་ཡིན་ཞིང་། འོས་སྦྱོར་བྱས་པའི་མི་གྲངས་ལ་ཚོད་འཛིན་མི་བྱེད་པ་དང་། འོས་མི་འོས་སྦྱོར་བྱས་པའི་འདེམས་ཤོག་གྲངས་ཀ་དེ་དཔྱད་གཞིར་འཛིན་པ་ལས་སྟབས་བདེའི་འདེམས་ཤོག་ལ་བརྟེན་ནས་མི་སྣ་མི་འདེམས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་གཅིག་གྱུར་གྱིས་བསམ་གཞིགས་དང་། ལས་བྱེད་པའི་ཆ་རྐྱེན་དང་། ཐོག་མཐའ་བར་གསུམ་གྱི་རྣམ་འགྱུར། འགོ་ཁྲིད་ཚན་ཁག་གི་གྲུབ་ཚུལ་གྱི་དགོས་མཁོ་གཞིར་བཟུང་ནས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་འོས་མི་ཞིབ་འཇུག་བྱས་ནས་འདོན་དགོས།

སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ཚན་ཁག་ལ་ལུགས་མཐུན་གྱི་གཞི་ཁྱོན་དང་གྲུབ་ཚུལ་ཡོད་དགོས།

རྩ་དོན་འདི་དག་གཞིར་བཟུང་ནས་ཀྲུང་དབྱང་གིས་འོས་མི་འོས་སྦྱོར་བྱེད་པར་ཆ་རྐྱེན་འདི་དག་འཛོམས་དགོས་སྟེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་ཏང་ལ་བློ་དཀར་དགོས་པ་དང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་ཆེན་པོ་བཅས་ལྡན་དགོས་ཤིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཟབ་མོར་ཆུད་པར་བྱས་ཏེ།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་ཐུབ་པར་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་མཐའ་གཅིག་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ན། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པ་ཚད་ལྡན་ཞིག་རེད།

འགོ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པ་དང་། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ། གསར་བརྗེའི་བྱ་གཞག་སྒྲུབ་པའི་འདུན་པ་ཆེ་བ། བཅོས་སྒྱུར་གསར་སྐྲུན་དང་དངོས་ཐོག་བདེན་འཚོལ་གྱི་སྙིང་སྟོབས་ཡོད་པ། རྩ་དོན་རྒྱུན་འཁྱོངས་དང་། འགན་འཁྲི་འཁུར་ཕོད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དྲག་པོ་ལྡན་པ། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ། ཡང་དག་པའི་སྲིད་དོན་ལྟ་བ་ཡོད་པ། བྱ་བའི་གྲུབ་འབྲས་འབུར་དུ་ཐོན་པ་ཡོད་དགོས།

དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་མོ་དང་། གཞུང་དྲང་ཚུལ་མཐུན། བློ་རྒྱ་ཡངས་པ། བློ་མཐུན་ལ་མཐུན་སྒྲིལ་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་རང་རྟོགས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བྱས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས།

ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱེད་པ་དང་། ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་དང་སྤྱོད་གཙང་རང་གཅུན་གྱི་ཚད་གཞིར་བརྩི་སྲུང་བྱེད་པ། ཀུན་སྤྱོད་བློ་སྦྱོང་བཟང་བ། སྤྱོད་གཙང་གཞུང་དྲང་བྱས་ནས་ཏང་ཕྱི་ནང་དུ་ཟིལ་ཤུགས་དང་སྣང་བརྙན་ཅུང་བཟང་པོ་སྐྲུན་ཡོད།

དེའི་རྨང་གཞིའི་སྟེང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞི་འཛུགས་སྐྲུན་བྱེད་པའི་དོན་དངོས་གཞིར་བཟུང་ཏེ། སྔར་གྱི་བྱེད་སྟངས་དཔྱད་གཞིར་བཟུང་ནས་ཀྲུང་དབྱང་གིས་འོས་སྦྱོར་བྱས་པའི་འོས་མིའི་ཁྱབ་ཁོངས་དང་། ལོ་ཚད། གྲུབ་ཚུལ་བཅས་ལ་བླང་བྱ་གསལ་པོ་བཏོན་ཡོད།

གླེང་མོལ་དང་རྟོག་དཔྱོད་ཞིབ་འཇུག་བྱེད་སྐབས། ཚང་མས་མཉམ་གཅིག་ཏུ་ཏང་ཀྲུང་དབྱང་གི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་འོས་མིའི་བྱ་བའི་སྐོར་གྱི་རྩ་དོན་དར་ཆ་གསལ་སྟོན་དང་། གཙོ་གནད་འབུར་དུ་ཐོན་པར་བྱས་པ་དང་། འོས་མིའི་ཚད་གཞིའི་ཆ་རྐྱེན་གཏན་འཁེལ་གསལ་བོ་དང་། ཁྲིད་ཕྱོགས་མངོན་གསལ་ཡིན་པ་དང་། འོས་སྦྱོར་གྱི་ཁྱབ་ཁོངས་དང་། ལོ་ཚོད་ཚད་དང་རན་པ། གྲུབ་ཚུལ་གྱི་བླང་བྱ་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པ་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཕུགས་རྒྱང་རིང་བའི་བསམ་གཞིག་དང་མིག་རྒྱང་རིང་བ་གང་ལེགས་ཀྱིས་མཚོན་ཡོད་པར་སྙམ།

