མགོན་པོ་བཀྲ་ཤིས་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞིར་བདམས།
2022.01.24 ཁུངས། ཀློག་གྲངས། 142



སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་ཚོགས་ཆེན་ཐེངས་གསུམ་པ་ཚོགས་པ་དང་།  རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གོ་གནས་ཀྱི་འགན་མི་འཁུར་བའི་དགོངས་ཞུ་ཞུས་ཤིང་། མགོན་པོ་བཀྲ་ཤིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས། མཱ་ཅི་ཞའོ་དང་ཀྲང་ལིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།