ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་ནི། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ལ་ཉན་རྒྱུ་དང་། ཚོགས་ཆེན་སྟེང་གཏམ་བཤད་རྒྱུ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་མགོ་འཛིན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཧྲི་ཐེ་ཧྥིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧི། དེ་མིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧྲིན་ཡུའེ་ཡུའེ་དང་ཝང་ཡུང་། ཀྲིག་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧི་ཧིག་ཧྭ། ལེང་ཀྲིན་དབྱིན། སུའུ་ཧོས། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་གྲོས་ཚོགས་ལ་ཞུགས།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧུའུ་ཁྲུན་ཧྭ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།
གྲོས་ཚོགས་ནས་ཐོག་མར་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་པ་ཐིར་གྱིས་ཕུལ་བའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ལ་ཉན།
པ་ཐིར་གྱིས་སྲིད་གྲོས་སྒྲིག་ཡིག་བཟོ་བཅོས་བྱེད་པའི་བྱ་བའི་གནས་ཚུལ་དང་བཟོ་བཅོས་ཀྱི་རྩ་དོན། བཟོ་བཅོས་ཀྱི་ནང་དོན་གཙོ་བོ་གསལ་བཤད་བྱས། ཁོས་བཤད་དོན། ཀྲུང་གུང་ཀྲུང་དབྱང་གི་བཀོད་སྒྲིག་དང་རེ་བ་དངོས་འབེབས་བྱས་ཏེ། སྲིད་གྲོས་སྒྲིག་ཡིག་ལ་འོས་འཚམ་སྒོས་བཟོ་བཅོས་བྱེད་པ་ནི། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་སྔར་ལས་བཟང་བའི་སྒོ་ནས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་མི་དམངས་སྲིད་གྲོས་ལམ་ལུགས་འཛུགས་སྐྲུན་དང་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་དོན་ཆེན་ཞིག་ཡིན། སྲིད་གྲོས་སྒྲིག་ཡིག་དེ་མུ་མཐུད་དུ་གནས་བབ་གསར་པ་དང་མཐུན་ཐབས་བྱེད་པ་དང་སྔར་ལས་ཚད་ལྡན་དུ་བཏང་ན། ད་གཟོད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། བཟོ་བཅོས་བྱས་རྗེས་ཀྱི་སྲིད་གྲོས་སྒྲིག་ཡིག་གི་སྤྱི་ཡོངས་བརྟན་འཇགས་སྲུང་འཛིན་བྱས་ཤིང་། སྒྲིག་གཞི་ལ་འགྱུར་བ་མེད་པ་དང་། ནང་དོན་གཙོ་བོ་ཕུན་སུམ་ཚོགས་ལ། འབྲེལ་ཡོད་ཞིབ་གླེང་འཐུས་ཚང་དུ་བཏང་ཡོད།
དེའི་རྗེས་སུ་སྲིད་གྲོས་ཨུ་ཡོན་བཅུ་གསུམ་གྱིས་ཚོགས་ཆེན་སྟེང་གཏམ་བཤད།
ཨུ་ཡོན་ཐེན་ཧོང་ཆི་ཡིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་ནས། སྐྱོད་ལམ་གསར་བའི་སྟེང་དུ་ང་ཚོས་རིག་སྟོབས་གཅིག་བསྡུས་དང་འབྲེལ་འདྲིས་ཟབ་པ་སོགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་བློ་འདོན་པ་བཟང་བོ་དང་ལས་རོགས་བཟང་བོ། ལས་གྲོགས་བཟང་བོ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཧུར་ཐག་སྒོས་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་ཀྱི་ཕན་ནུས་མཐོར་འདེགས་སུ་གཏོང་བར་མ་ཟད། འགན་ནུས་ལག་བསྟར་བཟང་བོ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཇུས་ཆོད་དང་དཔྱད་གཞི་འདོན་སྤྲོད་བྱེད་ངེས་ཡིན་ཟེར།
