ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་སུ།རང་ཞིང་གིས་ས་གནས་ཀུན་ཏུ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོགལག་ལེན་མཐར་ཕྱིན་བྱེད་པའི་ཚ་རླབས་འཕྱུར་བཞིན་འདུགང་ཚོ་བཅར་འདྲི་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་སོ་ལྔའི་མཚམས་སུ་བསྐྱོད་ཚེ།ཉིན་མཐའ་གྲོང་རྡལ་གླང་ཆེན་སྡེ་བར་ཐོན་པ་དང་།སྡེ་བ་དེས་ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལག་ལེན་དངོས་ཀྱི་ཁྲོད་ལག་བསྟར་དོན་འཁྱོལ་བྱེད་པར་འབད་པ་བྱེད་བཞིན་འདུག
ཉིན་མཐའ་གྲོང་རྡལ་གླང་ཆེན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་ཉིས་སྟོང་བཅུ་གཅིག་ལོར་ཐོ་འགོད་བྱས་པ་དང་།དང་ཐོག་ཐོ་འགོད་བྱས་པའི་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་དགུ་སྟོང་ལྔ་རུ་སླེབས་ཡོད་ལ།གཙོ་བོ་ནོར་ནག་གསོ་སྤེལ་དང་ཤ་སྐམ་ལས་སྣོན་བྱེད་བཞིན་འདུགསྡེ་བའི་ཁྱིམ་ཚང་ཡོངས་རྫོགས་མ་རྐང་ནང་ཞུགས་ཡོད་པ་དང་།མ་རྐང་ལ་ཁྱིམ་ཚང་རང་རང་གི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་རྩྭ་ས་དང་ཕྱུགས་ཟོགསྒོར་མོ་བཅས་བཞག་ཡོད།ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་སུ།ཧི་ནན་རྫོང་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་འོགཉིན་མཐའ་གྲོང་རྡལ་གླང་ཆེན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་མི་རྣམས་ཀྱིས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གྲོང་གསེབ་དར་སྤེལ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་སྤེལ་བྱེད་པར་འདྲེས་སུ་བཅུག་སྟེ།མཉམ་ལས་ཁང་གི་མ་འོངས་པའི་འཕེལ་རྒྱས་དང་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་འདུག
གསར་འགོད་པས་མཉམ་ལས་ཁང་གི་འགན་འཛིན་པ་མགོན་པོ་རྣམ་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ།
གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་ནི་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་དགོས་ངེས་ཀྱི་བླང་བྱ་ཡིན་ལ།རྒྱ་ཆེའི་མང་ཚོགས་ཀྱིས་རེ་ཞིང་སྒུག་པ་དང་ཞིང་གསུམ་བྱ་བ་ལེགས་པོར་སྒྲུབ་པའི་འགན་ནུས་གཙོ་བོའང་ཡིན།གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།ཉེ་བའི་ལོ་འདི་དག་གི་ནང་དུ།གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ནན་མོ་གཏོང་ཆེད།གླང་ཆེན་སྡེ་བར་ད་ལྟའི་བར་དུ་མ་དངུལ་སྒོར་ས་ཡ་དྲུག་བཏང་བ་དང་།དེའི་ཁྲོད་དུ་ཕྱུགས་ཟོག་གསོ་སྤེལ་ར་བར་སྒོར་ས་ཡ་གཉིས་དང་ཤ་སྐམ་ལས་སྣོན་འཕྲུལ་ཆས་ལ་སྒོར་འབུམ་ལྔ་བཏང་ཡོད་ལ།སྒོར་ས་ཡ་གསུམ་དང་འབུམ་ལྔ་ལྷག་གིས་ཕྱུགས་ཟོག་ཉོས་ཡོད།སྡེ་མི་རྣམ་ཐར་ནི་མཉམ་ལས་ཁང་གི་ཕྱུགས་རྫིའི་གྲས་ཀྱི་གཅིག་ཡིན།སྔོན་ཆད་ཁོ་ཚང་གི་འཚོ་བའི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད་ནའང་།བསྟུད་མར་ལོ་འགའི་ནང་དུ་ཕྱུགས་ཟོག་འཚོ་སྐྱོང་བྱས་པའི་ཡོང་སྒོ་དང་སྡེ་བའི་མཉམ་ལས་ཁང་གི་བགོ་བཤའ་ལ་བརྟེན་ནས་ད་ལྟ་ཁོ་ཚང་གི་འཚོ་བར་མངོན་གསལ་གྱིས་འགྱུར་ལྡོག་བྱུང་ཡོད།
ཧི་ནན་རྫོང་ཉིན་མཐའ་གྲོང་རྡལ་གླང་ཆེན་སྡེ་བས་གྲོང་གསེབ་དར་སྤེལ་གྱི་འགྲོས་དང་བསྟུན་ནས།གོང་རིམ་སྲིད་གཞུང་གི་མཛུབ་སྟོན་དང་སྣེ་ཁྲིད་འོག་ཏུ།ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་སྟེ།རྩྭ་ཕྱུགས་དོ་མཉམ་དང་།ལྗང་མདོག་ཐོན་ལས་དར་སྤེལ། ཐུན་མོང་ཕྱུག་འགྱུར་བཅས་ཀྱི་ལམ་ཁར་འབད་འབུངས་སྒོས་སྐྱོད་བཞིན་ཡོད།
གསར་འགོད་པ། ལྷ་མོ་ཚེ་རིང་། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ།
ལྟ་སྐུལ་པ། དབང་གྲགས་ཚེ་རིང་།