ཝང་ཅན་ཅུན་མཚོ་ཤར་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2022.01.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་མཚོ་ཤར་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བཟང་པོ་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སྐྱོད་ལམ་གསར་པར་འབད་འཐབ་མདུན་སྐྱོད་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་ལ། ཧུར་ཐག་སྒོས་སྔར་ལས་བཟོད་སྒོམ་དང་སྔར་ལས་བདེ་འཇགས། སྔར་ལས་མཉེན་ཆ་ལྡན་པ། སྔར་ལས་རྒྱུན་མཐུད་ཀྱི་མཛེས་པའི་མཚོ་ཤར་འཛུགས་སྐྲུན་བྱེད་དགོས།

གྲོས་ཞིབ་བྱེད་སྐབས། ཝང་ཧྭ་ཅེ་དང་ཧོང་གོ་ཅུན། ཧྥུན་ཀྲི་ཀང་། མཱ་ཆིན་ཡུན། ལིས་ཧྲི་ཞིན། པའེ་ཞིག་ཁྲོན་སོགས་འཐུས་མིས་མཚོ་ཤར་གྱི་བྱ་བ་གཙོ་བོ་དང་ས་ཁུལ་འཛུགས་སྐྲུན། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། འཐེན་ཐུག་ཐོན་ལས་ཀྱི་རིམ་པ་འཕར་སྣོན་བྱེད་པ། གྲོང་གསེབ་གནས་སྐོར་འཕེལ་རྒྱས་སུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དམ་འཛིན་བྱེད་པ་སོགས་ལ་དམིགས་ཏེ་གཏམ་བཤད། ཝང་ཅན་ཅུན་གྱིས་འཐུས་མིའི་གཏམ་བཤད་ལ་ཉན་ཞོར་དུ་ཟིན་བྲིས་བཀོད་པ་དང་། འཐུས་མི་དང་བསམ་བློ་བརྗེ་རེས་བྱས།

ཝང་ཅན་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་གྱིས་འདས་པའི་ལོ་གཅིག་གི་ནང་དུ་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ། ཕྱི་ཕྱོགས་སྒོ་འབྱེད། རིམས་ནད་འགོག་སྡོམ། ཏང་གི་འཛུགས་སྐྲུན་སོགས་ཕྱོགས་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། སྐབས་གསར་པའི་མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་སྐབས་རིམ་བྱུང་གི་འགོ་ཁྲིད་ཚན་ཁག་གིས་བཏིངས་པའི་རྨང་གཞིའི་སྟེང་། གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་དེ་རྒྱུན་མཐུད་འབད་འཐབ་བྱས་ནས་བྱ་བ་སྣ་ཚོགས་འགོ་ཚུགས་པ་བཟང་། སྔར་ལས་དཀྱེལ་ཡངས་ཀྱི་མཚོ་ཤར་འཛུགས་སྐྲུན་བྱེད་དགོས། དཀྱེལ་ཡངས་ན་ད་གཟོད་འཕེལ་རྒྱས་སུ་འགྲོ་ཐུབ་པ་དང་། དཀྱེལ་ཡངས་ཇི་ལྟར་བྱས་ན་དེ་ལྟར་འཕེལ་རྒྱས་སུ་འགྲོ་ཐུབ། དཀྱེལ་ཡངས་དེ་བསམ་བློའི་སྙིང་སྟོབས་ཀྱི་གཞི་རྩ་བྱས་ཏེ་གྲོང་ཁྱེར་དང་ཆུས། རྫོང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བའི་བར་དུ་ཕན་ཚུན་ལ་དཀྱེལ་ཡངས་བྱེད་པ་དང་། མི་རིགས་སོ་སོའི་བར་དུ་ཕན་ཚུན་ལ་དཀྱེལ་ཡངས་བྱེད་པ། གྲོང་ཁྱེར་སྡོད་དམངས་དང་རོང་འབྲོག་མང་ཚོགས་བར་དུ་ཕན་ཚུན་ལ་དཀྱེལ་ཡངས་བྱེད་པ། ནང་ཁུལ་དང་ཕྱི་ཕྱོགས་རོགས་ལས་འཕེལ་རྒྱས་བར་དུ་ཕན་ཚུན་ལ་དཀྱེལ་ཡངས་བྱེད་པར་སྐུལ་འདེད་གཏོང་བར་མ་ཟད། འགྲིམ་མཐུན་དང་འཆམ་མཐུན་ཁྲོད་དུ་མཚོ་ཤར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་པ་དང་། སྔར་ལས་བདེ་འཇགས་ཀྱི་མཚོ་ཤར་འཛུགས་སྐྲུན་བྱེད་དགོས། བདེ་འཇགས་ཡིན་ན་ད་གཟོད་འཕེལ་རྒྱས་སུ་འགྲོ་བ་དང་། འཕེལ་རྒྱས་སུ་གཏོང་ན་ཅིས་ཀྱང་བདེ་འཇགས་ཡིན་དགོས། ཚེ་སྲོག་བླ་ན་མེད་པ་དང་མི་དམངས་བླ་ན་མེད་པར་འཛིན་ན་ཐོག་མར་བདེ་འཇགས་བླ་ན་མེད་པར་འཛིན་དགོས། བདེ་འཇགས་ནི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆེས་ཆེ་བའི་འགྲན་རྩོད་ཡིན་པས། ཉེན་ཁ་སྣ་ཚོགས་ལ་དོགས་ཟོན་དང་ཞི་འཇགས་སུ་གཏོང་དགོས་པ་དང་། བདེ་འཇགས་བཅོས་སྐྱོང་ནུས་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ལ། གྲོང་ཁྱེར་འཕེལ་རྒྱས་སྔར་ལས་བདེ་འཇགས་ཡིན་པ་དང་མི་དམངས་ཀྱི་འཚོ་བ་སྔར་ལས་སྐྱིད་པའི་ཁོར་ཡུག་གསར་སྐྲུན་བྱེད་དགོས། སྔར་ལས་མཉེན་ཆ་ལྡན་པའི་མཚོ་ཤར་འཛུགས་སྐྲུན་བྱེད་དགོས། མཚོ་ཤར་འཛུགས་སྐྲུན་གྱི་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་བསྲུང་བྱར་འཛིན་དགོས་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། མཚོ་ཤར་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས། མཚོ་ཤར་གྱི་མི་ཚང་མ་མཚོ་ཤར་གྱི་འཕེལ་རྒྱས་དང་བསྟུན་ནས་འཚར་ལོངས་འབྱུང་དགོས། སྔར་ལས་རྒྱུན་མཐུད་ཀྱི་མཚོ་ཤར་འཛུགས་སྐྲུན་བྱེད་དགོས། བརྟན་འཇགས་བྱ་བ་གཙོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བཟང་པོ་བྱེད་དགོས་པར་མ་ཟད། ནུས་ལྡན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། རང་འགུལ་སྒོས་རིགས་སོ་སོའི་མང་ཚོགས་ཀྱི་མཛེས་པའི་རེ་སྒུག་དང་བསྟུན་ཞིང་ཏན་ཏིག་སྒོས་རྨང་གཞི་འདིང་བའི་འདུ་ཤེས་ཆགས་པར་བྱེད་པ་དང་། མི་རབས་ཤིག་གིས་མི་རབས་ཤིག་ལ་རྨང་གཞི་བཏིང་ནས་མཉམ་དུ་སྔར་ལས་མཛེས་པའི་མཚོ་ཤར་འཛུགས་སྐྲུན་བྱེད་དགོས།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།