ཚན་རིག་དང་མཐུན་ཞིང་དམངས་གཙོ་ཡིན་པ་དང་། ཐུན་མོང་གི་ངོས་ཟིན་རྒྱ་ཆེ་ཞིང་གཅིག་བསྡུས་ཡིན་པ།

--སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་འོས་མི་བདམས་ཐོན་བྱུང་བ་དེ་ཡིས་ང་ཚོ་ཏང་གིས་དམངས་གཙོ་དར་སྤེལ་གཏོང་བ་དང་། ཏང་ཡོངས་ཀྱི་བློ་གྲོས་གཅིག་བསྡུས་བྱས་པའི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོ་གང་ལེགས་ཀྱིས་མཚོན་པར་བྱས་པ་དང་། ལོ་བརྒྱའི་རིང་གི་ཏང་ཆེན་པོས་མཁས་འདེམས་འཇོན་མི་བསྐོ་བའི་ཁྱད་སྟོབས་དང་ཉམས་མྱོང་རྩ་ཆེན་མངོན་པར་བྱས་ཡོད།

ཟླ10ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བདམས་ཐོན་བྱུང་མ་ཐག་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལི་ཅི། བང་ཧུའུ་ཉིན། ཚའེ་ཆི། ཏིང་ཞུའེ་ཞང་། ལིས་ཞིས་བཅས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པར་བཅར་འདྲི་བྱེད་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཉམ་དུ་མཇལ་འཕྲད་གནང་། པར་འདི་ནི་ཞི་ཅིན་ཕིང་སོགས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཚོམས་ཆེན་དུ་ཕེབས་བཞིན་པའི་ཚུལ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲད་ཅན་ལན་གྱིས་པར་བླངས།

2022ལོའི་དབྱར་འགོའི་ཞོགས་པ་ཞིག་ལ་པེ་ཅིང་ཀྲུང་ནན་ཧའེ་རུ་ཞོགས་པའི་དུས་ཚོད་བདུན་པར་སླེབས་པ་དང་། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཞིག་སྔ་མོ་ནས་གནས་འདི་གར་སླེབས་ནས་གཟབ་ནན་དང་སྒམ་བརླིང་གི་གླེང་མོལ་བྱེད་པར་གྲ་སྒྲིག་བྱས་འདུག ཉིན་གཉིས་ཀྱི་སྔོན་ལ། ཁོ་རང་པེ་ཅིན་དུ་སླེབས་རྒྱུའི་བརྡ་འབྱོར་བ་དང་། ཀྲུང་ནན་ཧའེ་རུ་ལོག་པའི་རྗེས་སུ། ད་གཟོད་གླེང་མོལ་དང་རྟོག་དཔྱོད་ཀྱི་ནང་དོན་གཞི་ནས་ཤེས་རྟོགས་བྱུང་།

བགྲོ་གླེང་ཁང་དུ་ཁོང་གིས་ཅོག་ཙེའི་སྟེང་བཞག་པའི་རྒྱུ་ཆ་ཁ་ཤས་སྟེ།《གླེང་མོལ་དང་རྟོག་དཔྱོད་ཞིབ་འཇུག་གི་འབྲེལ་ཡོད་བཀོད་སྒྲིག》དང《ད་ལྟའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཏང་ཡོན་བློ་མཐུན་གྱི་མིང་ཐོ》《ཞིང་ཆེན་དང་པུའུ་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་མིང་ཐོ》སོགས་ལ་ཞིབ་གཟིགས་གནང་།

ཞོགས་པའི་དུས་ཚོད་དགུའི་སྟེང་གླེང་མོལ་དངོས་སུ་མགོ་བརྩམ། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་དང་གླེང་མོལ་དུ་ཞུགས་པའི་བློ་མཐུན་རྣམས་ཀྱིས་མཉམ་དུ་གླེང་མོལ་མཛད་ནས།སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་འོས་མིའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཞིབ་ཏུ་ཉན།

འདི་ནི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་འོས་མིའི་ནང་གྲོས་ལས་དོན་གྱི་གླེང་མོལ་དང་རྟོག་དཔྱོད་ཞིབ་འཇུག་ཁྲོད་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་རེད།

