རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས།
2023.03.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 94

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་བཞི་བ་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚེས་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་བརྒྱ་དང་གོ་གཉིས་ཡོད་པ་དང་། མི་བརྒྱ་དང་གོ་གཅིག་ཞུགས་ཡོད་ལ། མི་གཅིག་ཞུགས་མེད། ཚོགས་ཞུགས་མི་གྲངས་དེ་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འཚམ།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཅོས་བསྒྱུར་ཇུས་གཞི་སྐོར་གྱི་གྲོས་ཆོད་འཆར་ཟིན་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་ནས་བརྡས་གཅོད་བྱེད་རྒྱུ་ཐག་བཅད།

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ནན་ཏན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་འདེམ་བསྐོ་དང་བསྐོ་འཇོག་ཆོད་དོན་གྱི་བྱེད་ཐབས་འཆར་ཟིན་ལ་གྲོས་ཞིབ་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཡིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་གཞིར་བཟུང་སྟེ། བྱེད་ཐབས་འཆར་ཟིན་དེ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་ནས་བརྡས་གཅོད་བྱེད་རྒྱུའི་གྲོས་གཞི་བཏོན། ཚོགས་ཆེན་ནས་བརྡས་གཅོད་བྱས་པ་བརྒྱུད། བྱེད་ཐབས་འཆར་ཟིན་དེ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་ནས་བརྡས་གཅོད་བྱེད་རྒྱུ་ཐག་བཅད།

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་འདེམ་ཤོག་ལྟ་སྐུལ་བ་གཅིག་རེ་མཚམས་སྦྱོར་འདེམ་བསྐོ་བྱས་པ་དང་། བསྡོམས་པས་འདེམ་ཤོག་ལྟ་སྐུལ་བ་སོ་ལྔ་མཚམས་སྦྱོར་འདེམ་བསྐོ་བྱས་ཡོད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཞིབ་འཇུག་བྱས་པ་བརྒྱུད། སྤྱིའི་འདེམ་ཤོག་ལྟ་སྐུལ་བའི་གྲོས་འདོན་མི་སྣའི་མིང་བཏོན་པ་དང་། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་བརྡས་གཅོད་བྱས་ཏེ་སྤྱིའི་འདེམ་ཤོག་ལྟ་སྐུལ་བ་དང་འདེམ་ཤོག་ལྟ་སྐུལ་བའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་ནས་བརྡས་གཅོད་བྱེད་རྒྱུ་ཐག་བཅད། སྤྱིའི་འདེམ་ཤོག་ལྟ་སྐུལ་བ་དང་འདེམ་ཤོག་ལྟ་སྐུལ་བས་ཀྲུའུ་ཞི་ཚོགས་པའི་མགོ་ཁྲིད་འོག རྒྱལ་ཁབ་ལས་ཁུངས་ཀྱི་ཁོངས་མི་འདེམ་ཤོག་འཕང་ནས་འདེམ་བསྐོ་བྱེད་པ་དང་བསྐོ་འཇོག་ཐག་གཅོད་བྱེད་པའི་འདེམ་ཤོག་སྟེར་བ་དང་འདེམ་ཤོག་འཕེན་པ། འདེམ་ཤོག་རྩིས་ལེན་བྱེད་པའི་བྱ་བར་ལྟ་རྟོག་བྱེད་དགོས་པ་རེད།

