གཏེར་ཁའི་ཐོན་ཁུངས་ཀྱི་རྩད་ཞིབ་ལ་ཤུགས་བསྣན་ཏེ་ཐོན་ཁུངས་གཞི་གྲངས་གསལ་བོར་རྟོགས་པ་ནི། རྒྱལ་ཁབ་འཐབ་ཇུས་ཐོན་ཁུངས་ཀྱི་གསོག་འཇོག་ནུས་པ་མཐོར་འདེགས་དང་རྒྱལ་ཁབ་གནད་འགག་རང་བཞིན་གྱི་འཐབ་ཇུས་ཐོན་ཁུངས་བདེ་འཇགས་ལ་ཁག་ཐེག་བྱེད་པར་དོན་དངོས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་པས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཀྲུའུ་ཁྲུན་ཡུན་གྱིས་ལྗང་མདོག་རྩད་ཞིབ་ལག་རྩལ་དར་སྤེལ་ཆེན་པོ་བཏང་ནས་མདོ་དབུས་མཐོ་སྔག་གི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་རྩད་ཞིབ་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།
གྲོས་གཞིའི་ཁྲོད་བསྟན་དོན། མདོ་དབུས་མཐོ་སྒང་ནི་རང་རྒྱལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འཐབ་ཇུས་གཏིང་ཟབ་ཏུ་སྤེལ་བ་དང་སྲོལ་རྒྱུན་གཏེར་ཁ་སྔོག་འདོན་ལག་རྩལ་གྱི་ཚད་བཀག་རང་བཞིན་གྱིས་རང་རྒྱལ་གྱི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་ཁུལ་གལ་ཆེན་གྱི་གཏེར་ཁ་ཐོན་ཁུངས་རྩད་ཞིབ་བྱ་བར་ཚོད་འཛིན་ཆེན་པོ་ཐེབས་ཡོད། ཡིན་ཡང་། འཁོར་སྐར་རྒྱང་ཚོར་སོགས་དེང་རབས་ལག་རྩལ་གྱི་འཕེལ་རྒྱས་ཀྱིས་རྒྱལ་ནང་གི་གཏེར་ཁ་སྔོག་འདོན་གྱི་ལག་རྩལ་ཡར་ཐོན་ཆེན་པོ་བྱུང་བ་དེས་སྐྱེ་ཁམས་འགོག་སྲུང་ཁུལ་གྱི་གཏེར་ཁ་ཐོན་ཁུངས་ཀྱི་རྩད་ཞིབ་བྱ་བར་ལམ་བུ་གསར་བ་ཞིག་བཏོད་ཡོད།
ཀྲུའུ་ཁྲུན་ཡུན་གྱིས་ལྗང་མདོག་རྩད་ཞིབ་ལག་རྩལ་གྱི་ཚན་ཞིབ་འདེགས་སྐྱོར་དང་ལས་གཞི་རྒྱབ་སྐྱོར་གྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ་ལྗང་མདོག་རྩད་ཞིབ་ཀྱི་ལག་རྩལ་གསར་བ་དང་སྒྲིག་ཆས་གསར་བ། གྲུབ་འབྲས་གསར་བ་ཁྱབ་གདལ་ཆེན་པོ་བཏང་སྟེ་ཚད་ཆེས་མཐོ་བའི་སྒོ་ནས་རྩད་ཞིབ་བྱ་འགུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་གནོད་པ་ཐེབས་པར་བཀག་འགོག་བྱེད་རྒྱུ་དང་། ས་གཤིས་གཏེར་འཚོལ་གཞུང་ལུགས་དང་བྱེད་ཐབས་ལག་རྩལ་གསར་གཏོད་ལ་ཤུགས་བསྣན་ནས་ཐོན་ཁུངས་རྩད་ཞིབ་ཀྱི་གནས་བབས་ལེགས་སྒྱུར་བྱེད་རྒྱུ། གནས་ཁུལ་མི་འདྲ་བའི་ཐོན་ཁུངས་རྩད་ཞིབ་ཀྱི་གནད་ས་བཙལ་ཏེ་དོ་དམ་ནན་མོ་དང་རྣམ་པ་གསར་བ་འཚོལ་ཞིབ་བྱས་ཏེ་གཏེར་ཁའི་ཐོན་ཁུངས་ཀྱི་ལྗང་མདོག་རྩད་ཞིབ་མངོན་འགྱུར་བྱས་ཏེ་གཏེར་ཁའི་ཐོན་ཁུངས་ཀྱི་ལྗང་མདོག་རྩད་ཞིབ་ལག་རྩལ་འདེགས་སྐྱོར་མ་ལག་བསྐྲུན་རྒྱུའི་གྲོས་གཞི་བཏོན།
རིག་འཛིན་ཐར་གྱིས་བསྒྱུར།