2022ལོའི་ཟླ4པ་ནས་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྲེལ་འཚུབ་ཆེ་བའི་བྱ་བའི་ཁྲོད་དུ་ཆེད་དུ་དུས་ཚོད་བཀོད་སྒྲིག་གནང་ནས།ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་ཁུར་མཁན་དག་དང་གླེང་མོལ་མཛད་དེ་ཁོ་ཚོའི་བསམ་འཆར་ལ་ཉན་པ་དང་སྔ་གཞུག་ཏུ་མི་སུམ་ཅུ་ལ་གླེང་མོལ་མཛད།

ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར། 2022ལོའི་ཟླ4པ་ནས་ཟླ7པའི་བར་དུ།ཀྲུང་དབྱང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས་ད་ལྟའི་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་འགོ་ཁྲིད་བློ་མཐུན་གཞན་དག་དང་།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་རིམ་པའི་ཏང་ཡོན་འགན་འཁུར་བློ་མཐུན་གཙོ་བོ།ཞིང་ཆེན་དང་རང་སྐྱོང་ལྗོངས།གྲོང་ཁྱེར་བཅས་ཀྱི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན།དམག་དཔུང་གི་འཐབ་ཁུལ་སོ་སོའི་དམག་སྤྱི་ཆེན་མོ་དང་ཆབ་སྲིད་ཨུ་ཡོན་སོགས་འགོ་ཁྲིད་གཙོ་བོ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་སོགས་ཁྱོན་སྡོམ་མི283གྱི་བསམ་འཆར་ལ་ཉན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་སོ་སོར་ད་ལྟའི་འཐབ་ཁུལ་གཙོ་བོའི་འགོ་ཁྲིད་བློ་མཐུན་དང་དམག་ཨུའི་ལས་ཁུངས་འཐབ་ཁུལ་རིམ་པའི་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ35ཡིས་ཀྲུང་དབྱང་དམག་ཨུའི་འོས་མིར་བཏོན་པའི་བསམ་འཆར་ལ་ཉན།

གླེང་མོལ་དང་རྟོག་དཔྱོད་ཞིབ་འཇུགབསམ་འཆར་ལ་ཉན་པ་དང་ནང་གྲོས་ཡང་ཡང་བྱེད་པ།གྲོས་ཚོགས་ནས་ཐག་གཅོད་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་དེ། རིམ་གྱིས་ནང་གྲོས་བྱས་ནས་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་འོས་མི་བདམས་ཐོན་བྱུང་། འོས་མི་བདམས་ཐོན་གྱི་བརྒྱུད་རིམ་ཧྲིལ་པོའི་སྟེང་ནས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་འདེམ་པའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ་གང་ལེགས་ཀྱིས་མཚོན་པ་དང་རང་རེའི་ཏང་གི་བྱང་ཆུབ་པའི་རང་རྟོན་དང་བློ་རྒྱ་ཆེན་པོ་མངོན་ཡོད།

བརྒྱུད་རིམ་འདི་ནི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་རྒྱུན་འཁྱོངས་དང་ཏང་ནང་གི་དམངས་གཙོ་གང་ལེགས་སྒོས་ནུས་ལྡན་གཅིག་གྱུར་དར་སྤེལ་གཏོང་བའི་བརྒྱུད་རིམ་ཞིག་རེད།

ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་འོས་མི་བདམས་ཐོན་བྱུང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འགག་རྩའི་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད།

མི་འདེམས་སྤྱོད་བྱེད་པའི་ཐད་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་འགོ་ཁྲིད་ལ་ཤུགས་སྣོན་དང་འགག་སྒོ་ཡག་པོ་སྲུང་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་འགོ་ཁྲིད་དང་དམངས་གཙོ་ནི་གཅིག་གྱུར་ཡིན་པ་ལས་ཁ་གཏད་དུ་ལངས་པ་ཞིག་མིན།དེ་གཉིས་ཀྱི་ཕྱོགས་གཅིག་ལས་མི་འཛིན་པ་བྱེད་མི་རུང་ལ་སྟབས་བདེའི་ངང་འདེམས་ཤོག་འཕེན་པ་ལ་བརྟེན་ནས་མི་འདེམས་པ་བྱེད་མི་རུང་།”“ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་ཡོད་པས་རང་རེའི་ཏང་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་།སྒྲིག་སྲོལ་ཆ་ཚང་ཡིན་ལ་མི་འདེམས་སྤྱོད་ཀྱི་ཚད་གཞི་དང་གོ་རིམ་ནི་བསྲེགས་བཅད་བརྡར་གསུམ་བྱས་པ་དང་འཐུས་སྒོ་ཚང་བ་ཞིག་ཡིན”ཞེས་གསུངས།

