རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་ཟླ་གསུམ་པའི་ཚེས་གཅིག་ཉིན་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་། ལག་བསྟར་བཅས་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་སྟེང་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་ཕུལ་བའི་བྱ་བའི་སྙན་ཞུས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཚུན་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཁག་ཁུར་བཟང་བོ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོར་སྐུལ་འདེད་བཏང་བའི་ཐད་བླངས་པའི་གྲུབ་འབྲས་གསར་པར་མ་ལག་ལྡན་པའི་སྒོ་ནས་སྤྱི་བསྡོམས་བྱས་ཡོད་པར་འདོད། ཚང་འཛོམས་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་བྱ་རྩིས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་འོས་མིའི་གྲོས་གཞིའི་མིང་ཐོ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་བྱ་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་འགོ་ཁྲིད་མི་སྣའི་འོས་མིའི་གྲོས་གཞིའི་མིང་ཐོར་གྲོས་བསྡུར་བྱས་པ་དང་། དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན།
གྲོས་ཚོགས་སྟེང་བལྟས་ན། ཚོང་འཛོམས་གྲོས་ཚོགས་སྟེང་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཐག་གཅོད་དང་ཇུས་གཞི་ལ་གྲོས་འཆམ་བྱུང་བ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ནུས་ལྡན་བྱེད་ཐབས་ཡིན་པ་དང་། དེ་ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བར་ཕན་ཐོགས་ཡོད་ལ། ཏང་གི་ཕྱོགས་ཡོངས་ཀྱི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་སྒྲིག་གཞིའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་བཀོད་འདོམས་བྱེད་པ་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པར་འགན་སྲུང་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་རང་རྒྱལ་གྱི་ལམ་ལུགས་དགེ་མཚན་དེ་རྒྱལ་ཁབ་བཅོས་སྐྱོང་བྱེད་ནུས་སུ་བསྒྱུར་བར་ཕན་ཐོགས་ཡོད་པར་འདོད།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པ། བཅོས་སྒྱུར་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བའི་ཤུགས་འདོན་ས་ཡང་དག་པར་འཚོལ་བ། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱེད་པ། སྲིད་ཇུས་དྲིལ་སྒྲོག་དང་དོགས་གནད་སེལ་བ། ཐུན་མོང་གི་འདུ་ཤེས་གཅིག་བསྡུས་བྱེད་པ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ། སྤྱི་ཚོགས་ལས་རིགས་སོ་སོར་ཁྲིད་སྟོན་བྱས་ཏེ་སྔོན་དཔག་བརྟན་པོ་ཡོང་བར་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མགོ་བཟང་བོ་རྩོམ་པར་བྱས་རྗེས་འབུལ་དགོས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་རྩ་འཛུགས་བྱ་བ་སོ་སོ་དམ་འཛིན་བཟང་བོ་བྱས་ཏེ་གྲོས་ཚོགས་ཀྱི་དམངས་གཙོ་མཐུན་སྒྲིལ་དང་སེམས་ཤུགས་གཅིག་སྒྲིལ། སྤྱོད་གཙང་སྲོལ་བཟང་ལ་འགན་སྲུང་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།