མཚོ་སྔོན་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་རྒྱུའི་གྲོས་གཞི་བཏོན།
2023.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

རིམ་པ་སྔར་ལས་གཏིང་ཟབ་པ་དང་ཆུ་ཚད་སྔར་ལས་མཐོ་བ། ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བའི་སྟེང་དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་སྤུས་འདེགས་ནུས་སྤེལ་ཐད་སྐུལ་འདེད་གཏོང་བ་དང་། མཉམ་དུ་མཚོ་སྔོན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་སྟེང་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་པར་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ལ་ཉམས་མྱོང་བསྡུ་གསོག་བྱེད་པ་བཅས་བྱེད་ཆེད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས། མཚོ་སྔོན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱུར། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་དང་། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་འོག མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཡོངས་ནས་སྔོན་དུ་ཨང་དང་པོ་ལྔ་མངོན་འགྱུར་བྱས་ལ། མི་རིགས་མཐུན་སྒྲིལ་དེ་མཚོ་སྔོན་གྱི་རྒྱལ་ཡོངས་ལ་གྲགས་པའི་གསེར་གྱི་མིང་བྱུང་དུ་གྱུར་ཡོད། རྒྱལ་ཁབ་ཀྱིས་མཚོ་སྔོན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྔར་ལས་རྒྱབ་སྐྱོར་བྱེད་པ་དང་། པུའུ་དང་ཞིང་ཆེན་དང་ཡང་ན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་གྱི་མཉམ་ལས་རྐྱེན་སྲོལ་འཛུགས་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་རང་ཞིང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་པའི་ཐད་ཞིབ་དཔྱད་ཚད་ལེན་བྱས་པར་མ་ཟད་མིང་བཏགས་ནས། མཚོ་སྔོན་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་སྣང་བརྙན་བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། མཚོ་སྔོན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་ཞིབ་འཇུག་བྱ་བར་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་རྒྱུའི་གྲོས་གཞི་བཏོན།

                                                                                                            རིན་ཆེན་མཚོས་བསྒྱུར།