གླེང་མོལ་དང་རྟོག་དཔྱོད་ཞིབ་འཇུག་ཁྲོད་ཞུགས་མཁན་བློ་མཐུན་ཚོས། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་རྩ་ཆེའི་དུས་ཚོད་དང་ནུས་ཤུགས་འདི་འདྲ་ཆེན་པོ་བཏོན་སྟེ། ཁྱབ་ཁོངས་ཆེན་པོ་འདི་འདྲ་ནས་བསམ་འཆར་ལ་གང་ལེགས་སྒོས་ཉན་པ་དེའི་སྟེང་ནས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་འོས་མིར་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་ལ་ང་ཚོར་ཡིད་ཆེས་ཆེན་པོ་གནང་བ་མཚོན་ཡོད་པས་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་རེད།  དེ་བས་ང་ཚོས་ངེས་པར་དུ་འགན་འཁྲི་ནན་མོ་དང་དངོས་ཐོག་བདེན་འཚོལ་གྱིས་རང་ཉིད་ཀྱི་བསམ་འཆར་དང་གྲོས་གཞི་བཏོན་པ་ཡིན་ཟེར།

“གླེང་མོལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་དུས་ཚོད་ཀྱི་ཚད་བཀག་མེད་ལ་འོས་སྦྱོར་བྱེད་པའི་མི་གྲངས་ཀྱི་ཚད་བཀག་ཀྱང་མེད། ཅི་ཞིག་དྲན་ན་དེ་གླེང་རྒྱུ་དང་འདང་ཅི་ཙམ་དཔོག་ན་དེ་ཙམ་གླེང་རྒྱུ། སུ་ཞིག་ཕུལ་བྱུང་ཡིན་ན་དེ་འོས་སྦྱོར་བྱེད་རྒྱུ་དང་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་འཛུགས་སྐྲུན་ཐད་བསམ་འཆར་དང་གྲོས་གཞི་ཡག་པོ་ཅི་ཡོད་ཀྱང་དེའི་ཐད་གླེང་མོལ་བྱས་ཆོག་པ་རེད”“དེ་ལྟ་བུའི་གླེང་མོལ་གྱི་རྣམ་པར་ལྷོད་ཆ་ཆེ་བ་དང་།སྔོན་ལ་དཔྱད་གཞིར་ལྟ་བ་དང་བསམ་གཞིག་བྱེད་པའི་གྲ་སྒྲིག་གི་དུས་ཚོད་ཀྱང་ཧ་ཅང་འདང་ཚིམས་པས་ང་ཚོས་རང་གི་བསམ་འཆར་དང་དང་བསམ་ཚུལ་ཇི་བཞིན་དུ་བཏོན་པ་ཡིན”ཞེས་གླེང་མོལ་བྱེད་ཡུལ་ཞིག་གིས་དེ་ལྟར་བཤད།

བློ་མཐུན་ལ་ལས་གླེང་མོལ་ཁང་དུ་རྒྱུ་ཆ་ཡང་ཡང་བཀླགས་ཏེ།གླེང་མོལ་གྱི་རྩ་གནད་གྲ་སྒྲིག་ལེགས་པོ་བྱས། བློ་མཐུན་ལ་ལས་འོས་མི་ངོ་སྤྲོད་བྱས་པར་མ་ཟད།ད་དུང་འོས་མིའི་རྣམ་འགྱུར་དང་བྱ་བའི་དཔེ་མཚོན་ཡང་ངོ་སྤྲོད་ཞིབ་མོ་བྱས། བློ་མཐུན་ལ་ལས་གླེང་མོལ་མཇུག་བསྒྲིལ་རྗེས་སུ་ཁ་པར་རྒྱག་པ་དང་འཕྲིན་ཡིག་འབྲི་བ་སོགས་ཀྱི་རྣམ་པ་སྤྱད་དེ་བསམ་འཆར་ལ་ཁ་གསབ་བྱས།

མི་བཀོལ་སྤྱོད་འོས་འཚམ་ཡིན་པ་གལ་འགངས་ཆེ།ཚང་མས་ཐེངས་འདིའི་གླེང་མོལ་དང་བརྟག་དཔྱོད་ཞིབ་འཇུག་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྐབས་གསར་བའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་འོས་མིར་གྲོས་བསྡུར་བྱེད་སྐབས།“རང་འདོད་ལྟར་འདེམས་པ”དང“ཐད་ཀར་དུ་འདེམས་པ”སོགས་མི་བྱེད་པར།གླེང་མོལ་དང་བརྟག་དཔྱོད་ཞིབ་འཇུག་དང་ངོ་འཕྲད་ཀྱིས་བསམ་འཆར་ལ་ཉན་པའི་བྱེད་ཐབས་སྤྱད་པ་དེ་ཧ་ཅང་ཡག་པོ་ཡིན་པ་དང་།  ཡར་ཞུ་བྱས་པའི་བསམ་འཆར་སྔར་ལས་ཆ་ཚང་ཞིང་བདེན་པ་ཡིན་པས།སྤུས་ཚད་སྔར་ལས་མཐོ་བ་དང་ཕན་འབྲས་སྔར་ལས་ཆེ་བའི་དམངས་གཙོ་ཡིན་པ་དང་།ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པའི་བྱེད་ཐབས་བཟང་པོ་ཞིག་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།

