མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་འཚོགས་འགོ་བརྩམས།
2022.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་དང་པོའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས། གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གོ་དྲུག་ཡོད་པ་དང་ཉིན་དེའི་གྲོས་ཚོགས་ལ་ཨུ་ཡོན་སུམ་བརྒྱ་དང་བཞི་བཅུ་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།

དུས་ཚོད་དགུའི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འཚོགས་འགོ་བརྩམས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅེ། ཀྲང་ཝུན་ཁུའེ། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མ་ཧྥིན་ཧྲིན། དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་དང་། ཏུའུ་ཅེ་ཡིས་ཚོགས་ཆེན་ལ་འགོ་འཛིན་བྱས།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་། ཝུའུ་ཞའོ་ཅུན། མགོན་པོ་བཀྲ་ཤིས། ལིས་ཅེ་ཞང་། ཡུས་ཚོང་ལི། མ་ཅི་ཞའོ། དབྱིན་པའེ། ཁྲིན་རོས་ཧྥིན། ལིའུ་ཀི་ཕིང་། ཝང་ལིས་མེན། ཀྲའོ་ཡུའེ་ཞཱ་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

གྲོས་ཚོགས་ནས་ཐོག་མར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་།

རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། ཉིས་སྟོང་ཉེར་གཅིག་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་ཡིན་ལ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་སྐྱོད་ལམ་གསར་པར་ཞུགས་འགོ་བརྩམས་པའི་ལོ་དང་པོ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡང་ཡིན། ལོ་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། སྐུ་དངོས་སུ་མཚོ་སྔོན་ལ་གཟིགས་ཞིབ་གནང་བར་མ་ཟད། སྔ་གཞུག་ཏུ་ཐེངས་གཉིས་ལ་མཚོ་སྔོན་གྱི་བྱ་བར་བླང་བྱ་གལ་ཆེན་བཏོན་ནས། ང་ཚོས་ཧུར་ཐག་སྒོས་སྐྱོད་ལམ་གསར་པར་ཞུགས་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཐད་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། སྒུལ་ཤུགས་ཆེན་པོ་བསྣན་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་འཕེལ་རྒྱས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་། ལོ་གཅིག་གི་ནང་། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡང་དག་པའི་འགོ་ཁྲིད་འོག ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལྟེ་གནས་ལས་འགན་ལག་བསྟར་གྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་དང་དམ་པོར་སྦྲེལ་ཏེ། སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་པ་བླངས་ཏེ་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཐད་ལ་བློ་གྲོས་བཏོན་པ་དང་སྟོབས་ཤུགས་ཕུལ།

