ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚན་རྩལ་མཐུན་ཚོགས་དང་ཚན་རྩལ་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་ཚོགས་འདུར་ཞུགས།
ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚན་རྩལ་མཐུན་ཚོགས་དང་ཚན་རྩལ་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་ཚོགས་འདུར་ཞུགས། ཨུ་ཡོན་གྱི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས་ཚའེ་ཆི་ཡིས་བསྟན་དོན། འདས་པའི་ལོ་ལྔ་ནི་ཆེས་རྒྱུན་ལྡན་དང་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ནུས་པ་ཡོད་དགུས་དཀའ་ཁག་དང་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་ཟབ་མོ་བླངས་ནས་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་བོར་སྒྲུབ་སྟེ། སྔར་ལས་ལྷག་པར་ཚན་རྩལ་དར་བའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ལས་འགན་ལྗིད་མོ་ཁུར་དུ་ལེན་དགོས། ཚན་རྩལ་སྒྲིག་ལུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་རྨང་གཞིའི་ཞིབ་འཇུག་དང་མདུན་གྲལ་ཁྱབ་ཁོངས་ཀྱི་འགག་སྒྲོལ་ལ་ཤུགས་བསྣན་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མྱུར་དུ་མངོན་འགྱུར་བྱེད་དགོས། ཚན་རིག་པའི་སྙིང་སྟོབས་དར་སྤེལ་དང་ཚན་རྩལ་མི་སྣའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཚན་རྩལ་མཐུན་ཚོགས་ཀྱི་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་དང་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། རང་རྒྱལ་གྱི་ཚན་རྩལ་ལས་དོན་གྱི་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
བསོད་ནམས་ཚེ་རིང་གིས་བསྒྱུར།