བརྒྱུད་རིམ་དེ་ནི་ཚད་གཞི་རྒྱུན་འཁྱོངས་ཀྱིས་སྤྱོད་ཡོན་གཉིས་ལྡན་ཅན་འདེམས་སྒྲུག་བྱེད་པའི་བརྒྱུད་རིམ་ཞིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་འོས་མིར་གྲོས་མོལ་བྱེད་སྐབས་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་བཞག་ནས་ཆབ་སྲིད་ཀྱི་འགག་སྒོ་ནན་མོ་བསྲུངས་ཏེ་སྤྱོད་གཙང་གི་མཐའ་ཚད་བརྟན་པོ་སྲུང་དགོས།

“ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་ཁོངས་མིས་དུས་རབས་ཀྱི་འགན་འཁྲི་ལྗིད་མོ་ཕྲག་ཏུ་འཁུར་ཡོད་པ་དང་མི་དམངས་དུང་ཕྱུར་མང་པོའི་རེ་བ་ཆེན་པོ་བཅོལ་ཡོད་པས་ངེས་པར་དུ་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་པའི་ཚད་གཞིའི་ཐོག་ནས་ཚད་འཇལ་བྱེད་བྱེད་དགོས”ཞེས་གསུངས། གླེང་མོལ་དང་བརྟག་དཔྱོད་ཞིབ་འཇུག་བྱེད་སྐབས།ཚང་མས་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་ཁོངས་མིས་ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་ཏང་ལ་བློ་དཀར་སེམས་དཀར་བྱེད་པ།ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས།ཆབ་སྲིད་ཀྱི་ལག་བསྟར་བྱེད་ཤུགས་བཅས་ལྡན་དགོས་པ་དང་།“གཏན་འཁེལ་གཉིས་”ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་བྱེད་མཁན་དང་།“སྲུང་སྐྱོང་གཉིས་”རང་འགུལ་ངང་ལག་ལེན་དུ་བསྟར་མཁན་ཡིན་དགོས་པའི་ཐད་ངོས་འཛིན་གཅིག་མཐུན་བྱུང་།

“ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གོ་གནས་ནི‘ལྕགས་ཀྱི་རྐུབ་སྟེགས’མིན་པས་ལོ་ཚད་དང་མཐུན་པའི་རིགས་མུ་མཐུད་མིང་འདོན་བྱེད་དགོས་པའི་ངེས་པ་མེད།བྱ་གཞག་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་བྱ་བའི་དགོས་མཁོ་དང་།འོས་མིའི་ཆ་རྐྱེན།སྤྱོད་གཙང་གནས་ཚུལ།  སྣང་བརྙན་གྱི་ལེགས་ཉེས་བཅས་ལ་གཞིགས་ཏེ་དུས་རབས་གསར་པའི་མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་མངོན་གསལ་ཡོང་བ་བྱེད་དགོས”ཞེས་གླེང་མོལ་དང་རྟོག་དཔྱོད་ཞིབ་འཇུག་བྱེད་སྐབས།གླེང་མོལ་བྱེད་ཡུལ་མང་པོས་བསམ་འཆར་དེ་འདྲ་བཏོན་ཡོད།

འགན་འཁྲི་འཁུར་ཕོད་མིན་དང་འཐབ་རྩོད་བྱེད་ཕོད་མིན།དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་ནུས་དང་བྱང་ཚད་ལྡན་མིན་བཅས་ནི།བློ་མཐུན་མང་པོས་འོས་མི་འོས་སྦྱོར་བྱེད་སྐབས་བསམ་གཞིགས་བྱེད་ས་གལ་ཆེན་ཞིག་རེད། ཚང་མས་“ཕྱིན་ཆད་ཀྱི་ལོ་ལྔའི་ནང་བཅོས་སྒྱུར་དང་འཕེལ་རྒྱས།བརྟན་འཇགས་བཅས་ཀྱི་ལས་འགན་དེ་དཀའ་ཚེགས་ཆེ་ཞིང་།ཉེན་ཁ་དང་འགྲན་སློང་རྙོག་འཛིང་ཆེ་བས། མཁྲེགས་གཏོར་དཀའ་སེལ་བྱེད་ཐུབ་པའི་འགོ་ཁྲིད་ཐུན་མོང་ཞིག་འཛུགས་སྐྲུན་བྱེད་དགོས”ཟེར།

