ཐུན་ཏེ་རྫོང་ཞོལ་མ་ཞང་སྟག་གསོད་སྡེ་བས་གཞི་རིམ་ཏང་འཛུགས་བྱ་བ་ལེགས་པོར་བསྒྲུབས།
2022.01.24 ཁུངས། ཀློག་གྲངས། 698

(གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ།)ཞོལ་མ་ཞང་སྟག་གསོད་སྡེ་བས་ཏང་གི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱ་རྒྱུ་གཙོར་བཟུང་ནས་ཏང་ཡོན་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། དུས་རབས་གསར་བའི་འཕེལ་རྒྱས་ཀྱི་རེ་བ་ལྟར། སྡེ་བའི་ཏང་ཨུའི་འགོ་ཁྲིད་ཀྱིས་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ཏེ། ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་སྔར་ལས་ལྷག་པའི་ཚན་རིག་འཕེལ་རྒྱས་ཀྱི་ནང་དོན་ལ་གསན་སྦྱོང་བྱས།  དེ་མིན་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་སྡེ་དོན། ནོར་དོན་སྤྱི་བསྒྲགས་ཐད་ཀྱི་ལམ་ལུགས་དང་ཁྲིམས་ལུགས་སློབ་སྦྱོང་ལ་ཤུགས་བསྣན་ནས་སྡེ་བའི་ཨུའི་གཉིས་ཀྱི་འགོ་ཁྲིད་དང་ལས་བྱེད་རྣམས་ཀྱི་བསམ་བློའི་འདུ་ཤེས་མཐོར་འདེགས་བྱས་པ་མ་ཟད། མ་འོངས་བྱ་བའི་ཁྲོད་དམངས་ལ་ཞབས་འདེགས་དང་དམངས་ལ་སྣེ་ཁྲིད་བྱས་ནས་འཕེལ་རྒྱས་ཕྱུག་འགྱུར་ཡོང་བར་རྨང་རྡོ་བརྟན་པོ་བཏིངས།

གཏིང་ཟབ་སྒོས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བས་བཏོན་པའི་རེ་བ་གསར་བ་དང་གཞུང་ལུགས་གསར་བ། དམིགས་འབེན་གསར་བ། འགན་འཁུར་གསར་བ་བཅས་དཀྱིལ་སྙིང་དུ་བཟུང་བ་དང་། ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གཞི་རིམ་ཏང་གི་རྩ་འཛུགས་ལ་ཤུགས་བསྣན་ནས། དམངས་ཕན་གྱི་བྱ་བ་དེ་མཐར་ཐུག་གི་དམིགས་ཡུལ་དུ་བཟུང་ནས་དམངས་ལ་ཞབས་འདེགས་གང་ལེགས་བྱ་རྒྱུ་དང་། དེ་མིན་བསམ་བློའི་གོ་རྟོགས་མཐོ་བའི་ཕུལ་བྱུང་ན་གཞོན་སྐྱེད་བསྲིང་བྱས་ཏེ་ཏང་གི་རྩ་འཛུགས་ལ་ཤུགས་སྣོན་ལེགས་པོ་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

ཞོལ་མ་ཞང་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཐུགས་ཁུར་འོག སྟག་གསོད་སྡེ་བའི་དམངས་ཕན་ཞབས་ཞུ་ལྟེ་གནས་གཅིག་གསར་བསྐྲུན་དང་ཏང་སྲོལ་སྲིད་གཙང་གི་རྟེན་གཞི་གལ་ཆེན་འཛུགས་བསྐྲུན་བྱས་ལ།  དེ་མིན་དམངས་ཆེན་འཐུས་མིའི་གཞིས་ཁྱིམ་ལ་ཤུགས་སྣོན་བྱས་ཏེ་སྡེ་བའི་ཕྱོགས་བསྡུས་རང་བཞིན་གྱི་བྱ་བར་གྲུབ་འབྲས་ལེགས་པོ་བླངས་ཡོད་པ་དང་། རྫོང་ཞིང་སྡེ་དར་རྒྱས་ཅུའུ་ཡིས་སྒོར་ས་ཡ་གཅིག་འབུམ་ལྔ་ཡི་མ་དངུལ་བཏང་ནས་ལུག560ལྷག་ཉོས་ཏེ་ཐུན་མོང་དཔལ་འབྱོར་ལ་རྨང་གཞི་བརྟན་པོ་བཏང་ཡོད།

ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལྟར་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཤིང་། ཞང་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཧུར་ཐག་གིས་ལས་གཞི་བརྩོན་ལེན་བྱས་ཏེ། དམངས་སྒོ་ས་ཡ་བཞི་དང་འབུམ་ལྔ་ཡི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་མཉམ་ལས་ཁང་གི་འཛུགས་སྐྲུན་དང་གསོ་སྤེལ་ཐད་ལ་སྔར་ལས་ལྷག་པའི་གྲུབ་འབྲས་བཟང་པོ་ལེན་རྒྱུ་དང་། དེ་མིན་སློབ་གསོ་དང་འཕྲོད་བསྟེན་གཙོ་བོར་བཟུང་སྟེ་བསམ་བློའི་འདུ་ཤེས་དང་བདེ་ཐང་གི་ལྟ་བ་ཇེ་མཐོར་བཏང་ནས་ལྗང་མདོག་ཅན་དང་བདེ་འཇགས་ལྡན་པའི་སྡེ་བ་ཞིག་བསྐྲུན་རྒྱུར་ཧུར་བརྩོན་བྱེད་བཞིན་ཡོད་ལ། ཧུར་ཐག་གིས་ཞང་ཏང་ཨུ་དང་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་དམིགས་འབེན་སྣ་ཚོགས་ཡོངས་འགྲུབ་བྱས་ནས། ཏང་སྲོལ་སྲིད་གཙང་ཡིན་པ་དང་འཆམ་མཐུན་ཡིན་པ། དཔལ་ཡོན་ལྡན་པ་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡིན་པའི་འབྱོར་འབྲིང་གི་ལམ་ཁར་བསྐྱོད་པར་ཡིད་ཆེས་དང་རེ་སྨོན་གྱིས་ཁེངས་འདུག