གྲོས་ཚོགས་ནས་བརྡས་གཅོད་བྱས་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྩ་ཁྲིམས་དམ་བཅའི་སྐོར་གྱི་རྩ་འཛུགས་བྱེད་ཐབས་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ལིའུ་ཅོན་ཁྲིན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་དྲུང་ཡིག་ཁྲུའུ་ཡི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བྱེད་པའི་བསམ་འཆར་སྐོར་གྱི་སྙན་ཞུར་ཉན། ལིའུ་ཅོན་ཁྲིན་གྱིས་བཤད་རྒྱུར། ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་དུས་ཚོད་བཅུ་གཉིས་སྟེང་། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་བསྡོམས་པས་འཐུས་མིས་བཏོན་པའི་གྲོས་གཞི་ཉིས་བརྒྱ་དང་དོན་གཅིག་འབྱོར་བ་དང་། དེའི་ནང་འཐུས་ཚབ་ཚོགས་པས་བཏོན་པའི་གྲོས་གཞི་བཅུ་དགུ་དང་། འཐུས་མི་སུམ་ཅུའི་ཡན་གྱིས་མཉམ་དུ་མིང་བཀོད་ནས་བཏོན་པའི་གྲོས་གཞི་ཉིས་བརྒྱ་དང་ང་གཉིས་ཡོད། གྲོས་གཞི་དེ་དག་གི་ཁྲོད་དུ། ཁྲིམས་འཛུགས་དང་འབྲེལ་བའི་གྲོས་གཞི་ཉིས་བརྒྱ་དང་རེ་བརྒྱད་ཡོད་ལ། བཅའ་ཁྲིམས་གྲོས་གཞི་ཉིས་བརྒྱ་དང་རེ་ལྔ་དང་འབྲེལ་ཡོད་ཆོད་དོན་གྱི་གྲོས་གཞི་གསུམ་བཅས་འདུས་ཡོད། ལྟ་རྟོག་ཐད་ཀྱི་འབྲེལ་ཡོད་གྲོས་གཞི་གསུམ་ཡོད། ནང་དོན་གཙོ་བོ་དེ་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་ལུགས་འཛུགས་སྐྲུན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་པ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བ། ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ། རིག་གནས་ཡིད་རྟོན་ཇེ་དྲག་ཏུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོབ་བྱེད་པ། དུས་དང་བསྟུན་ནས་ཆ་རྐྱེན་འཛོམས་པའི་ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་བསྟན་བཅོས་རྩོམ་སྒྲིག་བྱེད་པའི་བྱ་བ་མགོ་རྩོམ་པ་སོགས་ལ་འབྲེལ་ཡོད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་གཞི་རེ་རེ་བཞིན་ནན་ཏན་གྱིས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས། ཐེངས་འདིའི་གྲོས་ཚོགས་ནས་གྲོས་ཞིབ་བྱེད་པའི་གྲས་སུ་འཇོག་དགོས་པའི་གྲོས་གཞི་མེད་པར་འདོད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིའི་བཏོན་པའི་གྲོས་གཞི་སོ་སོར་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་གཞི་གཞི་བཏོན། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གོང་གི་གྲོས་གཞིར་གྲོས་ཞིབ་བྱས་པའི་མཇུག་འབྲས་ཀྱི་སྙན་ཞུ་བཏོན་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གིས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་རྗེས། པར་སྐྲུན་བྱས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པར་སྟེར་རྒྱུ་རེད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིའི་གྲོས་གཞིའི་གྲོས་ཞིབ་དང་འབྲེལ་ཡོད་བྱ་བར་གྲོས་གཞི་བཏོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་ལ་དམིགས་ཏེ། སྔར་ལས་ལྷག་པར་ཁྲིམས་སྐྱོང་གི་རྩ་བ་བརྟན་པ་དང་སྔོན་དཔག་འགྱུར་མེད་ཡིན་པ། རྒྱང་རིང་ལ་ཕན་པའི་འགན་སྲུང་ནུས་པ་འདོན་སྤེལ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཁྲིམས་འཛུགས་བྱ་བའི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། དམངས་ཆེན་གྱི་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་འཐུས་མིའི་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས།

གྲོས་ཚོགས་ནས་བརྡས་གཅོད་བྱས་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་དྲུང་ཡིག་ཁྲུའུ་ཡི་འཐུས་མིས་བཏོན་པའི་གྲོས་གཞིའི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་།

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འདེམ་སྒུག་མི་སྣའི་མིང་ཐོ་བཏོན་རྗེས། འཐུས་ཚབ་ཚོགས་པ་སོ་སོས་གྲོས་མོལ་བྱས་པ་དང་། འཐུས་མི་ཚོས་མི་སྣའི་འདེམ་བསྐོའི་བྱ་བ་སྣ་ཚོགས་ལ་གཅིག་གྱུར་དུ་གོང་བཀུར་དང་ཡིད་འཐད་ཡིན་པའི་ཚུལ་བསྟན།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་བརྡས་གཅོད་བྱས་ཏེ། གོང་གི་མི་སྣ་དག་དངོས་གཞིའི་འདེམ་སྒུག་མི་སྣར་བྱས་ཏེ། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་འདེམ་བསྐོ་བྱེད་པར་སྤྲོད་རྒྱུ་ཐག་བཅད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀན་ཅེ་དང་། ལིས་ཧོང་ཀྲུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏཱ་ཧྥུན། ཧི་ཝེ། ཝུའུ་ཝེ་ཧྭ་བཅས་གྲོས་ཚོགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།