ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་དེ་རིང་སྔ་དྲོར་གཟབ་རྒྱས་ངང་ཚོགས་མགོ་བརྩམས།
2022.01.20 ཁུངས། ཀློག་གྲངས། 29

དེ་རིང་སྔ་དྲོ་སྟེ། ཟླ1ཚེས20ཉིན་གྱི་ཆུ་ཚོད9ཡི་སྟེང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་དེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

མཚོ་སྔོན་ཞིང་སྲིད་གྲོས་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་འབུལ་བ་དང་། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་ཚོགས་འདུར་མགོ་འཛིན་མཛད་པར་བྱེད་ཅིང་། ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་གྲོས་གཞི་བྱ་བའི་སྙན་ཞུ་འབུལ་རྒྱུ་རེད།