ཨུ་ཡོན་ལིན་དབྱི་ཧྥུའུ་ཡིས་གཏམ་བཤད་སྐབས་བཤད་རྒྱུར། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ། ཧུར་ཐག་སྒོས་ཚོང་རའི་སྔོན་དཔག་དུས་སྐབས་བརྟན་འཇགས་སུ་གཏོང་བ་དང་། གསར་སྐྲུན་སྦས་ཤུགས་སྔོག་འདོན་གང་ལེགས་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་གསར་སྐྲུན་བྱས་ནས། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་སྒོས་མཐོར་འདེགས་སུ་གཏོང་བ་དང་གྲངས་ཚད་ལུགས་མཐུན་སྒོས་འཕར་སྣོན་འབྱུང་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
ཨུ་ཡོན་མེའོ་ཞུའུ་ཡིས་གཏམ་བཤད་སྐབས་བཤད་རྒྱུར། རང་རྒྱལ་གྱི་གཞི་ཁྱོན་ཆེན་པོ་ལས་བརྒལ་བའི་ཚོང་རའི་ཁྱད་སྟོབས་དང་རྣམ་པ་གསར་པའི་རྒྱལ་ཁབ་ཀྱི་སྒྲིག་སྲོལ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཤུགས་ཆེན་པོས་གནད་འགག་སྲོག་ཤིང་ལག་རྩལ་གྱི་འགག་སྒོ་ལས་བརྒལ་བར་ཤུགས་སྣོན་དགོས། ཁེ་ལས་གཙོ་བོའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། ཏན་ཏིག་སྒོས་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་མཉེན་ཆ་དང་བདེ་འཇགས་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།
ཨུ་ཡོན་ཆན་ཀྲི་མེན་གྱིས་གཏམ་བཤད་སྐབས་བཤད་རྒྱུར། རྒྱལ་དབང་ཁེ་ལས་ཐོན་ལས་ཀྱི་སྣེ་ཁྲིད་དང་གསར་སྐྲུན་ནུས་པ་ཇེ་ཆེར་བཏང་སྟེ། ཧུར་ཐག་སྒོས་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། གསར་སྐྲུན་རང་བཞིན་གྱི་རྒྱལ་དབང་ཁེ་ལས་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་བ། རྐང་གཉེར་ལྷན་ཚོགས་ཀྱི་འགན་ནུས་ངེས་གནས་དང་འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་སྲོག་ཤིང་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས།
ཨུ་ཡོན་ཝང་ཡུས་ཀྱིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་བཤད་རྒྱུར། སྔོན་དཔག་དུས་སྐབས་བརྟན་འཇགས་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ན། ཁེ་ལས་ཀྱིས་སྤོབས་པ་ཆེན་པོས་དངུལ་གཏོང་རྒྱ་བསྐྱེད་པ་དང་ཚོང་ར་གསར་གཏོད་བྱེད་ཐུབ་ལ། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་ཤུགས་འདོན་བྱེད་པ་དང་། དངོས་གཉེར་བྱ་སྤྱོད་ལ་བརྟེན་ནས་ཁོར་ཡུག་ལེགས་སྒྱུར་བྱས་ཏེ། དམངས་གཉེར་ཁེ་ལས་ལ་ཐོན་ལས་སྣ་ཚོགས་གཉེར་བར་སྐུལ་འདེད་གཏོང་དགོས།
ཨུ་ཡོན་ཀྲང་ཧི་ཁྲིན་གྱིས་གཏམ་བཤད་སྐབས་བཤད་རྒྱུར། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱས་ཏེ། ཞིང་བས་འབྲུ་རིགས་བཏབ་ན་གྱོང་གུན་མེད་པ་དམིགས་འབེན་དུ་འཛིན་པ་དང་། ཐོན་ལས་མཉམ་བསྲེས་བྱེད་པ་གཏིང་ཟབ་ཏུ་སྤེལ་བ། ཚན་རྩལ་དང་འཇོན་མི་གཙོར་འཛིན་པ། ཐཱན་ཉུང་ལྗང་སྒྱུར་སྐྱེ་ཁམས་དམ་འཛིན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཨུ་ཡོན་ཐེན་ཀང་གིས་ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས་བཤད་རྒྱུར། རྩེར་སོན་གསར་སྐྲུན་འཇོན་མི་སྐྱེད་སྲིང་བྱེད་པའི་མཐོ་རིམ་ཇུས་འགོད་དང་མཉམ་བསྲེས་སྐྱེད་སྲིང་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གསར་སྐྲུན་འཕེལ་རྒྱས་འཐབ་ཇུས་དང་འཚམ་པའི་མཐོ་རིམ་སློབ་གྲྭའི་རིགས་བགར་གདེང་འཇོག་མ་ལག་བཙུགས་ནས། མཐོ་རིམ་སློབ་གྲྭའི་སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས།
