ཝང་ཧུའུ་ཉིང་ཀྲུང་གུང་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་ཚོགས་འདུར་ཞུགས།
2023.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 70

ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་མགོ་འཛིན་པ་ཝང་ཧུའུ་ཉིང་ཀྲུང་གུང་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་ཚོགས་འདུར་ཞུགས།

ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་མགོ་འཛིན་པ་ཝང་ཧུའུ་ཉིང་ཀྲུང་གུང་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་ཚོགས་འདུར་ཞུགས། ཚོགས་ཐོག་ནས་ཨུ་ཡོན་ཧོང་ལིས་ཞིན་དང་ལིའུ་ཅ་དབྱི། ལིས་རོང་ཚན་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས། ཝང་ཧུའུ་ཉིང་གིས་གསུངས་རྒྱུར། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་ཡོད་ཚད་ཀྱི་རྩ་བ་གཏན་ཕབ་གཉིས་ལ་རག་ལས་ཡོད། ཀྲུང་གུང་ལས་རིགས་ཀྱི་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པར་མ་ཟད་མུ་མཐུད་དུ་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཇེ་ཆེར་གཏོང་བ་དང་། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཏང་གིས་མི་དམངས་སྲིད་གྲོས་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དེར་ཤུགས་བསྣན་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དཀྱིལ་སྙིང་ལས་འགན་ལག་བསྟར་བཟང་བོ་བྱས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་རྒྱུན་འཁྱོངས་བཟང་བོ་བྱེད་པ་དང་མི་དམངས་སྲིད་གྲོས་ལས་དོན་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས། གུང་ཁྲན་ཏང་མིའི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆབ་སྲིད་ནུས་པ་མཐོར་འདེགས་སུ་གཏོང་བའི་ཐད་ནས་དཔེ་སྟོན་གྱི་ནུས་པ་འདོན་པ་དང་། ཆུ་ཚད་མཐོ་བའི་འགན་འཁྲི་ལག་བསྟར་བྱེད་པའི་ཐད་ནས་དཔེ་སྟོན་གྱི་ནུས་པ་འདོན་པ། མཉམ་ལས་མཉམ་སྒྲུབ་ལ་ཤུགས་སྣོན་པའི་ཐད་ནས་དཔེ་སྟོན་གྱི་ནུས་པ་འདོན་པ། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་དཔེ་སྟོན་གྱི་ནུས་པ་བཏོན་ནས། ཏང་ཀྲུང་དབྱང་གིས་བསྩལ་བའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་དགོས།

བཀྲ་ཤིས་འབུམ་གྱིས་བསྒྱུར།