རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲའོ་ལི་ཅི་ཚེས་བཞི་ཉིན་བསྡུས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རུ་བདམས། དེ་དང་མཉམ་དུ། ད་དུང་ལིས་ཀན་ཅེ་དང་ལིས་ཧུང་ཀྲུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥིན། ཧི་ཝེ། ཝུའུ་ཝེ་ཧྭ་བཅས་ཀྱང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རུ་བདམས།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་སྟེང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་བདམས་ཐོན་བྱུང་བ་དང་། ཚེས་བཞི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དང་པོ་བསྡུས། གྲོས་ཚོགས་ལ་འཐུས་མི་བརྒྱ་དང་གོ་གཉིས་ཞུགས་དགོས་པ་དང་། འཐུས་མི་བརྒྱ་དང་གོ་གཉིས་གྲོས་ཚོགས་ལ་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་དོན་སྒྲིག་ལམ་ལྟར། གྲོས་ཚོགས་ཀྱིས་ཐོག་མར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡི་མགོ་འཛིན་འོག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བདམས།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་འགན་འཁྲི་ནི། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྡུད་རུབ་བྱེད་པ་མ་ཟད་གྲོས་ཚོགས་ལ་མགོ་འཛིན་བྱེད་པ་དང་། ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱེད་པར་རེ་ཞུ་བྱེད་པའི་བྱ་བའི་ཐད་ནས། དྲུང་ཡིག་ཁྲུའུ་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ལ་ཉན་པ་དང་། ཀྲུའུ་ཞི་ཚོགས་པར་གྲོས་གཞི་འདོན་པ། གྲོས་ཚོགས་ཀྱི་ཉིན་རིམ་ལ་དགོས་ངེས་ཀྱི་ལེགས་སྒྲིག་བྱེད་ཆོག་པ། འཐུས་མི་ཚོགས་པའི་ཚོགས་གཙོའི་གྲོས་ཚོགས་བསྡུ་ཆོག་པ་དང་། གྲོས་གཞི་དང་སྙན་ཞུ་དང་འབྲེལ་བའི་གནད་དོན་གལ་ཆེན་ཐད་ནས་འཐུས་ཚབ་ཚོགས་པ་སོ་སོའི་བསམ་ཚུལ་ལ་ཉན་པ་དང་གྲོས་སྡུར་བྱེད་པ་མ་ཟད། གྲོས་སྡུར་གྱི་གནས་ཚུལ་དང་བསམ་ཚུལ་ཀྲུའུ་ཞི་ཚོགས་པར་ཡར་ཞུ་བྱེད་པ། ཆེད་དོན་རང་བཞིན་གྱི་གནད་དོན་གལ་ཆེན་ཐད་ནས། འཐུས་ཚབ་ཚོགས་པས་བདམས་པའི་འབྲེལ་ཡོད་འཐུས་མི་དང་གྲོས་སྡུར་བྱེད་ཆོག་པ་དང་། གྲོས་ཚོགས་སྟེང་གྲོས་སྡུར་བྱས་པའི་གནས་ཚུལ་དང་བསམ་ཚུལ་ཀྲུའུ་ཞི་ཚོགས་པར་ཡར་ཞུ་བྱེད་རྒྱུ་བཅས་རེད།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་འདེམས་སྒྲུག་གཏན་ཁེལ་བྱས་རྗེས། ལིས་ཀྲན་ཧྲུའུ་ཡིས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཚོ་ཀྲུའུ་ཞི་སྟེགས་བུའི་སྟེང་གདན་ཞུ་བྱས་ནས་གྲོས་ཚོགས་ལ་མགོ་འཛིན་བྱེད་དུ་བཅུག་པ་དང་། ལིས་ཀྲན་ཧྲུའུ་ཡིས་མི་རེ་རེར་ལག་འཇུ་བྱས་ནས་འཚམས་འདྲི་བྱས་རྗེས་ཚོགས་ཁང་ནས་ཕྱིར་བུད་པ་དང་། ཚོགས་ཁང་ཡོངས་སུ་ཐལ་མོ་རྡབ་སྒྲས་ཁེངས།
དེའི་རྗེས་སུ། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱིས་ཀྲའོ་ལི་ཅི་ཡི་མགོ་འཛིན་འོག བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཉིན་རིམ་ལ་གྲོས་འཆམ་བྱུང་། གྲོས་རིམ་ལྟར། ཐེངས་འདིའི་ཚོགས་ཆེན་ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་སྔ་དྲོ་འཚོགས་འགོ་རྩོམ་རྒྱུ་དང་། ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་གྲོལ་རྒྱུ་གཏན་ཁེལ་བྱས་ལ། ཚོགས་ཡུན་ཉིན་བརྒྱད་དང་ཕྱེད་ཀ་རེད།
