ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།
2023.01.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར།   ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ལྟེ་གནས་སུ་ཀྲུའུ་རིན་གྲོས་ཚོགས་ཐེངས་བརྒྱ་དང་བཅོ་ལྔ་པ་བསྡུས།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡུས་ཚུང་ལི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།  ཝང་ལིས་མེན་དང་མཱ་ཝེ།  ཉི་མ་སྒྲོལ་མ།  ཝུའུ་ཧེ་ཁུན།  ལིའུ་ཐུང་ཏི། ཀྲང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རེ་ཞུ་བྱས་པའི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བདུན་པའི་མི་དོན་དོན་དག་སྐོར་གྱི་གསལ་བཤད་ལ་ཉན།    གྲོས་ཚོགས་སྟེང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་འཆར་ཟིན་དང་།  ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན།   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣའི་མི་གྲངས་སྐོར་གྱི་ཆོད་དོན་འཆར་ཟིན།   ཞིང་ཆེན་ཡོངས་ཀྱི་ཆུའུ་བཙུགས་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣ་གསར་དུ་གཏན་ཁེལ་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན།   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་འཛུགས་པའི་སྐོར་གྱི་ཆོད་དོན་འཆར་ཟིན།   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུའི་འཆར་ཟིན།   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན།   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཟུར་ཞུགས་མི་སྣའི་མིང་ཐོའི་འཆར་ཟིན་ཐག་གཅོད་བྱེད་པའི་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་།    མི་དོན་བསྐོ་འཐེན་གྲོས་གཞིར་གྲོས་བསྡུར་བྱས།   གྲོས་ཚོགས་སྟེང་གོང་གི་གྲོས་གཞི་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།

གྲོས་ཚོགས་སྟེང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཨུ་ཡོན་གྱི་འོས་མིའི་གྲོས་འདོན་མིང་ཐོའི་འཆར་ཟིན་དང་།   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་མིང་ཐོའི་འཆར་ཟིན།   དྲུང་ཡིག་ཆེན་མོ་གཞོན་པའི་འོས་མིའི་མིང་ཐོའི་འཆར་ཟིན་དང་ལས་བགོས།   ཨུ་ཡོན་གྱིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་སྐོར་གྱི་ཆོད་དོན་འཆར་ཟིན།   གྲོས་ཚོགས་ཀྱི་ཉིན་རིམ་འཆར་ཟིན།   གྲོས་གཞིར་བརྡས་ཐག་གཅོད་པའི་བྱེད་ཐབས་འཆར་ཟིན།   ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་མིང་ཐོའི་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཉན།    ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གི་སྙན་ཞུ་དག་ལ་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་།   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་འདེམ་སྒྲུག་དང་ཐག་གཅོད་པར་སྤྲོད་རྒྱུའི་ཐག་བཅད།

གྲོས་ཚོགས་སྟེང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གནས་སྐབས་ཏང་ཙུའུ་ཡི་མིང་ཐོའི་འཆར་ཟིན་དང་ཀྲུའུ་ཞི་སྟེགས་བུའི་སྟེང་སྡོད་པའི་མི་སྣའི་མིང་ཐོར་གྲོས་བསྡུར་བྱས་པ་དང་།   ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བདུན་པའི་ཉིན་རིམ་འཆར་ཟིན་གྱི་སྙན་ཞུ་ལ་ཉན།

                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།