མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོའི་ཏང་ཡོན་རྣམས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱས།
ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་གྲུ་ཀུན་ཏུ་རང་ཞིང་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་མཐོ་རབས་ཤིག་གང་སར་མཆེད་པའི་སྐབས་འདིར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོས་ཀྱང་འབྲེལ་ཡོད་ཀྱི་བླང་བྱ་གཞིར་བཟུང་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་བསྡུས་ཤིང་། རྨ་ཆེན་རྫོང་ཏང་གི་སློབ་གྲྭ་ནས་དགེ་རྒན་གདན་ཞུ་བྱས་ཏེ། ཡུལ་ཚོའི་ཏང་སྲིད་འགོ་ཁྲིད་དང་ཡུལ་ཚོའི་ལས་བྱེད་མི་སྣ། སྡེ་བ་སོ་སོའི་མང་ཚོགས་ཏང་ཡོན་སོགས་མཉམ་དུ་འཛོམས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཏང་གི་གསུང་སྐད་སྙན་མོ་མང་ཚོགས་རྣམས་ཀྱི་སྙན་ལ་སྒྲོན། དེའི་སྐོར་ནས་སྡོམ་ཁོག་ཡུལ་ཚོའི་དྲག་ཆས་པུའུ་ཡི་པུའུ་ཀྲང་ཁྲིན་ཅཱ་པོ་ཡིས་བཤད་རྒྱུར།
ཚོགས་ཐོག་ནས་རྫོང་ཏང་གི་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་ཏང་གི་ཚོགས་ཆེན་གྱི་དགོངས་དོན་དང་སྡོམ་ཁོག་ཡུལ་ཚོའི་དོན་དངོས་གཉིས་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་རྣམས་ལ་གོ་སླ་ཞིང་ཉན་བདེ་བའི་སྒྲོག་འགྲེལ་གྱི་ཐབས་ལམ་སྤྱད་པས། ཡུལ་དངོས་སུ་སྒྲོག་འགྲེལ་ལ་ཉན་པའི་ཡུལ་ཚོའི་ཏང་ཡོན་ཚོས་བློ་སེམས་རྣལ་ལ་ཕབ་ཅིང་། སྤྲོ་སྣང་ཆེན་པོས་སྲིད་ཇུས་ཀྱི་དགོངས་དོན་ཁྲོད་ཀྱི་གཙོ་གནད་ཁག་ཟིན་བྲིས་སུ་འདེབས་པ་དང་སྒྲ་ལེན་པ་སོགས་བྱས་ཏེ། སློབ་སྦྱོང་གི་གོ་རིམ་ཧྲིལ་བོ་སྦྱངས་པ་གོ་ཆོད་ཀྱི་ཆུ་ཚད་དུ་སླེབས་པར་འབད་པ་བྱེད་ཀྱིན་འདུག སྡོམ་ཁོག་ཡུལ་ཚོ་དྭངས་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པད་མ་རྡོ་རྗེ་ཡིས་བཤད་རྒྱུར།
སྡོམ་ཁོག་ཡུལ་ཚོ་ནི་མཚོ་འཕང་སྨི་བཞི་སྟོང་བརྒྱ་ལྷག་གི་མཐོ་སྒང་ས་ངོས་སུ་ཆགས་ཡོད་ལ། སྡེ་བ་གཉིས་དང་ཁྱིམ་ཚང་དྲུག་བརྒྱ་རེ་ལྔ། མི་གྲངས་ཉིས་སྟོང་སུམ་བརྒྱ་དོན་བདུན་གྱིས་གྲུབ་ཡོད། ཐེངས་འདིར་སྡོམ་ཆེན་སྡེ་བ་དང་དྭངས་ཆེན་སྡེ་བ་གཉིས་ཀྱི་ཏང་ཡོན་བརྒྱ་དང་ཉེར་ལྔ་ལྷག་སྒྲོག་འགྲེལ་ཚོགས་འདུ་ལ་ཞུགས་ཤིང་། ཚང་མས་ཚོགས་འདུའི་དགོངས་དོན་ལ་ཉན་རྗེས་ལང་ལོང་གིས་བསྟན་དོན།
ཚོགས་ཐོག་ཏུ་ལོ་ན་དོན་གསུམ་ལ་བུད་པའི་ཏང་ཡོན་རྒན་པ་ཞིག་འདུག་ལ། ཁོས་རང་ཉིད་ཏང་ཡོན་ཞིག་ཡིན་པའི་རྩ་དོན་ནམ་ཡང་བོར་མ་མྱོང་བར། སྡེ་བའི་ས་ཕྱོགས་གང་ཞིག་ཏུ་དཀའ་ངལ་ཡོད་ན་རང་ཉིད་དཀའ་ངལ་གང་དེའི་གདོང་ལ་བུད་ནས་མི་ཚེ་གང་བོ་མཐར་སྐྱེལ་བྱས་པས། ཡུལ་ཚོའི་སྲིད་གཞུང་དང་སྡེ་བའི་མང་ཚོགས་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་འདུག ཁོ་ནི་སྤྱི་དོན་ལ་དགའ་ཞིང་སྒེར་སེམས་མེད་པ། ལས་ཀ་ཧུར་ཐག་གིས་འཇུག་མཁན་གྱི་ཏང་ཡོན་རྒན་པ་ཞིག་སྟེ། ཁོའི་མིང་ལ་ཨ་ཁུ་འོ་ཁེ་ཟེར།ཁོས་བཤད་རྒྱུར།
ཐེངས་འདིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བརྒྱུད་ནས། རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུའི་ནང་བཏོན་པའི་སྐྱེ་ཁམས་སྲུང་དང་མི་རིགས་མཐུན་སྒྲིལ།གཞི་རིམ་ཏང་རྩ་འཛུགས་སོགས་སྲིད་ཇུས་སྐོར་གྱི་ཤེས་བྱ་མང་པོ་ཞིག་སེམས་ལ་ངེས་པར་བྱས་ཏེ། ཏང་དང་སྲིད་གཞུང་གིས་དམངས་ཕན་གྱི་སྲིད་ཇུས་གང་དག་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་། རང་གི་གོ་རྟོགས་ལ་བརྟེན་ནས་མ་འོངས་པའི་བྱ་བའི་གོ་རིམ་ཁྲོད་དུ་ཏང་ཡོན་གྱིས་སྣེ་ཁྲིད་དེ། རབ་མཛེས་མཚོ་སྔོན་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ། གནས་བཞི་འཛུགས་སྐྲུན་སོགས་ཀྱི་བྱ་བ་སྔར་ལས་གཙིགས་སུ་བཟུང་ནས། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་པ་ཧུར་ཐག་བྱེད་རྒྱུར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད།
གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།
རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།