མཚོ་སྔོན་འཐུས་ཚབ་ཚོགས་པས་འཆར་འགོད་སྙན་ཞུ་དང་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་ལ་ཞིབ་བཤེར་བྱས་པ་དང་། ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་གཏམ་བཤད།
2023.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 73

ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། འཆར་འགོད་སྙན་ཞུ་དང་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་ལ་ཞིབ་བཤེར་བྱས། ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་གཏམ་བཤད་པ་དང་། ཝང་དབྱང་གིས་གཏམ་བཤད། ཁྲིམས་འཛིན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཧི་རུང་དང་། ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཏུང་ཝེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་བཅས་གྲོས་ཞིབ་ལ་ཞུགས་ནས། འཐུས་མིའི་གྲོས་གཞི་ལ་ཉན།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། འཆར་འགོད་དང་སྔོན་རྩིས་ཀྱི་སྙན་ཞུ་དང་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་ལ། ཆབ་སྲིད་ལངས་གནས་མཐོ་ལ། དམིགས་འབེན་གནད་དུ་ཁེལ་བ་དང་། སྲིད་ཇུས་བྱེད་ཐབས་དོན་དངོས་དང་མཐུན། རྒྱལ་དོན་གྱི་ཆེ་ཕྱོགས་སྔར་ལས་མངོན་གསལ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་སྔར་ལས་འབུར་དུ་ཐོན་པ། མི་དམངས་བླ་ན་མེད་པ་སྔར་ལས་ལག་ལེན་དུ་བསྟར་བ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པར་སྔར་ལས་དོ་སྣང་བྱས་ཡོད་པས། སྲིད་གཞུང་བྱ་བའི་སྙན་ཞུ་སྔར་ལས་ལྷག་པར་གཏིང་ཟབ་དང་བྱེ་བྲག་ཏུ་དངོས་འབེབས་བྱས་པ་ཞིག་ཡིན་པས། ང་ཡོངས་སུ་འཐད་པ་ཡིན། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་སྟེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་འགུལ་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་གལ་ཆེན་དང་། རྣམ་གྲངས་གལ་ཆེན་དང་སྦྲེལ་མཐུད་བྱས་ཏེ། ཟུང་འབྲེལ་བྱེད་གནས་དང་ཤུགས་འདོན་ས་ཡང་དག་པར་བཙལ་ནས། འཆར་འགོད་དང་སྔོན་རྩིས་ཀྱི་སྙན་ཞུ་དང་འཆར་ཟིན་གྱི་བཀོད་སྒྲིག་ཁག་སོ་སོ་ནོར་བ་མེད་པའི་སྒོ་ནས་དངོས་འབེབས་ཞིབ་ཚགས་བྱེད་དགོས།

འཐུས་མི་ཝང་དབྱང་གིས་བཤད་རྒྱུར། འཆར་འགོད་དང་སྔོན་རྩིས་ཀྱི་སྙན་ཞུ་དང་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ཟབ་མོ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཡོད་ལ། མ་ལག་འདུ་ཤེས་དང་། གསར་གཏོད་དངོས་གཉེར། མི་དམངས་བླ་ན་མེད་པ་བཅས་རྒྱུན་འཁྱོངས་བྱས་ཡོད། སྤྱི་སྡོམ་བྱས་པ་ཆ་ཚང་ཞིང་། འཆར་འགོད་བྱས་པ་མ་ལག་དང་ལྡན་ཞིང་། བཀོད་སྒྲིག་བྱས་པ་ཚན་རིག་དང་མཐུན། སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་ལས་འགན་གྱི་བླང་བྱ་གསལ་ཞིང་། བྱེད་ཐབས་ཞིབ་ཅིང་ཕྲ་ལ་ནུས་པ་དང་ལྡན། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ཁྱད་ཆོས་ཡོངས་སུ་མངོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་བླང་བྱ་མངོན་པར་མཚོན་ཡོད། སྤྱི་ཁོག་གི་གནས་བབ་ཆེན་པོ་སྔར་ལས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། ཁུལ་ཁོངས་གནས་བབ་ལ་ངོས་འཛིན་གསལ་དག་བྱེད་པ། བྱེ་བྲག་གི་གནས་བབ་དམ་འཛིན་ཡང་དག་བྱེད་པ། རང་འགུལ་གྱིས་བབ་བསྟུན་བྱེད་པ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་མ་ཟད། ཐབས་ལམ་འདོན་སྤྲོད་བྱས་ཡོད་ལ། སྲིད་གཞུང་བྱ་བའི་སྙན་ཞུ་སྔར་ལས་ལྷག་པར་གཏིང་ཟབ་དང་བྱེ་བྲག་ཏུ་དངོས་འབེབས་བྱས་པ་ཞིག་ཡིན་པས། ཡོངས་སུ་འཐད་པ་ཡིན་ཟེར།

ལིས་ཀའོ་དང་། ཏིས་ཆིན་ཡུན། ཝང་ཧྭ་ཅེ། ཝང་གོ་ཏུང་། རིན་ཆེན་བཀྲ་ཤིས། ཆའོ་ཡ་ཆུན། ཤ་བོ་སྒྲོལ་མ། ཀོ་ཅིན་ཕེན་སོགས་འཐུས་མིས་གཏམ་བཤད།

                                                                             རིག་འཛིན་སྒྲོལ་མས་བསྒྱུར།