ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཚན་ཆུང་བསྡུ་རུབ་པའི་གྲོས་ཚོགས་བསྡུས།
2022.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་དང་པོའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཚན་ཆུང་བསྡུ་རུབ་པའི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཏུའུ་ཅེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་དེ། ཚན་ཆུང་བསྡུ་རུབ་པས་ཚང་འཛོམས་གྲོས་ཚོགས་དུས་སྐབས་སུ་འགན་འཁྲི་ཁག་ཁུར་བྱེད་པ་དང་གྲོས་མོལ་བགྲོ་གླེང་བྱེད་པར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན།

ཏུའུ་ཅེ་ཡིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་ནི་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱེད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚན་ཆུང་བསྡུ་རུབ་པས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཚོགས་ཆེན་སྐབས་ཀྱི་བྱ་བ་ཁག་དོན་འཁྱོལ་ནན་མོ་བྱས་ནས་ཐེངས་འདིའི་ཚོགས་ཆེན་རྒྱལ་ཁའི་ངང་བསྡུ་བར་འགན་སྲུང་བྱེད་དགོས། བྱ་བའི་འགན་འཁྲི་ཁ་གསལ་བྱེད་པ་དང་འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། འགན་ཁུར་བ་དང་པོའི་གནད་འགག་གི་ནུས་པ་འདོན་སྤེལ་བྱས་ནས་ཐེངས་འདིའི་ཨུ་ཡོན་རྣམས་ཚང་འཛོམས་གྲོས་ཚོགས་སྐབས་ཀྱི་ཚོགས་ཆེན་དང་ཚན་ཆུང་གི་བགྲོ་གླེང་བྱེད་སྒོ་རེ་རེར་ནན་ཏན་སྒོས་ཟབ་ཞུགས་བྱེད་པར་རྩ་འཛུགས་བྱེད་པ། སྲིད་གྲོས་ཨུ་ཡོན་གྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་སྡུར་བྱེད་པ་དང་སྲིད་གྲོས་རྒྱུན་ལས་བྱ་བའི་སྙན་ཞུར་གྲོས་ཞིབ་བྱེད་པར་སྣེ་ཁྲིད་བྱེད་དགོས། གྲོས་ཚོགས་ཀྱི་བརྗོད་དོན་ལ་དམིགས་ནས་གཏམ་བཤད་པ་དང་གྲོས་མོལ་གྱི་རྣམ་པ་བཟང་པོ་བསྐྲུན་པར་གཙིགས་ཆེན་བྱས་ནས་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཡོངས་ཀྱི་བསམ་ཚུལ་བརྒྱུད་སྒྲོག་བྱེད་པ། སྟོབས་ཤུགས་གཅིག་ཏུ་འདུ་བར་བྱེད་དགོས། རང་སྟེང་ནས་འགོ་རྩོམ་པ་དང་མིག་དཔེ་བསྟན་ནས་ནམ་ཡང་སྒྲིག་ལམ་དང་པོར་འཇོག་པ་དང་ཨུ་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ལམ་དང་རྩ་འཛུགས་ཀྱི་སྒྲིག་ལམ། ཚོགས་རའི་སྒྲིག་ལམ་སྲུང་བར་སྣེ་ཁྲིད་དང་སློབ་གསོ་བཏང་ནས་རིམས་ནད་འགོག་སྡོམ་གྱི་བླང་བྱ་ཁག་དོན་འཁྱོལ་བྱེད་པ་དང་གྲོས་ཚོགས་ཀྱི་སྲོལ་བཟང་དང་བདེ་འཇགས་ཕན་ནུས་བཅས་ལ་འགན་སྲུང་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།