རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་ལྔ་པ་བསྡུས།
2023.03.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 59

ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་ལྔ་པ་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་ལྔ་པ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀན་ཅེ་དང་ལིས་ཧུང་ཀྲུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏཱ་ཧྥུན། ཧི་ཝེ། ཝུའུ་ཝེ་ཧྭ་བཅས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ལ་ཞུགས་དགོས་པའི་མི་བརྒྱ་དང་གོ་གཉིས་ཡོད་པ་དང་། གྲོས་ཚོགས་ལ་ཞུགས་པའི་མི་བརྒྱ་དང་གོ་གཉིས་ཡོད་ལ། བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འཚམ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་རེ་གཉིས་པའི་གཏན་འཁེལ་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འདེམ་སྒུག་མི་སྣའི་མིང་བཏོན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་། ཨུ་ཡོན་གྱི་འདེམ་སྒུག་མི་སྣའི་མིང་བཏོན་ནས། ཚོགས་ཆེན་ནས་བསྐོ་འཇོག་ཐག་གཅོད་བྱེད་དུ་བཅུག

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་སོ་སོར་བརྡས་གཅོད་བྱས་པ་བརྒྱུད། ཞི་ཅིན་ཕིང་གིས་མིང་འདོན་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འདེམ་སྒུག་མི་སྣ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་། ཨུ་ཡོན་གྱི་འདེམ་སྒུག་མི་སྣའི་མིང་འདོན་དེ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་བསྡུར་བྱེད་དུ་སྤྲོད་རྒྱུ་ཐག་བཅད།

ཟླ3པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པར་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་གྲོས་འདོན་འདེམ་སྒུག་མི་སྣའི་མིང་བཏོན་པ་དང་། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་སོ་སོར་བརྡས་གཅོད་བྱས་ཏེ། གོང་གི་འདེམ་སྒུག་མི་སྣའི་མིང་ཐོ་དེ་ཀྲུའུ་ཞི་ཚོགས་པའི་མིང་འདོན་དུ་བྱས་ནས་འཐུས་ཚབ་ཚོགས་པ་སོ་སོར་གྲོས་བསྡུར་བྱེད་པར་སྤྲོད་རྒྱུ་ཐག་བཅད།


བསོད་ནམས་ཚེ་རིང་གིས་བསྒྱུར།