རྒྱལ་སྤྱིའི་མི་སྣ་དག་གིས་ཀྲུང་གོའི་ཚོགས་ཆེན་གཉིས་ལ་དོ་སྣང་ཆེན་པོ་བྱས་པ་དང་། ཀྲུང་གོའི་དཔལ་འབྱོར་གཏན་འཇགས་ངང་འཕར་སྣོན་བྱེད་པ་དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་དོན་སྙིང་གལ་ཆེན་ལྡན་ལ། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ཡོངས་ལ་སྔར་ལས་མང་བའི་གོ་སྐབས་བསྐྲུན་ཐུབ་ཟེར།
རྒྱལ་ཁབ་མང་བོའི་མི་སྣས་བསྟན་དོན། ད་ལོའི་ཚོགས་ཆེན་གཉིས་དེ་འཛམ་གླིང་ཡོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ཞིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་ཡོད་པ་དང་། ཞོར་དུ་ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གང་ལེགས་བྱེད་པ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དེ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།