ཨུ་ཡོན་ཝང་ཞོན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་ཚྭ་མཚོའི་ཚན་རྩལ་གསར་སྐྲུན་སྟེགས་བུ་འཛུགས་པར་རྒྱབ་སྐྱོར་བྱེད་པའི་གྲོས་གཞི་བཏོན།
2023.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 54

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ཇུས་གཞི་པར་འགྲེམས་བྱེད་པ་དང་། རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པའི་ཚྭ་མཚོའི་ཐོན་ལས་ཚོགས་སྤྱི་འཛུགས་པར་བརྩོན་ལེན་བྱས་ནས་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་པ་བརྩོད་ལེན་བྱས། དེའི་ཐད་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཞོན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་ཚྭ་མཚོའི་ཚན་རྩལ་གསར་སྐྲུན་སྟེགས་བུ་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བསྟན་དོན། རྒྱལ་ཁབ་ཚྭ་མཚོའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་ལག་རྩལ་གསར་སྐྲུན་ལྟེ་གནས་འཛུགས་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱིས་རྒྱལ་ཁབ་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་སྔས་ལས་གཙོ་ཆེ་བ་གསུམ་གྱི་འཐབ་ཇུས་བླང་བྱ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་དེ་ཚན་རིག་ཁྱབ་ཁོངས་མང་པོ་དང་སྟོད་སྨད་རྒྱུད་ཀྱི་འབྲེལ་ཡོད་ཐོན་ལས་ལ་འབྲེལ་ཡོད་པས་མིག་སྔར་ཚྭ་མཚོའི་རང་བཞིན་གྱི་ཁེ་ལས་ཀྱི་གསར་གཏོད་སྒུལ་ཤུགས་མངོན་གསལ་གྱིས་མི་འདང་བ་དང་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་མཐོར་འདེགས་གཏོང་བའི་ཐད་བར་སྟོང་ཆེན་པོ་ལྡན།

ཝང་ཞོན་གྱིས་ཚན་རྩལ་པུའུ་ཡིས་ཚྭ་མཚོའི་ཐོན་ཁུངས་ཀྱིས་ལྗང་མདོག་དང་ཕན་ནུས་མཐོ་བའི་ངང་རྒྱལ་ཡོངས་ཀྱི་ཚོད་ལྟ་ཁང་གཙོ་བོ་བེད་སྤྱོད་བྱེད་པར་ཆོག་མཆན་བཀོད་ནས་གནས་བཞི་གཞི་གཅིག་གི་གསོ་སྦྱོང་དང་འཇོན་མི་ནང་འདྲེན་བྱས་ཏེ་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ནས་རྒྱལ་ནང་གི་ཚོད་ལྟ་ཁང་བཟང་ཤོས་སུ་འགྱུར་བར་བྱེད་རྒྱུ་དང་། ཚན་རྩལ་པུའུ་ཡིས་རྒྱལ་ཁབ་ཚྭ་མཚོ་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་གསར་སྐྲུན་ལྟེ་གནས་འཛུགས་པར་ཆོག་མཆན་བཀོད་ནས་སྟེགས་བུ་འདི་ཉིད་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་གསར་སྐྲུན་གྱི་མཐོ་ས་རུ་འགྱུར་བར་བྱས་ཏེ་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།

མི་ཕམ་མགོན་པོས་བསྒྱུར།