རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་དང་པོས་གསར་འགོད་པའི་གྲོས་ཚོགས་བསྡུས།
2023.03.08 ཁུངས། ཀློག་གྲངས། 73

ཟླ་གསུམ་པའི་ཚེས་བདུན་ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་གསར་འགོད་པའི་གྲོས་ཚོགས་བསྡུས་པ་དང་ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་གིས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་ཕྱོགས་འབྲེལ་བའི་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།

ཆིན་ཀང་གིས་བསྟན་དོན། ཀྲུང་གོའི་ཕྱི་འབྲེལ་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ལག་ལེན་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེར་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་དགོངས་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཙོ་འཛིན་གྱི་ཕྱི་འབྲེལ་སྣེ་ཁྲིད་འོག གཙོ་གཞིའི་ཕྱི་འབྲེལ་ཤུགས་ཡོད་སྒོས་སྒྲུབ་པ་དང་། སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་འགན་འཁྲིར་བརྩི་བ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཟླ་གྲོགས་འབྲེལ་བ་རྒྱབ་རྟེན་དུ་བྱས་ཏེ་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་དགོས། སྒོ་འབྱེད་འཕེལ་རྒྱས་དམིགས་འབེན་དུ་བྱས་ཏེ། རྒྱལ་ནང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་དགོས། ཕྱོགས་མང་རིང་ལུགས་ལམ་བུ་རུ་བྱས་ཏེ།  མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། ཕྱི་འབྲེལ་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་གོའི་སྤྱི་དམངས་ལ་ཞབས་ཞུ་དང་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས།

ཆིན་ཀང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ནི་མནའ་འབྲེལ་མིན་པ་དང་ཁ་གཏད་དུ་མི་ལངས་པ།ཕྱོགས་གསུམ་པར་དམིགས་པ་མ་ཡིན་པའི་རྨང་གཞིའི་སྟེང་བཙུགས་པ་ཡིན་པས་འཛམ་གླིང་སྟེང་གི་རྒྱལ་ཁབ་གང་རུང་ལ་འཇིགས་སྐུལ་བཟོ་མི་སྲིད་ལ་རྒྱལ་ཁབ་གང་རུང་གི་ཐེ་གཏོགས་དང་དཀྲུགས་ཤིང་ཐེབས་མི་སྲིད། ཀྲུང་གོ་དང་ཨུ་རུ་སིས་ལག་རྡང་སྦྲེལ་ན། འཛམ་གླིང་སྣེ་མང་རང་བཞིན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྒུལ་ཤུགས་དང་རྒྱལ་སྤྱིའི་འཐབ་ཇུས་དོ་སྙོམས་དང་བརྟན་འཇགས་འཕེལ་རྒྱས་ལ་ཁག་ཐེག་བྱེད་ཐུབ་ཟེར།

རིག་འཛིན་ཐར་གྱིས་བསྒྱུར།