ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཧྥུའུ་ཅན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཁོ་ཡོད་སའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཧྥུའུ་ཅན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མིའི་གཏམ་བཤད་ལ་ཉན་རྗེས་ལིས་ཞི་ཡིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་ཡོངས་སུ་འཐད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་གྱི་ལོ་ངོ་ལྔ་ནི་རྒྱུན་ལྡན་དང་སྤྱིར་བཏང་མ་ཡིན་པའི་ལོ་ངོ་ལྔ་ཡིན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་ལ་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་སྟོན་ལ་རག་ལས་ཡོད། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ནས། སྔར་ལས་རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བཏང་སྟེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ཟེར།
ལིས་ཞི་ཡིས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཧྥུའུ་ཅན་གྱི་ལེའུ་འབྲི་ན། སྔར་ལས་རང་རྟོགས་ཀྱིས་ཏང་ཀྲུང་དབྱང་གི་ཧྥུའུ་ཧན་ཅན་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལ་གོ་བ་ཟབ་མོ་བླངས་ནས་དངོས་འབེབས་གང་ལེགས་བྱེད་དགོས། ཁོས་ཧྥུའུ་ཅན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་སྔར་ལས་ཆེ་བ་བཞིའི་རེ་བ་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཤིང་། ཞབས་ཞུ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞུགས་པའི་ངེས་གནས་ཡང་དག་པར་འཚོལ་བ་དང་། ཐུན་མིན་གྱི་ས་ཁོངས་འཕེལ་རྒྱས་ཀྱི་ཁྱད་སྟོབས་དང་ཐོན་ཁུངས་ཁྱད་སྟོབས་བེད་སྤྱོད་བྱས་ཏེ། འབད་བརྩོན་བྱས་ན་རྒྱལ་ཁ་ལོན་པ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་རྣམ་པ་སྲུང་འཛིན་བྱས་ནས། ཧྥུའུ་ཅན་གྱི་འཕེལ་རྒྱས་ཐད་ཡང་བསྐྱར་གྲུབ་འབྲས་བསྐྲུན་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
ལིས་ཞི་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ལས་བསྩལ་བའི་འགན་འཁྲི་ལག་བསྟར་གང་ལེགས་བྱས་ཏེ། སྟོབས་དང་ལྡན་པའི་ཆབ་སྲིད་ལྟ་རྟོག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་ཕན་ནུས་ལྡན་པར་དངོས་འབེབས་བྱེད་པར་འགན་སྲུང་བྱེད་པ་དང་། གཞི་གཅིག་ཏུ་མི་རུལ་བ་གསུམ་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་བཀག་སེལ་འགེབ་སྲུང་བྱེད་པ། མང་ཚོགས་ཉེ་འདབས་ཀྱི་ལྐོག་རྔན་ཟ་མཁན་ལ་ཆད་གཅོད་ནན་མོ་བྱས་ནས་འཕེལ་རྒྱས་གྲུབ་འབྲས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ངེས་པ་དོན་གྱི་ཕན་པ་འབྱུང་བར་སྐུལ་འདེད་གཏོང་བ། སྤྱོད་ངན་བཞི་ཡོ་བསྲང་བྱས་ནས་སྲོལ་བཟང་ཆགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་པ། འཐུས་སྒོ་ཚང་བའི་ལྟ་རྟོག་མ་ལག་གིས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།