རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2023.03.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 32

ཚེས་དགུ་ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་མགོ་འཛིན་པ་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚེས་དགུ་ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་མགོ་འཛིན་པ་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ནས་ཨུ་ཡོན་ཡོངས་ཀྱིས་གྲོས་བསྡུར་བྱས་པ་བརྒྱུད་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་གྱི་འདེམ་སྒུག་མི་སྣའི་མིང་ཐོ་བཅས་ལ་གྲོས་འཆམ་བྱུང་བ་དང་། འདེམ་སྒུག་མི་སྣའི་མིང་ཐོ་ཚེས་བཅུ་ཉིན་གྱི་ཕྱི་དྲོར་བསྡུ་རྒྱུ་ཡིན་པའི་ཚང་འཛོམས་གྲོས་ཚོགས་སྟེང་འདེམ་ཤོག་འཕངས་ནས་འདེམ་བསྐོ་བྱེད་རྒྱུ་ཐག་བཅད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཧྲི་ཐེ་ཧྥིན་གྱིས་འདེམ་སྒུག་མི་སྣའི་མིང་ཐོའི་འཆར་ཟིན་གྱི་གྲོས་བསྡུར་གནས་ཚུལ་གསལ་བཤད་བྱས།

གྲོས་ཚོགས་ཀྱི་འབྲེལ་ཡོད་ཡིག་ཆར་གྲོས་བསྡུར་དང་བཟོ་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་འདེམ་བསྐོ་བྱེད་ཐབས་ལ་གྲོས་འཆམ་བྱུང་། སྤྱིའི་འདེམ་ཤོག་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པའི་མིང་ཐོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་ཆོད་དོན་འཆར་ཟིན་དང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་འདོན་བྱ་བའི་གནས་ཚུལ་སྙན་ཞུའི་སྐོར་གྱི་ཆོད་དོན་འཆར་ཟིན། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་གྲོས་རིམ་ལ་བཟོ་བཅོས་བྱས་པའི་སྐོར་གྱི་ཆོད་དོན་འཆར་ཟིན། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་འདོན་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་འདོན་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུའི་སྐོར་གྱི་ཆོད་དོན་འཆར་ཟིན། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་འཆར་ཟིན་བཅས་ལ་གྲོས་འཆམ་བྱུང་བ་དང་། འཆར་ཟིན་འདི་དག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་མཇུག་བསྡུའི་མཛད་སྒོའི་སྟེང་གྲོས་འཆམ་བྱེད་པར་སྤྲོད་རྒྱུ་ཐག་བཅད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧུའུ་ཁྲུན་ཧྭ་དང་ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲིག་ཆིང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧི་ཧིག་ཧྭ། ལེང་ཀྲིན་དབྱིན། པ་ཐིར། སུའུ་ཧོས། ཧྲའོ་ཧུང་། གོ་ཡུན་ལུང་བཅས་གྲོས་ཚོགས་ལ་ཞུགས།

མི་ཕམ་མགོན་པོས་བསྒྱུར།