ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འདེམ་བསྐོ་དང་བསྐོ་འཇོག་བྱེད་ཐབས་ཀྱི་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་པ་དང་། འདེམས་ཤོག་ལྟ་སྐུལ་པ་འོས་སྦྱོར་བྱས། ཁྲིན་ཀང་གྲོས་ཚོགས་ལ་ཞུགས་པ་དང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་ལ། ཝང་ལིས་མེན་གྱིས་མགོ་འཛིན་བྱས་པ་དང་གཏམ་བཤད།
འཐུས་མི་ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་བཟུང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་ཁུངས་སྒྲིག་འཛུགས་སྔར་ལས་ཚན་རིག་དང་མཐུན་པར་བྱས་པ་དང་འགན་ནུས་བཀོད་སྒྲིག་སྔར་ལས་ལེགས་སྒྱུར་བྱས་ལ། སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་བཏང་བ་དང་། འཁོར་སྐྱོད་དོ་དམ་སྔར་ལས་ནུས་ལྡན་དུ་བཏང་ཡོད། དེ་སྲིད་གཞུང་གི་འགན་ནུས་བསྒྱུར་བར་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས་ང་ཡོངས་སུ་འཐད་པ་ཡིན། གཅིག་ནས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་འབུར་དུ་ཐོན་པར་བྱས་ནས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ཀྱི་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་བ་དང་ཏང་གི་བྱ་བ་གལ་ཆེན་གྱི་མགོ་ཁྲིད་སྒྲིག་སྲོལ་དང་སྒྲིག་གཞི་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་དགོས། གཉིས་ནས་གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས་འགན་འཁྲི་གསལ་བོ་མིན་པ་དང་འགན་ནུས་བསྐྱར་ཟློས་ཡིན་པ། འགན་དབང་སྣོལ་བ་སོགས་ཀྱི་གནད་དོན་ཐག་གཅོད་དགོས། གསུམ་ནས་མཐུན་སྦྱོར་དང་ཕན་མཐོ་འབུར་དུ་ཐོན་པར་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ཁྲིད་ཕྱོགས་སུ་བྱས་ནས་འགན་ནུས་སྔར་ལས་ཚན་རིག་དང་ལུགས་མཐུན་ཡིན་པ་དང་འགན་དབང་གཅིག་གྱུར། ལས་རིམ་གསལ་བོ་ཡིན་པར་བྱེད་དགོས། བཞི་ནས་མི་དམངས་ཀྱི་ལངས་ཕྱོགས་འབུར་དུ་ཐོན་པར་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་བཅོས་སྒྱུར་ཐད་གྲོས་བསྡུར་ཟབ་ཅིང་ཞིབ་མོ་བྱས་ནས་ལེགས་སྒྱུར་ཟབ་མོ་བྱེད་དགོས། ང་ཚོའི་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས་བཅོས་སྒྱུར་ལས་འགན་ཕྲག་ཏུ་འཁུར་བ་དང་བཅོས་སྒྱུར་གྱི་གནད་འགག་གི་ལས་རིམ་དམ་འཛིན་བྱེད་པ། སྒྲིག་ལམ་ཁག་བཅོས་སྒྱུར་ནན་མོ་བྱེད་པ། བཅོས་སྒྱུར་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་འགྲུབ་བྱེད་དགོས།
འཐུས་མི་ཝང་ལིས་མེན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་བྱེད་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བཅོས་སྒྱུར་གཏིང་ཟབ་ཅིག་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་དགོས་ངེས་བླང་བྱ་ཡིན་པས་ང་ཡོངས་སུ་འཐད་པ་ཡིན། གཅིག་ནས་བཅོས་སྒྱུར་ལེགས་འགྲུབ་བྱེད་པའི་དུས་ཚོད་ཀྱི་ཚད་བཀག་བླང་བྱ་གསལ་བོ་བྱེད་པ་དང་། གཉིས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་གྱི་རྨང་གཞིའི་སྟེང་། རྒྱལ་ཡོངས་དམངས་ཆེན་གྱི་ལས་ཁུངས་བཅོས་སྒྱུར་གྱི་བརྒྱུད་ལམ་དམིགས་འབེན་འཚོལ་ཞིབ་དང་ཞིབ་འཇུག་བྱས་ནས་རྒྱལ་ཡོངས་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ས་གནས་རིམ་པ་སོ་སོའི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་སྔར་ལས་མངོན་གསལ་ཡོང་བར་བྱེད་དགོས།
ལིའུ་གོ་ཆང་དང་ལིས་ཀའོ། ཏིས་ཆིན་ཡུན། ཝང་ཧྭ་ཅེ། ཝང་གོ་ཏུང་། ཆའོ་ཡཱ་ཆུན། ལིའུ་ཞའོ་རུང་། དབྱང་ཡུང་། ཞུའུ་ཆིན་མེན་བཅས་འཐུས་མིས་གཏམ་བཤད།
མི་ཕམ་མགོན་པོས་བསྒྱུར།