ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར།(ཨང25པ)
2022.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་

བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར།

(ཨང25པ)

ཟླ4པའི་ཚེས13ཉིན་གྱི་ཆུ་ཚོད22དང་སྐར་མ50སྟེང་དུ། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ5ཇེ་མང་དུ་ཕྱིན། འབྲེལ་ཡོད་བྱ་བའི་བརྡ་སྦྱོར་གཤམ་གསལ་ལྟར།

གདགས་གཤིས་མི་སྣ41པ། ཕོ། ལོ53།

གདགས་གཤིས་མི་སྣ42པ། མོ། ལོ54། གདགས་གཤིས་མི་སྣ41པའི་ཆུང་མ་ཡིན།

གདགས་གཤིས་མི་སྣ43པ། མོ། ལོ27། གདགས་གཤིས་མི་སྣ41པའི་བུ་མོ་ཆེ་བ་ཡིན།

གདགས་གཤིས་མི་སྣ44པ། མོ། ལོ25། གདགས་གཤིས་མི་སྣ41པའི་བུ་མོ་ཆུང་བ་ཡིན།

གདགས་གཤིས་མི་སྣ45པ། མོ། ལོ10། གདགས་གཤིས་མི་སྣ41པའི་ཚ་མོ་ཡིན།

གོང་གི་གདགས་གཤིས་མི་སྣ5པོ་ཚང་མ་ཟླ4པའི་ཚེས12ཉིན་གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་རྒྱུན་ལྡན་མིན་པ་ཤེས་རྟོགས་བྱུང་ཞིང་། ཚེས13ཉིན་ཡང་བསྐྱར་ཉིང་སྐྱུར་བརྟག་དཔྱད་བྱས་པས་མཇུག་འབྲས་གདགས་གཤིས་མངོན་པ་རེད།

མིག་སྔར། གདགས་གཤིས་ཡིན་པའི་མི་སྣ5པོ་གཏན་འཁེལ་སྨན་ཁང་དུ་བསྐྱལ་ནས་རིམས་ནད་རིག་པའི་བརྟག་དཔྱད་དང་ཁུངས་འདེད་སོགས་ཀྱི་འབྲེལ་ཡོད་བྱ་བ་སྤེལ་བཞིན་པའི་སྒང་ཡིན།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་

བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ4པའི་ཚེས14ཉིན།