ཨུ་ཡོན་ཀྲང་ཨུན་ཏིས་ཀྱིས་ཀྲི་གུང་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས་བཤད་རྒྱུར། ནུས་ཁུངས་གསར་བརྗེ་དང་ཚན་རྩལ་གསར་བརྗེ། དཔལ་འབྱོར་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སོལ་གློག་ཐཱན་ཉུང་གི་ཕན་འབྲས་འཕར་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ཆིན་ནུས་ཐོན་ལས་འཕེལ་རྒྱས་འཆར་འགོད་དངོས་འབེབས་བཟང་བོ་བྱེད་པ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས།
ཨུ་ཡོན་ལིས་མ་ལིན་གྱིས་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས་བཤད་རྒྱུར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱས་ཏེ། རྒྱུན་མཐུད་སྒོས་བཞུར་ཁོངས་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་མཐོར་འདེགས་སུ་གཏོང་བ་དང་། གཙང་བོ་ཆེན་པོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཀྲུང་གོའི་གཏམ་རྒྱུད་འབྲི་དགོས།
ཨུ་ཡོན་ཐེན་ཞང་ལིས་ཀྱིས་གཏམ་བཤད་སྐབས་བཤད་རྒྱུར། ཀྲུང་ཧྭའི་ཤེས་རིག་ལ་མི་རིགས་ཀྱི་ཁྱད་ཆོས་དང་ངོ་བོ་མི་འགྱུར་བའི་དུས་རབས་ཀྱི་རིན་ཐང་ལྡན་པས། དུས་རབས་གསར་པའི་ལག་ལེན་རེ་བ་དང་ཟུང་འབྲེལ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་ལས་བཟང་བའི་སྒོ་ནས་དེང་སྐབས་དང་མཉམ་བསྲེས་བྱེད་པ་དང་། མི་རབས་རྗེས་མར་རྒྱུན་འཛིན་བྱེད་དུ་འཇུག་དགོས།
ཨུ་ཡོན་སུན་ཏ་ཝེ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་ཤར་ལྷོའི་མནའ་འབྲེལ་བར་དུ་མཉམ་ལས་ཀྱི་གོ་སྐབས་གསར་པ་ལྡན་པ་དང་མདུན་ལྗོངས་རྒྱ་ཆེན་པོ་ཡོད། མི་དམངས་སྲིད་གྲོས་ཀྱིས་སྔར་ལས་དམ་པོའི་ཀྲུང་གོ་དང་ཡོ་རོབ་གླིང་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པར་ཞབས་འདེགས་ཞུ་བ་དང་འཛུགས་སྐྲུན་བྱེད་པར་རེ་བ་ཆེན་པོ་ཡོད་པས། མི་དམངས་སྲིད་གྲོས་ཀྱི་འདྲ་མཉམ་གྲོས་མོལ་གྱི་དམངས་གཙོ་ཁྱད་སྟོབས་དང་མཐུན་སྒྲིལ་མཛའ་མཐུན་གྱི་ནུས་པའི་ཁྱད་སྟོབས་འདོན་སྤེལ་བཟང་བོ་བྱས་ནས། འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་དགོས།
ཨུ་ཡོན་ཀའོ་ཡུང་ཝུན་གྱིས་བཤད་རྒྱུར། ཞང་ཀང་དང་ཨོ་མིན་གྱིས་ཀྲུང་ལུགས་སྨན་རྫས་རིག་གནས་ལ་ཁས་ལེན་ཚད་མཐོ་བས། ཞང་ཀང་དང་ཨོ་མིན་གྱིས་རང་གི་ནུས་པ་འདོན་སྤེལ་བྱེད་པ་དང་རྒྱལ་ཁབ་ཀྱི་དགོས་མཁོར་ཞབས་འདེགས་ཞུ་ཆོག་ལ། ཧུར་ཐག་སྒོས་ཀྲུང་ལུགས་སྨན་རྫས་རྒྱལ་སྤྱིའི་ཚད་ལྡན་ཅན་གསར་བཟོ་བྱེད་པའི་ཁྲོད་དུ་ཞུགས་པ་དང་། རྒྱལ་སྤྱིའི་ཀྲུང་ལུགས་སྨན་རྫས་ཉོ་ཚོང་ལྟེ་གནས་གསར་སྐྲུན་བྱས་ནས། ཀྲུང་ལུགས་སྨན་རྫས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཨུ་ཡོན་ཏིས་ལེ་ན་ཨར་ཨ་པུའུ་ལ་ཡིས་བཤད་རྒྱུར། རིག་གནས་ཀྱིས་ཞིན་ཅང་སྐྱོང་བའི་བྱ་བ་བསྒྲུབས་པའི་ཚུན་ལ། ཞིན་ཅང་གིས་ལོ་རྒྱུས་ཤུལ་བཞག་རིག་གནས་ལ་དཔྱད་ཞིབ་དང་རྒྱུན་འཛིན། བེད་སྤྱོད་བཅས་བྱེད་པར་ཤུགས་བསྣན་པས། ངེས་པར་དུ་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིན་ཅང་གིས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དེ་ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་དང་འབྲེལ་འདྲིས་བྱེད་པ་དང་། མི་རིགས་སོ་སོས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་སྣང་བརྙན་འཚོལ་ཞིབ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་རིགས་སོ་སོའི་མི་དམངས་ཀྱི་སེམས་ཁོང་དུ་ཆགས་པར་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།