གླེང་མོལ་དང་རྟོག་དཔྱོད་ཞིབ་འཇུག་བྱེད་རྒྱུ་ནི་གླེང་མོལ་ནང་ཞུགས་མཁན་ཚོར་མཚོན་ན་ཚོད་བགམ་ཐེངས་ཤིག་དང་ཏང་གཤིས་སློབ་གསོ་ཐེངས་ཤིག་ཡིན་པ་དང་།མཐོ་རིམ་འགོ་ཁྲིད་ལས་བྱེད་པ་ཏང་གི་ཆབ་སྲིད་འཚོ་བའི་ནང་ཞུགས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཐེངས་ཤིག་ཀྱང་རེད། བློ་མཐུན་མང་པོ་ཞིག་གིས་ཐེངས་འདིའི་གླེང་མོལ་དང་རྟོག་དཔྱོད་ཞིབ་འཇུག་གི་སྒྲིག་ཁྲིམས་བླང་བྱ་དང་གསང་སྲུང་བླང་བྱ་ཧ་ཅང་ནན་མོ་ཡིན་པ་དང་།གླེང་མོལ་དང་རྟོག་ཞིབ་ཀྱི་བརྒྱུད་རིམ་ཧྲིལ་པོ་སྤྱོད་གཙང་གཞུང་དྲང་ཡིན་པ་དེའི་སྟེང་ནས།དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་མངོན་གསལ་གྱིས་མཚོན་ཡོད་ཟེར།

བརྒྱུད་རིམ་འདི་ནི་ལམ་ལུགས་ལྟར་གཟབ་ནན་དང་གོ་རིམ་ལྟར་བྱ་བ་སྒྲུབ་པའི་བརྒྱུད་རིམ་ཞིག་རེད།

ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ཕྱོགས་བསྡུས་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་གྲུབ་ཚུལ་གྱི་རྩ་དོན་དང་གྲུབ་ཆའི་ཇུས་གཞིའི་སྐོར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའི་བློ་མཐུན་དང་སྤེལ་རེས་ནན་ཏན་དང་ནང་གྲོས་ཡང་ཡང་གནང་། ཐོག་མའི་ཇུས་གཞི་གྲུབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་བཅས་ཀྱི་བསམ་འཆར་ལ་གསན་པ་རེད། དེའི་རྨང་གཞིའི་སྟེང་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་གྲུབ་ཆའི་ཇུས་གཞི་བཏོན་པ་རེད། སྐབས་གསར་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཁོངས་མིའི་འོས་མིའི་གྲོས་འཆར་ཇུས་གཞི་དེ་ཀྲུང་དབྱང་སྒྲིག་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་འབྲེལ་ཡོད་ཕྱོགས་ཀྱིས་གྲོས་བསྡུར་བྱས་པ་བརྒྱུད་ཏང་ཀྲུང་དབྱང་ལ་བཏོན་པ་དང་།སྐབས་གསར་པའི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མིའི་གྲོས་འཆར་ཇུས་གཞི་དེ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་བརྒྱུད་ཏང་ཀྲུང་དབྱང་ལ་བཏོན་པ་ཞིག་རེད།

2022ལོའི་ཟླ9ཚེས28ཉིན།ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་འོས་མིའི་གྲོས་འཆར་མིང་ཐོར་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད།

ཟླ9ཚེས29ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་གྲོས་འཆར་མིང་ཐོ་གྲོས་འཆམ་བྱུང་ཞིང་།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སོ་སོར་འདེམས་བསྐོ་དང་གྲོས་འཆམ།ཆོད་དོན་བཅས་འཇོག་རྒྱུའི་གྲོས་ཐག་བཅད་པ་རེད།

སྙིང་སྟོབས་ཆེར་བསྐྱེད་ཀྱིས་ལེའུ་གསར་བ་འབྲི་དགོས།

སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིས་ཏང་ཡོངས་ཀྱི་ཕྱོགས་སོ་སོའི་ཕུལ་བྱུང་སྲིད་འཛིན་རྐང་འཛིན་པ་གཅིག་སྡུད་བྱས་པ་དང་ཁོང་ཚོས་ཏང་ཡོངས་དང་།དམག་ཡོངས།རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱུགས་ལེན་གྱི་ལམ་བུའི་ཐོག་ཡག་པོར་བསྐྱོད་ནས།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

བྱ་གཞག་དང་ཕུགས་འདུན་འདི་ནས་རྒྱུན་འཛིན་དང་འབད་འཐབ་དང་འབད་བརྩོན་གྱིས་འདི་ནས་རྒྱུན་མཐུད་བྱེད།

ཟླ10ཚེས22ཉིན།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྐབས་གསར་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་རེད།

ཟླ10ཚེས23ཉིན།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སྐབས་གསར་བའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞི་འདེམས་བསྐོ་བྱས།

འདི་ནི་ཏང་ཡོངས་ཀྱི་འདོད་བློ་གཅིག་སྒྲིལ་དང་མི་དམངས་ཀྱི་རེ་སྒུག་མཚོན་ཞིང་།ཏང་ཡོངས་དང་དམག་ཡོངས།རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱིས་ཡིད་ཆེས་གང་ལེགས་བྱེད་པའི་འགོ་ཁྲིད་ཐུན་མོང་ཞིག་ཡིན།

སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་ཁོངས་མི་ནི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པའི་ཚད་གཞི་དང་མཐུན་ཞིང་།“གཏན་ཁེལ་གཉིས་”ལ་བརྩི་སྲུང་དང“འདུ་ཤེས་བཞི་”ལ་ཤུགས་སྣོན་བྱེད་པ།“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ་དང“སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་ལ་སྣེ་ཁྲིད་བྱས་ཏེ།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་མུ་མཐུད་གཅིག་གྱུར་སྐུལ་འདེད་གཏོང་བ་དང་།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བའི་དགོས་མཁོ་དང་འཚམ་པ་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཅུང་ཆེན་པོ་ལྡན་པ་དང་།འགན་འཁྲི་འཁུར་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ།འགོ་ཁྲིད་ཀྱི་ཉམས་མྱོང་དང་མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཕུན་སུམ་ཚོགས་པ།ཕྱོགས་སོ་སོའི་ཏང་གི་སྲིད་འཛིན་རྐང་འཛིན་པ་ཡིན་པ།ལས་བྱེད་མང་ཚོགས་ཁྲོད་སྙན་གྲགས་ཧ་ཅང་ཆེན་པོ་ལྡན་ཡོད།

འདི་ནི་བྱང་ཚད་མཐོ་བ་དང་གྲུབ་ཚུལ་ལུགས་མཐུན་ཡིན་པ།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་འཚམ་པའི་འགོ་ཁྲིད་ཐུན་མོང་ཞིག་ཡིན།

སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ནི་ཕྱོགས་གང་ཅི་དང་ཁྱབ་ཁོངས་སོ་སོའི་བྱ་བར་རྒྱུས་མངའ་ཡོད་པའི་བློ་མཐུན་ཉེར་བཞི་ཡིས་གྲུབ་ཅིང་།ཚང་མར་ཡོན་ཚད་དང་ཆེད་ལས་ཤེས་བྱའི་ཆུ་ཚད་ཅུང་མཐོ་ལ།གྲུབ་ཚུལ་ལུགས་མཐུན་ཡིན།ཁོངས་མིའི་ཡོང་ཁུངས་ཁྱབ་ཆེ་སྟེ།ལ་ཤས་ནི་གཞི་རིམ་དུ་བྱ་བ་སྒྲུབ་མཁན་དང་ལ་ཤས་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སུ་བྱ་བ་སྒྲུབ་མཁན་ཡིན་ལ། ད་དུང་དམག་དཔུང་གི་བློ་མཐུན་ཡང་ཡོད། དེའི་ནང་བློ་མཐུན་བཅུ་གཅིག་ནི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་གྱིས་མུ་མཐུད་མིང་འདོན་བྱས་པ་དང་།བློ་མཐུན་གཉིས་ནི་ལས་སྒྱུར་བསྐོ་གཞག་བྱས་ནས་མིང་འདོན་བྱས་ཤིང་། ད་དུང་བློ་མཐུན་བཅུ་གཅིག་ནི་གསར་དུ་བསྐོ་གཞག་བྱས་པ་ཞིག་རེད།

འདི་ནི་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་པར་སྣེ་ཁྲིད་བྱེད་པའི་འགོ་ཁྲིད་ཐུན་མོང་ཞིག་ཡིན།

སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་ནང་འཇུག་དང་ཕྱིར་འཐེན་གྱི་བསྡུར་ཚད་ཅུང་འོས་འཚམ་ཡིན་ཞིང་།མི་སྣ་དང་ལས་ཀའི་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱས་ཏེ།སྤྱོད་ཡོན་གཉིས་ལྡན་དང་ལོ་ན་གཞོན་ཞིང་འཇོན་ཐང་ལྡན་པའི་འགོ་ཁྲིད་ལས་བྱེད་པ་སྐོར་ཞིག་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་གྲས་སུ་ཞུགས་པས།ང་ཚོའི་ཏང་གི་བྱ་གཞག་རྒྱུན་འཛིན་མཁན་ཡོད་པ་དང་དར་རྒྱས་གོང་འཕེལ་ཡིན་པ་གང་ལེགས་གྱིས་མཚོན་ཡོད།

སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་འོས་མིར་གྲོས་བསྡུར་དང་བསམ་འཆར་བསྡུ་ལེན་བྱེད་སྐབས།ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཁ་ཤས་ཀྱིས་ཏང་དང་མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་དང་།རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་ཡོང་བར་ཚད་མཐོའི་འགན་འཁུར་བའི་བསམ་པས་རང་འགུལ་ངང་ཕྱིར་འཐེན་བྱ་རྒྱུ་ཡིན་ཚུལ་བརྗོད་པ་དང་།བལྟོས་བཅས་ཀྱིས་ལོ་ན་གཞོན་པའི་བློ་མཐུན་རྣམས་བདམས་པ་དེས་གུང་ཁྲན་ཏང་མིའི་བློ་རྒྱ་ཡངས་པོ་དང་ཡ་རབས་ཀྱི་སྤྱོད་བཟང་མཚོན་ཡོད།