རྡོ་རྗེ་རབ་བརྟན་གྱིས་ཕྱོགས་ལྔའི་ཐད་ནས་འདས་པའི་ལོ་གཅིག་རིང་གི་བྱ་བར་ཁྱོན་ཡོངས་ནས་སྤྱི་སྡོམ་ཆ་ཚང་བྱས། ཁོས་བཤད་རྒྱུར། ལོ་གཅིག་རིང་། ཞིང་ཆེན་སྲིད་གྲོས་དང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་འབུར་དུ་ཐོན་པར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་གསར་པའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་དེར་རྒྱུས་ལོན་གསལ་བོ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བརྟན་བརླིང་ངང་སྤེལ་བ་དང་། དཔེ་ཀློག་བྱ་འགུལ་སྤེལ་ལ། ཞིངཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དག་གིས་གཏན་ཁེལ་གཉིས་བརྩི་སྲུང་བྱེད་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། འགན་འཁྲི་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་བཏང་ལ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལྟེ་གནས་ལས་འགན་ལ་དམིགས་ནས་གྲོས་མོལ་བློ་འདོན་བྱས་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཚན་རྩལ་གསར་གཏོད་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། གསར་གསུམ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་དཔྱད་གཞིར་དམིགས་ནས་གྲོས་མོལ་སྲིད་གླེང་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བས། འགན་སྒྲུབ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་བླངས་པ་དང་། ཞིང་ཆེན་ཡོངས་ཀྱི་བྱ་བར་ཞབས་འདེགས་ཞུ་བའི་ཁྲོད་ཁག་ཁུར་གསར་པ་དང་གྲུབ་འབྲས་གསར་པ་མངོན་པར་བྱས། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་ཆེད་དོན་བྱ་བའི་ཐད་ནས་སྔ་གཞུག་ཏུ་ཐེངས་གསུམ་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གི་ཁས་ལེན་རང་བཞིན་གྱི་མཆན་བཀོད་ཐོབ་པ་དང་། འགན་སྒྲུབ་གྲུབ་འབྲས་ཐད་ནས་རྒྱལ་ཡོངས་སྲིད་གྲོས་འགོ་ཁྲིད་ཀྱི་མཆན་བཀོད་ཐེངས་བརྒྱད་ཐོབ་ལ། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་སོགས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱི་མཆན་བཀོད་ཐེངས་སོ་གསུམ་ཐོབ་པར་མ་ཟད། འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་མང་པོ་འབྲེལ་ཡོད་སྡེ་ཁག་གི་སྲིད་ཇུས་བྱེད་ཐབས་ནང་ཚུད། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་འགན་ནུས་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ལ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་བླང་བྱ་དེ་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་སྒྲོག་འགྲེལ་དང་རྟོག་ཞིབ་ལྟ་ཞིབ། གྲོས་མོལ་སྲིད་གླེང་། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་བྱ་བའི་ཁྲོད་ཁྱབ་པར་བྱས་པ་དང་། མི་དམངས་སྲིད་གྲོས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། སྐྱོད་ལམ་གསར་པའིའགོ་རྩོམ་པར་སེམས་ཤུགས་གཅིག་སྒྲིལ་བྱེད་པའི་བརྗོད་དོན་ལག་ལེན་བྱ་འགུལ་སྤེལ་ལ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་སྲིད་གྲོས་བྱ་བའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས་པ་དང་། སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་བྱ་བར་རྒྱུན་མ་ཆད་པར་ཤུགས་བསྣན་ལ། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱིས་དགེ་མཚན་ཅན་གྱི་ནུས་པ་གཉིས་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ལ། མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དགེ་མཚན་རྒྱུན་མ་ཆད་པར་སྲ་བརྟན་དུ་བཏང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་དམིགས་ནས། སྤུས་འདེགས་ཕྱོད་སྣོན་གྱི་ལོ་གསུམ་གྱི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ཏེ། གྲོས་མོལ་བྱ་འགུལ་ཚད་ལྡན་དུ་གཏོང་བ་དང་། གྲོས་མོལ་སྤུས་ཚད་མཐོར་འདེགས་བྱེད་པ། གྲུབ་འབྲས་སྒྱུར་སྤོར་ལ་ཡར་སྐུལ་བྱེད་པ། ཨུ་ཡོན་གྱི་སྐྱེད་སྲིང་ལ་ཤུགས་སྣོན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་བྱེད་པ་སོགས་ཐད་དུ། ལམ་ལུགས་སྣ་ཚོགས་བཙུགས་ཏེ་འཐུས་ཚང་དུ་བཏང་བ་དང་། ལས་རིགས་ཨུ་ཡོན་གྱི་བྱ་བའི་ཁང་གསར་འཛུགས་བྱས་ལ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་དམངས་གཙོའི་ལྟ་སྐུལ་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱས་པ་དང་། གྲོས་གཞི་གཙོ་བོ་སྐུལ་སྒྲུབ་ཟབ་མོར་སྤེལ་ལ། དུས་ཡུན་རིང་པོར་གཞི་རིམ་སྲིད་གྲོས་དཀའ་ལས་ལ་གཏད་པའི་ཉམ་ཞན་གཉིས་ཀྱི་གནད་དོན་ཧུར་ཐག་གིས་ཐག་བཅད་དེ། སྲིད་གྲོས་རྩ་འཛུགས་ཀྱི་རང་ཞིང་གི་ས་གནས་བཅོས་སྐྱོང་ཁྲོད་ཀྱི་ནུས་པ་གལ་ཆེན་ཕན་ནུས་ལྡན་པར་བཏོན། ཏང་གི་སྲིད་གྲོས་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དུས་ནམ་ཡང་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་གྱི་ཕྱོགས་སོ་སོར་སྦྲེལ་ནས། མཐའ་གཅིག་ཏུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་སྣ་ཚོགས་ལྟར་སྲིད་གྲོས་ཀྱི་འགན་སྒྲུབ་བྱ་བ་སྣ་ཚོགས་ལ་ཇུས་འགོད་སྐུལ་སྤེལ་བྱས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་འགན་ནུས་ལས་འགན་དང་སྦྲེལ་ནས་ཏང་འཛུགས་བྱ་བའི་མཚན་སྙན་འབུར་དུ་དོད་དེ། སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་གྱི་སྤུས་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱས་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་ཆུ་ཚད་མཐོ་བའི་འགན་སྒྲུབ་ལ་ཁྲིད་སྟོན་བྱས་ནས། དོན་འཁྱོལ་བྱེད་པ་དང་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྔར་ལས་བཟང་པོར་ཕྲག་ཏུ་ཁུར།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་དང་། ཀྲུང་གོ་གུང་ཁྲང་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་བསྡུ་རྒྱུ་ཡིན་པས། མི་དམངས་སྲིད་གྲོས་བྱ་བ་ལེགས་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་རྒྱུ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བརྟན་པོའི་འོག ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས་ལ། མཐུན་སྒྲིལ་དང་དམངས་གཙོ་ཡི་བརྗོད་གཞི་ཆེན་པོ་གཉིས་འབུར་ཐོན་ཡོང་བར་བྱས་ཏེ། མི་དམངས་དམངས་གཙོ་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ལས་དོན་སྤྱི་ལ་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་ནུས་པ་ལག་ལེན་དུ་བསྟར་དགོས། ངོས་འཛིན་སྔར་ལས་གཅིག་གྱུར་བྱེད་པ་དང་།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་པར་འབད་བརྩོན་ལྷོད་མེད་བྱས་ཏེ།  ཁྱད་འཕགས་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

