ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར།(ཨང44པ)
2022.04.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར།(ཨང44པ)

ཟླ4པའི་ཚེས11ཉིན་གྱི་ཆུ་ཚོད23དང་སྐར་མ56སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་ནད་པ12མང་དུ་སོང་པ་དང་། ཆེད་མཁས་ཚན་ཆུང་གིས་བརྟག་དཔྱད་བྱས་པ་བརྒྱུད་ནད་པ1ནད་དཔེ(ཡང་གྲས)དང་ནད་རྟགས་མེད་པའི་ནད་པ11གཏན་འཁེལ་བྱས་པ་རེད། དེའི་ནང་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ8དང་། ནད་རྟགས་མེད་པའི་ནད་པ9པ་ནས19པའི་བར་ནི་ཟླ4པའི་ཚེས12ཉིན་གྱི་བྲེལ་མྱུར་བརྡ་སྦྱོར་ཨང23ནང་སྤེལ་བའི་གདགས་གཤིས་མི་སྣ་ཡིན་ཞིང་། གཅིག་སྡུད་ལོགས་བཀར་ས་ཚིགས་སུ་ཉིང་སྐྱུར་བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་བ་རེད། གཅིག་སྡུད་ལོགས་བཀར་བྱས་ཉིན་ནས་བཟུང་སྤྱི་པའི་བྱེད་སྒོར་ཞུགས་པའི་རྗེས་ཤུལ་མེད་པ་རེད། མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་གོང་གསལ་གྱི་གདགས་གཤིས་མི་སྣར་སྨན་བཅོས་སྐྱོབ་བཅོས་སོགས་ཀྱི་བྱ་བ་སྤེལ་བཞིན་ཡོད་པ་རེད།

ཨའོ་སྨི་ཁེ་རོང་གི་གཞན་འགྱུར་དུག་རྐང་མཆེད་ཚད་སྔར་བས་ཤུགས་ཆེ་བ་དང་། བརྒྱུད་སྤེལ་གྱི་མྱུར་ཚད་སྔར་བས་མགྱོགས་པ། བརྒྱུད་སྤེལ་གྱི་གོ་རིམ་དེ་བས་མི་མངོན་པ་སོགས་ཀྱི་ཁྱད་ཆོས་ཡོད་པར་གཞིགས་ནས། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་མུ་མཐུད་དུ་གཞོགས་འདེགས་བྱེད་པ་དང་། དགོས་པ་མེད་ན་ཕྱིར་མི་འགྲོ་བ། མཉམ་འདུ་མི་བྱེད་པ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་བཅས་བྱེད་ཐུབ་པར་བྱ་དགོས། རྒྱུན་པར་ལག་པ་བཀྲུ་བ་དང་། རླུང་རྒྱུ་རུ་འཇུག་པ། ཉུང་འདུས་བྱེད་པ།སྨི་གཅིག་གི་བར་ཐག་འཇོག་པ་སོགས་ཀྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱ་དགོས། མི་སྒེར་གྱི་འགོག་སྲུང་བྱ་བ་རྒྱུན་མཐུད་ངང་ལེགས་པར་བསྒྲུབ་ནས། ཚན་རིག་དང་མཐུན་པར་ཁ་ཐུམ་རྒྱག་པ་དང་དྲོད་ཚད་འཇལ་བའི་ཞིབ་བཤེར་ཨང་གྲངས་སོགས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། བདེ་འཇགས་ཀྱི་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱས་ཏེ། ལུས་ལ་ཚ་བ་རྒྱས་པ་དང་། གློ་ལུ་རྒྱག་པ། མིད་པ་ན་བ། ཤུགས་ཟད་པ། ཚོར་བ་ཉམས་པ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། དུས་ཐོག་ཏུ་ཁ་ཐུམ་བརྒྱབ་ནས་ཚ་རྒྱས་སྒོ་བསྟེན་སྨན་བཅོས་ལས་ཁུངས་སུ་སྨན་པར་བསྟེན་དགོས།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་

བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ4པའི་ཚེས14ཉིན།