རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2023.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

ཟླ་གསུམ་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀོ་ཝེ་མེན་གྱིས་མཚམས་སྦྱོར་བྱས་ནས་བཤད་རྒྱུར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་དུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་རྒྱུ་ཡིན་པ་དང་། ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོ་གྲོལ་རྒྱུ་ཡིན་ལ། ཚོགས་ཡུན་ཉིན་བདུན་དང་ཕྱེད་ཀ་ཡིན་ཟེར།

ཀོ་ཝེ་མེན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་ཚུན་ལ། རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལག་ལེན་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་ནན་མོ་བཏང་བར་བརྟེན། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་དང་ཉམས་སྣང་གསར་པ་ཐོན་ཡོད་ཟེར།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པས་ད་དུང་ཀྲུང་གོའི་དཔལ་འབྱོར་དང་ཕྱི་ཕྱོགས་སྒོ་འབྱེད། ལས་ཞུགས་སོགས་ཀྱི་གནད་དོན་ཐད་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ།

བན་དེ་སྐྱབས་ཀྱིས་བསྒྱུར།