རྒྱལ་ཡོངས་དམངས་ཆེན་གྱི་གྲོས་དོན་སྒྲིག་ལམ་གྱི་གཏན་ཁེལ་ལྟར། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་འགའ་འདེམས་སྒྲུག་བྱས་ནས་སོ་སོར་ཐེངས་རེ་རེའི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞིའི་འགན་ཁུར་དུ་བཅུག བརྡས་ཐག་བཅད་པ་བརྒྱུད་དེ། ཚོགས་ཐོག་ནས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་བདམས།
ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། ལིའུ་ཅུན་ཁྲིན་དང་མིན་ཞང་ཧྥིན། ཅང་ཞིན་ཀྲི། ལིའུ་ཅན་པོ། ཝང་ཁྲའོ་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་རུ་བདམས། ཚོགས་ཐོག་ཏུ། ཝང་ཁྲའོ་ཡིས་ཚོགས་ཆེན་གྱི་མགྲིན་ཚབ་པའི་འགན་གཅིག་ལྕོགས་སུ་འཁུར་རྒྱུའི་ཐག་བཅད།
ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། ཚོགས་ཆེན་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་དང་། ཚོགས་ཆེན་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་གྱི་འོས་མིའི་སྐོར་གྱི་བརྡས་གཅོད་བྱེད་ཐབས་འཆར་ཟིན་འཐུས་ཚབ་ཚོགས་པ་སོ་སོས་གྲོས་ཞིབ་བྱས་རྗེས། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་བརྡས་ཐག་གཅོད་པར་སྤྲོད་རྒྱུ་གཏན་ཁེལ་བྱས།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་དོན་སྒྲིག་ལམ་གྱི་གཏན་ཁེལ་ལྟར་ན། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་སྐབས་སུ་ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་དགོས་པ་དང་། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་སྐབས་སུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལ་ཞིབ་བཤེར་དང་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལ་ཞིབ་བཤེར་བྱེད་དགོས་པས། ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་སྔ་དྲོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་དེ་གཉིས་བདམས་ཐོན་འབྱུང་དགོས། ཚོགས་ཐོག་ནས། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་། ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་འོས་མིའི་མིང་ཐོར་གྲོས་ཞིབ་བྱས། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། འབྲེལ་ཡོད་འོས་མིའི་མིང་ཐོ་འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་སྡུར་བྱས་རྗེས། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་བརྡས་ཐག་གཅོད་རྒྱུའི་རེ་ཞུ་བྱས།
ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། ཚོགས་ཆེན་སྐབས་སུ་འཐུས་མིའི་གྲོས་གཞི་འདོན་པའི་དུས་ཚོད་ནི་ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་དུས་ཚོད་བཅུ་གཉིས་བར་ཡིན་པ་ཐག་བཅད། གྲོས་ཚོགས་སྐབས་སུ། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་ཚབ་ཚོགས་པ་དང་འཐུས་མིས་ཚོགས་ཆེན་སྐབས་སུ་བཏོན་པའི་གྲོས་གཞི་ལ་ཞིབ་འཇུག་བྱས་པ་དང་། ཐག་གཅོད་ཀྱི་བསམ་འཆར་བཏོན་པ་མ་ཟད། ཀྲུའུ་ཞི་ཚོགས་པས་ཐག་གཅོད་པར་ཡར་ཞུ་བྱས།
རིན་ཆེན་མཚོས་བསྒྱུར།