མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པས་ཚན་ཆུང་བགར་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།
2022.01.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པར་ཞུགས་པའི་འཐུས་ཚབ་ཚོགས་པས་ཚན་ཆུང་བགར་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། གྲོས་ཞིབ་བྱེད་སྐབས། འཐུས་ཚབ་ཚོགས་པ་སོ་སོས་སྙན་ཞུའི་ནང་དོན་ལ་ཟུང་འབྲེལ་བྱས་ནས་གཏམ་བཤད་པ་དང་། གྲོས་ཞིབ་ཡུལ་དངོས་ཀྱི་སྣང་ཚུལ་ཧ་ཅང་བཟང་ཞིང་གྲོས་སྡུར་ཞིབ་མོ་བྱས།

གྲོས་ཞིབ་བྱེད་སྐབས། འཐུས་མི་ཚོས་མཐའ་གཅིག་ཏུ། སྲིད་གཞུང་བྱ་བའི་སྙན་ཞུ་ཡི་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ལ། ཕྱོགས་ཡོངས་ནས2021ལོའི་བྱ་བར་ཕྱིར་ལྟ་དང་སྤྱི་སྡོམ་བྱས་པ་དང་། དངོས་ཐོག་བདེན་འཚོལ་དང་། གནས་བབ་ལ་དབྱེ་ཞིབ་བྱས་པ་དང་ཞིང་ཆེན་གྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་ཡང་དག་བྱས། སེམས་ཤུགས་གཅིག་སྒྲིལ་བདུན་ལ་བརྟེན་ནས་ད་ལོའི་དམིགས་འབེན་གཙོ་བོ་དང་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་གཙོ་གནད་འབུར་དུ་ཐོན་ལ། ཚན་རིག་དང་མཐུན་པ་དང་བཀོལ་སྤྱོད་བྱེད་ཆོག་ཅིང་། ཀྲུང་དབྱང་གི་དགོངས་པ་དང་མཐུན་པ་དང་མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་ལ། མང་ཚོགས་ཀྱི་རེ་སྒུག་དང་ཡང་མཐུན། དེ་ནི་བདེན་འཛིན་དངོས་གཉེར་དང་བདེན་སྐྱོང་གསར་གཏོད། ཡིད་ཆེས་ཆེར་སྐྱེད་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ཁྲོད་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་དོན་འཁྱོལ་ནན་མོ་བྱེད་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་པོ་བརྩམས་ལ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་སྐྱོད་ལམ་གསར་པར་ཞུགས་པའི་འགོ་བཟང་པོ་བརྩམས་ཡོད་ཟེར།

འཐུས་མི་ཚོས་སྙན་ཞུ་ལ་དམིགས་ནས་མྱོང་ཚོར་གླེང་བ་དང་བསམ་ཚུལ་བཤད། ཚང་མས་མཐའ་གཅིག་ཏུ། སྲིད་གཞུང་བྱ་བའི་ནང2022ལོའི་དམིགས་འབེན་གཙོ་བོ་དང་བྱ་བ་གཙོ་བོ་གཏན་ཁེལ་གསལ་བོ་བྱས་པ་དང་། བསམ་ཕྱོགས་གསལ་ཞིང་ཐབས་ལམ་གནད་ལ་འཁེལ་བ་དང་། བྱེད་ཐབས་ཚན་རིག་དང་མཐུན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡིན་པ་དང་། མཚོ་སྔོན་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་པ་དང་ཆ་ཚང་བ་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་སྙིང་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། མུ་མཐུད་དུ་གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་པོར་བསྒྲུབ་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་བཏང་སྟེ་གྲུབ་འབྲས་གསར་པ་ལེན་ཐུབ་པར་བྱེད་པ་དང་། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་པ་དང་། གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།