རྡོ་རྗེ་རབ་བརྟན་གྱིས་སྙན་ཞུའི་ཁྲོད་ད་ལོའི་བྱ་བ་གཙོ་བོ་ལྔ་བཏོན། གཅིག་ནི་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་རྒྱུ་དམ་འཛིན་བཟང་པོ་བྱེད་པ་དང་། གཏན་ཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་དང་རྩ་བའི་རང་བཞིན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མུ་མཐུད་མཐོར་འདེགས་བཏང་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་དགོས། གཉིས་ནི་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོར་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པ། མཛེས་པའི་མཚོ་སྔོན་གྱི་ཚོང་རྟགས་གྲགས་ཅན་གྱི་རིན་ཐང་དང་ཤུགས་རྐྱེན་མཐོར་འདེགས་གཏོང་བ་སོགས་སྲིད་གླེང་གྲོས་མོལ་གྱི་དཔྱད་གཞི་གཙོ་བོ་བཞི་བཅུ་ལ་དམིགས་ནས་ཞིབ་བཤེར་ཞིབ་འཇུག་དང་ཐབས་འདོན་ཇུས་འབུལ་བྱས་ཏེ་མཚོ་སྔོན་གསར་པའི་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། གསུམ་ནི་ཐུན་མོང་ལྟ་བ་ཇེ་དྲག་ཏུ་གཏོང་བ་དང་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པའི་བྱ་བ་གཟབ་ནན་གྱིས་བཟང་པོར་བསྒྲུབ་སྟེ། སྲིད་གྲོས་ཀྱི་འབྲེལ་འདྲིས་ཀྱི་རྒྱ་ཆེ་བའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ལས་རིགས་སོ་སོའི་མང་ཚོགས་ཁྲོད་དུ་སྲིད་ཇུས་དྲིལ་སྒྲོག་དང་ཁྲིད་སྟོན་ལ་ཤུགས་སྣོན། འབྲེལ་བ་མཐུན་སྦྱོར་བཅས་བྱས་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་དྲང་ཕྱོགས་ནུས་ཚད་ཆེན་པོ་རྒྱུན་མ་ཆད་པར་གཅིག་སྡུད་བྱེད་དགོས། བཞི་ནི་སྲིད་གྲོས་བྱ་བ་བསྟུད་མར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་། དག་སྲུང་གསར་གཏོད་ཀྱིས་འགན་སྒྲུབ་བྱ་བ་སྣ་ཚོགས་དམ་འཛིན་བཟང་པོ་བྱས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་སྔར་ལས་བཟང་པོར་འདོན་དགོས། ལྔ་ནི་བློ་བརྟན་འགྱུར་མེད་སྒོས་ཏང་གི་སྲིད་གྲོས་བྱ་བའི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། སྲུང་སྐྱོབ་གཉིས་མཐའ་འཁྱོལ་བྱེད་རྒྱུ་དེ་རང་ཞིང་གི་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་དང་གཞུང་ལུགས་དྲག་ཆས། གྲོས་མོལ་སྲིད་གླེང་། དཔུང་སྡེ་འཛུགས་སྐྲུན་སོགས་ཕྱོགས་སོ་སོ་ནས་མངོན་པར་བྱེད་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གཟབ་ནན་དུ་གཏོང་བ་དང་། རང་རྟོགས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་ལག་བསྟར་བྱེད་པ། སྲིད་གྲོས་ཀྱིས་ཏང་ཨུའི་འགོ་ཁྲིད་འོག་ཏུ་རང་འགུལ་གྱིས་འགན་ཁུར་བ་དང་མཐུན་སྦྱོར་གཅིག་གྱུར་གྱིས་བྱ་བ་སྒྲུབ་པར་དུས་ནམ་ཡང་ཁག་ཐེག་བྱས་ཏེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཁྲིད་སྟོན་འགན་ལེན་ནུས་པ་དངོས་སུ་བཟང་པོར་འདོན་དགོས།

ཝང་ཞོན་གྱིས་ཚོགས་ཆེན་ལ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཚུན་ལ། སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་བསྡོམས་པས་གྲོས་གཞི་སུམ་བརྒྱ་དང་བརྒྱད་ཅུ་བཏོན་ལ། ཞིབ་བཤེར་བྱས་རྗེས་གྲོས་གཞི་ཉིས་བརྒྱ་དང་གྱ་དྲུག་ཐོ་འགོད་བྱས། མིག་སྔར་གྲོས་གཞི་ཚང་མ་དུས་ལྟར་བསྒྲུབས་ནས་ལན་བཏབ་ཡོད།

ཀྲང་ཀོང་རོང་དང་མཱ་ཝེ། ཉུའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཁོང་ཡུང་། དབྱང་ཧྥིན་ཁྲུན། ཀྲང་ལིས། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཚེ་རིང་ཐར། ལིས་ཧུང་ཡ། ཀྲང་ཙིག་ཅུན། ཀྲ་ཆིན་ཅིག ལིས་ཙེ་ཡོན། མཱ་ཀྲི་ཝེ་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།