ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ནས་ཟླ་གསུམ་པའི་ཚེས་གཉིས་ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་གསར་དུ་ལས་འགན་ཁུར་བའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་གཅིག་བསྡུས་སློབ་སྦྱོང་རྩ་འཛུགས་བྱས་ཏེ། ཚོགས་ཆེན་སྐབས་ཀྱི་འཐུས་མིའི་འགན་སྒྲུབ་གྱི་ལས་རིམ་གལ་ཆེན་ཐད་ཀྱི་ཆེད་དོན་གསོ་སྦྱོང་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་མཱ་ཧྲི་ཀུང་དང་མཱ་ཧྥུའུ་ཁྲང་། ཝང་ཧྭ་ཅེ། ཝང་གོ་ཏུང་། རིན་ཆེན་བཀྲ་ཤིས། པིས་ཧྲིན་ལུང་། ཆའོ་ཡཱ་ཆུན། ལིའུ་ཞའོ་རུང་། ཞུའུ་ཆེན་མེན། ཡུན་ཧུང་ཝེ། བསོད་ནམས་བསྟན་འཛིན། ཤ་བོ་སྒྲོལ་མ། གོ་ཅིན་ཕེན། ཏུང་ཆོན་མེན། ཅང་ཀྲི་ཀང་བཅས་དང་། བཅིངས་འགྲོལ་དམག་དང་དྲག་ཆས་དམག་དཔུང་འཐུས་ཚབ་ཚོགས་པའི་འཐུས་མི་ཧྲི་ཧྲུའུ་ཧི་དང་དབྱང་ཀྲི་ཆིང་། ཀྲང་ཧྥ་ཅུའུ། ཧི་ཐེན་ཐེན་བཅས་ཟབ་ཞུགས་བྱས།
ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། རང་རེའི་ཞིང་ཆེན་གྱི་གསར་དུ་ལས་འགན་ཁུར་བའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྣེ་ཁྲིད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དོན་འཁྱོལ་བྱེད་དགོས་ལ། རྩ་ཁྲིམས་དང་འབྲེལ་ཡོད་ཁྲིམས་ལུགས་ལ་སློབ་སྦྱོང་ནན་མོ་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སྒྲིག་སྲོལ་གྱི་དོན་སྙིང་གལ་ཆེན་དང་གོ་གནས། བྱེད་ནུས། ཁྱད་ཆོས་བཅས་ལ་རྒྱུས་ལོན་བྱེད་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་ཕུན་སུམ་ཚོགས་པའི་བརྗོད་དོན་དང་ལག་ལེན་བླང་བྱར་རྒྱུས་ལོན་ཟབ་མོ་བྱེད་པ། དམངས་ཆེན་འཐུས་མིའི་དབང་ཆ་དང་ལས་འགན་ལ་རྒྱུས་ལོན་ཡང་དག་བྱེད་པ། ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་ནས་མཚོ་སྔོན་འཐུས་ཚབ་ཚོགས་པའི་རྣམ་པ་བཟང་པོ་ངོམ་དགོས།
འཐུས་མི་རྣམས་ཀྱིས་གཅིག་བསྡུས་སྒོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་བྱས་པ་དང་། དུས་མཉམ་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཆེད་དོན་སྙན་ཞུ་དང་གནས་ཚུལ་ཁྱབ་བསྒྲགས་བརྙན་རིས་སོགས་ལ་བལྟས།ཚང་མས་བསྟན་དོན། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་རྒྱལ་ཡོངས་དམངས་ཆེན་གྱི་བླང་བྱ་ཁག་དོན་འཁྱོལ་ནན་མོ་བྱེད་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་བསམ་ཕྱོགས་འཐུས་མིའི་འགན་སྒྲུབ་ལག་བསྟར་བྱེད་པའི་སྟེང་མངོན་པར་བྱས་ནས་འཐུས་མིའི་བྱེད་ནུས་བརྒྱུད་རིམ་སོ་སོ་དང་ཕྱོགས་ཡོངས་ནས་མངོན་པར་བྱེད་རྒྱུ་ཡིན་ཟེར།
མི་ཕམ་མགོན་པོས་བསྒྱུར།