སྔར་བྱས་རྟིང་མ་དགུང་ལ་གྲགས།། མ་འོངས་རྒྱལ་ཁར་འབད་ཅིང་བརྩོན།།

2022ལོའི་ཟླ10ཚེས23ཉིན་གྱི་ཆུ་ཚོད12ཙམ་ལ་

མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་གི་ཚོམས་ཆེན་དུ་གློག་འོད་ཆེམ་ཆེམ་འཕྲོ་བ་དང་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ལྡན།ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི།ཏེན་ཞུའེ་ཞང་། ལིས་ཞི་བཅས་ཚོམས་ཆེན་དུ་ཕེབས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བཅར་འདྲི་བྱེད་མཁན་གྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཐུགས་བརྩེ་བའི་ངང་མཇལ་འཕྲད་གནང་།

བརྙན་ཆས་དང་པར་ཆས་ཀྱི་གློག་འོད་འཕྲོ་བའི་འོགཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་གོམ་སྟབས་བརྟན་ཞིང་ཉམས་སྣང་བག་ཕེབས་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་སེམས་ཆེན་མོའི་ངང་ཚང་མར་ཕྱག་གཡུག་གནང་སྟེ་གུས་ལན་ཞུས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

དེའི་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཏམ་བཤད་སྟེགས་བུའི་ཐོག་ཕེབས་ནས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ཁོངས་མིའི་ཚབ་ཞུས་ཏེ།ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡིད་ཆེས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་།ཏང་གི་ངོ་བོ་དང་དམིགས་ཡུལ་ངེས་པར་དུ་བློ་ལ་བརྟན་པོར་ངེས་པ་དང་རང་ཉིད་ཀྱི་འགན་འཁྲི་དང་འོས་འགན་བློ་ལ་བརྟན་པོར་ངེས་པ།རང་འགན་ནན་སྒྲུབ་དང་འབད་བརྩོན་ཆེན་པོས་ལས་དོན་སྒྲུབ་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།སྐྱོད་ལམ་གསར་བའི་སྟེང་ང་ཚོས་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེ་སྐྱེད་ཀྱིས་ཡར་བརྩོན་བྱེད་པའི་བསམ་ཕྱོགས་མཐའ་འཁྱོངས་དང་། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ། ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།སྐྱོད་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་རེད།འཆར་འགོད་བྲིས་ཟིན་པ་དང་དུང་བརྡ་བཏང་ཟིན་པས།ང་ཚོས་སྙིང་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱས་ནས་སྔར་ལས་འོད་སྟོང་འཕྲོ་བའི་མ་འོངས་པ་གཏོད་རྒྱུར་འབད་བརྩོན་བྱེད་དགོས།

དེ་ནི་དུས་རབས་གསར་པའི་སྣེ་ཁྲིད་པའི་ཡིད་རྟོན་དང་རྒྱང་སྐྱོད་ཀྱི་ལམ་སྣེ་འཁྲིད་མཁན་གྱི་འགན་འཁྲི་ཞིག་ཡིན་ལ།ལོ་བརྒྱ་ལྷག་ཙམ་གྱི་ཏང་གི་ལོ་རྒྱུས་སླར་ཡང་རྒྱུན་འཛིན་བྱེད་པའི་ཁྲིད་སྟོན་དང་རླབས་ཆེན་མི་རིགས་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་པའི་རེ་བ་ཞིག་ཀྱང་རེད།

གཟར་མོའི་ལ་ལམ་འབད་པས་བརྒལ་ཚེ་ད་གཟོད་བདེ་མོའི་ཐང་དུ་འབྱོར་ཐུབ།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་སྐབས་གསར་བའི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གིས་ངེས་པར་དུ་ཏང་ཡོངས་དང་དམག་ཡོངས།རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་རྣམས་བློ་སེམས་བརྟན་པོས་རྒྱུགས་སྤྲོད་ལམ་བུ་གསར་པར་བསྐྱོད་པར་སྣེ་ཁྲིད་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱས་ནས།ཀྲུང་ཧྭ་མི་རིགས་སྔར་བས་དཔའ་ངར་ཆེར་བསྐྱེད་ཀྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་ལངས་ཐུབ་པར་བྱེད་དགོས།

འོས་འགན་ལྗིད་མོ་ཕྲག་ཏུ་ཁུར་ན་རེ་བའི་འོད་ཟེར་མདུན་དུ་འཕྲོ།ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ལོ་བརྒྱའི་འོད་སྟོང་འབར་བའི་བྱས་རྗེས་བསྐྲུན་ཞིང་། ད་དུང་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མ་འོངས་པར་ཡང་རླབས་ཆེན་བྱས་རྗེས་འཇོག་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ། གཡང་འབུམ་རྒྱལ། རྟ་མགྲིན་སྐྱབས།