ཝང་དབྱང་གིས་མགོ་འཛིན་བྱས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2023.03.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 60

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པས་དབང་ཆ་བསྩལ་པ་བརྒྱུད། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཟླ་གསུམ་པའི་ཚེས་གཅིག་ཉིན་པེ་ཅིང་དུ་ཀྲུའུ་ཞི་གྲོས་ཚོགས་ཐེངས་གྱ་ལྔ་པ་བསྡུས་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འབྲེལ་ཡོད་དོན་དག་ལ་གྲོས་ཞིབ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཟླ་གསུམ་པའི་ཚེས་གཅིག་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པས་དབང་ཆ་བསྩལ་པ་བརྒྱུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གྲོས་ཚོགས་ཐེངས་གྱ་ལྔ་པ་པེ་ཅིན་དུ་བསྡུས་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འབྲེལ་ཡོད་དོན་དག་ལ་གྲོས་ཞིབ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའ་ཞི་ཚོགས་པའི་ཁོངས་མི་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་དྲུང་ཡིག་ཆེན་མོ། དྲུང་ཡིག་གཞོན་པ་སོགས་ཀྱི་མི་སྣའི་གྲོས་འདོན་མིང་ཐོའི་འཆར་ཟིན་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་འདོན་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མི་སྣའི་གྲོས་འདོན་མིང་ཐོའི་འཆར་ཟིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་ཀྱི་ཉིན་རིམ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཚན་ཆུང་བགོ་བའི་བྱེད་ཐབས་འཆར་ཟིན་དང་ཨུ་ཡོན་ཚན་ཆུང་གི་འགོ་སྡུད་མི་སྣའི་མིང་ཐོའི་འཆར་ཟིན། དྲུང་ཡིག་ཁྲུའུ་ཡི་སྒྲིག་གཞིའི་འཆར་འགོད་དང་བྱ་བའི་ལས་འགན་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་སྟེང་གོང་གི་འབྲེལ་ཡོད་འཆར་ཟིན་དག་སོ་སོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་དང་ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད། 

གྲོས་ཚོགས་སྟེང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་འབུལ་རྒྱུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་གིས་འབུལ་རྒྱུའི་གྲོས་འདོན་བྱ་བའི་གནས་ཚུལ་གྱི་སྙན་ཞུ་གཉིས་འཚམས་སྦྱོར་བྱས།

གྲོས་ཚོགས་སྟེང་གོ་ཝེ་མེན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་མགྲིན་ཚབ་པའི་འགན་འཁུར་རྒྱུ་གཏན་ཁེལ་བྱས།

གྲོས་ཚོགས་སྟེང་བློ་མཐུན་ཞང་ཏུང་གི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་མི་ཁུར་བའི་རེ་ཞུ་དང་ལེན་བྱེད་པའི་ཆོད་དོན་དང་ཧི་ཧུང་ཅུན་གྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་ལེན་པའི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ད་དུང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་བྱ་བའི་གནས་ཚུལ་དང་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་གི་སྤུས་ཚད་དཔྱད་འཇོག་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ལིས་པེན་སོགས་ཀྱིས་འབྲེལ་ཡོད་གྲོས་དོན་གསལ་བཤད་དང་ཡར་ཞུ་བྱས།

མི་ཕམ་མགོན་པོས་བསྒྱུར།