རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དྲུག་པ་བསྡུས།
2023.03.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 69

ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དྲུག་པ་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དྲུག་པ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀན་ཅེ་དང་ལིས་ཧུང་ཀྲུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏཱ་ཧྥུན། ཧི་ཝེ། ཝུའུ་ཝེ་ཧྭ་བཅས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་བརྒྱ་དང་གོ་གཉིས་ཡོད་པ་དང་། གྲོས་ཚོགས་ལ་ཞུགས་པ་བརྒྱ་དང་གོ་གཅིག་ཡོད་ལ། བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འཚམ།

ཚེས10ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འདེམ་སྒུག་མི་སྣ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་། ཨུ་ཡོན་གྱི་འདེམ་སྒུག་མི་སྣའི་མིང་ཐོར་ཡིད་འཐད་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་སོ་སོར་བརྡས་གཅོད་བྱས་ཏེ། འདེམ་སྒུག་མི་སྣའི་མིང་འདོན་དེ་གཉིས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་ནས་བསྐོ་འཇོག་ཆོད་དོན་སྤེལ་དུ་འཇུག་རྒྱུ་ཐག་བཅད།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་ལྔ་པ་ནས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་གྲོས་འདོན་འདེམ་སྒུག་མི་སྣའི་མིང་བཏོན་རྗེས། འཐུས་ཚབ་ཚོགས་པ་སོ་སོས་ཚེས10ཉིན་གྱི་ཕྱི་དྲོར་གྲོས་བསྡུར་བྱས། འཐུས་མི་ཚོས་འདེམ་སྒུག་མི་སྣའི་མིང་ཐོ་དེ་གསུམ་ལ་གྲོས་མཐུན་བཀོད།

གྲོས་ཚོགས་ནས་སོ་སོར་བརྡས་གཅོད་བྱས་པ་བརྒྱུད། གོང་གི་འདེམ་སྒུག་མི་སྣ་དག་དངོས་གཞིའི་འདེམ་སྒུག་མི་སྣར་བྱས་ཏེ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ནས་འདེམ་བསྐོ་བྱེད་པར་སྤྲོད་རྒྱུ་ཐག་བཅད།

ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་ལྔ་པ་ནས་བཏོན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འདེམ་སྒུག་མི་སྣའི་མིང་ཐོ་བཏོན་རྗེས། འཐུས་ཚབ་ཚོགས་པ་སོ་སོས་ཚེས10ཉིན་གྱི་ཕྱི་དྲོར་གྲོས་བསྡུར་བྱས། འཐུས་མི་ཚོས་འདེམ་སྒུག་མི་སྣའི་མིང་ཐོ་དེར་གྲོས་མཐུན་བཀོད།

བརྡས་ཐག་བཅད་པ་བརྒྱུད། གོང་གི་འདེམ་སྒུག་མི་སྣ་དག་དངོས་གཞིའི་འདེམ་སྒུག་མི་སྣར་བྱས་ནས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ནས་འདེམ་བསྐོ་བྱེད་པར་སྤྲོད་རྒྱུ་ཐག་བཅད།


བསོད་ནམས་ཚེ་རིང་གིས་བསྒྱུར།