མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད་རྒྱུ་ཆར་བཟོ་བཅོས་ནན་མོ་བྱས་ཏེ་འཐུས་ཚང་དུ་བཏང་།
2023.03.04 ཁུངས། ཀློག་གྲངས། 73

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ལ་ཉེ་བའི་སྐབས་སུ།  མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་དུས་ཚོད་དམ་འཛིན་བྱས་ཏེ་གྲོས་གཞི་དང་གཏམ་བཤད་རྒྱུ་ཆར་བཟོ་བཅོས་ནན་མོ་བྱས་ཏེ་འཐུས་ཚང་དུ་བཏང་ནས་ཚོགས་ཆེན་བཟང་བོར་བསྡུ་བར་གྲ་སྒྲིག་གང་ལེགས་བྱས།

ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་།    མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་འགན་སྒྲུབ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཚོགས་ཞུགས་ཨུ་ཡོན་རྣམས་ཀྱིས་ངོས་འཛིན་གཅིག་གྱུར་དང་ལངས་གནས་ཇེ་མཐོར་གཏོང་བ།   རྟོག་ཞིབ་གཏིང་ཟབ་བྱས་ཏེ་གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད་རྒྱུ་ཆ་གྲ་སྒྲིག་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པར་སྐུལ་སློང་བྱས་པ་དང་།   མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ལ་གྲོས་གཞིའི་རྒྱུ་ཆ་འདོན་སྤྲོད་དང་ཞབས་འདེགས་བཟང་བོ་ཞུས་ཏེ་ཁོ་ཚོས་འགན་འཁྲི་ལས་འགན་ལག་བསྟར་བཟང་བོ་བྱེད་པའི་ཐད་སྟོབས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱས།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ནམ་ཡིན་ཡང་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་བ་དང་།   འཕེལ་རྒྱས་དང་དམངས་ཚིས་ལ་དམ་དུ་དམིགས་པ།   གཙོ་གཞིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ།   གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་པ།   རྒྱུ་ཆ་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ།   གྲོས་གཞི་དང་གཏམ་བཤད་རྒྱུ་ཆ་བཟོ་བཅོས་ནན་མོ་བྱས་ཏེ་འཐུས་ཚང་དུ་བཏང་ནས་ཧུར་ཐག་གིས་འགན་སྒྲུབ་ཕན་ནུས་ཇེ་མཐོར་བཏང་།    ཨུ་ཡོན་རྣམས་ཀྱིས་བསྟན་དོན།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་།   འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་བློ་འདོན་ཇུས་འབུལ་བྱེད་པ་དང་།   རྒྱལ་དོན་གྱི་ཆེ་ཕྱོགས་དང་ཞིང་ཆེན་གྱི་དོན་ཆེན་ཡིད་ལ་དམ་པོར་འཛིན་པ་དང་།    ཆེས་མཐོ་བའི་གྲོས་མོལ་སྟེགས་བུའི་སྟེང་བློ་འདོན་ཇུས་འབུལ་བྱེད་པའི་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བཟང་བོ་བྱེད་པ།    སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཀྱི་གཙོ་གནད་དཀའ་གནད་གཅིག་བསྡུས་བྱས་ཏེ་འགན་སྒྲུབ་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་པ་དང་།    རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་ཚོགས་ཆེན་གཉིས་ཀྱི་གཏམ་རྒྱུད་དང་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་སྲིད་གྲོས་ཨུ་ཡོན་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།