འཐུས་མི་ཤ་བོ་སྒྲོལ་མས་མཚོ་སྔོན་ཞིང་ཆེན་གྱི་རོང་བོ་དགུ་ཆུ་དང་རྩེ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན།
2023.03.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་བཞུར་རྒྱུད་ས་ཆ་གལ་ཆེན་ཡིན་པ་དང་། དེའི་ཁྲོད་རོང་བོ་དགུ་ཆུ་དང་རྩེ་ཆུའི་འགོ་ཁུངས་རྨ་ལྷོ་ཁུལ་ཡིན་ལ། རྨ་ཆུ་ཡི་མཚོ་སྔོན་ཤར་རྒྱུད་ཀྱི་རིམ་པ་དང་པོའི་ཡན་ལག་ཆུ་བོ་ཡིན། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མས། མཚོ་སྔོན་གྱི་རོང་བོ་དགུ་ཆུ་དང་རྩེ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱུར། རྨ་ལྷོ་ཁུལ་རང་རྒྱལ་གྱི་འགོག་ར་གཉིས་དང་ས་ཁུལ་གསུམ་གྱི་སྐྱེ་ཁམས་བདེ་འཇགས་འཐབ་ཇུས་གྲུབ་ཚུལ་ཁྲོད་ཀྱི་མདོ་དབུས་མཐོ་སྒང་སྐྱེ་ཁམས་འགོག་ར་དང་ས་སེར་མཐོ་སྒང་དེ་སི་ཁྲོན་དང་ཡུན་ནན་གྱི་སྐྱེ་ཁམས་འགོག་ར། བྱང་ཕྱོགས་བྱེ་འགོག་ས་ཁུལ་གསུམ་གྱི་བར་དུ་ཆགས་ཡོད་ལ། སྐྱེ་ཁམས་ཀྱི་གོ་གནས་ཧ་ཅང་གལ་ཆེ་བ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་རོང་བོ་དགུ་ཆུ་དང་རྩེ་ཆུ་གཉིས་ཀྱི་འགྲམ་རྒྱུད་དང་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བཟང་བོ་བྱས་ན། རྨ་ཆུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་འདིངས་ཐུབ་པས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་དང་ལྷག་པར་དུ་རྨ་ལྷོ་ཁུལ་གྱི་རོང་བོ་དགུ་ཆུ་དང་རྩེ་ཆུ་གཉིས་ཀྱི་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་ལ་བསམ་གཞིགས་གང་ལེགས་གཏོང་བ་དང་། རྒྱལ་ཁབ་ཀྱི་ངོས་ནས་རོང་བོ་དགུ་ཆུ་དང་རྩེ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ལྷག་པར་དུ་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོ་དང་བཅོས་སྐྱོང་བྱེད་པའི་ཐད་སྲིད་ཇུས་དང་མ་དངུལ། ལས་གཞི་དང་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུའི་གྲོས་གཞི་བཏོན།

རིན་ཆེན་མཚོས་བསྒྱུར།