མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་གསོ་སྦྱོང་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.01.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 67

ཉེ་ལམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གསར་དུ་བདམས་ཐོན་བྱུང་བའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིར་འགན་ཐོག་མ་འཁུར་བའི་གསོ་སྦྱོང་བྱས། འཐུས་མི་དང་ལས་བྱེད་མི་སྣ་སུམ་བརྒྱ་ལྷག་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་འབྲེལ་འདྲིས་ཅུའུ་ཡི་སྔོན་ཆད་ཀྱི་སྐོར་ཞིབ་པ་ལིས་པོ་ཅུན་གྱིས་དུས་རབས་གསར་བའི་དམངས་ཆེན་འཐུས་མིའི་འགན་སྒྲུབ་ཞེས་པ་བརྗོད་དོན་དུ་བྱས་ནས་བརྙན་རིས་ཀྱི་ལམ་ནས་སློབ་ཁྲིད་བྱས་པ་དང་། དམངས་ཆེན་འཐུས་མིའི་གོ་གནས་དང་ནུས་པ། གོ་དོན་དང་ཁྱད་ཆོས་གསལ་བོར་བཤད་དེ། སྐབས་གསར་བའི་འཐུས་མིས་མྱུར་དུ་འགན་ཁུར་བ་དང་འཐུས་མིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གཙོ་གཞིའི་ནུས་པ་འདོན་སྤེལ་བྱེད་ཆེད་ནུས་པ་འདོན་སྤེལ་བྱས་པ་དང་། རྨང་གཞི་བརྟན་པོ་བཏིངས། གསོ་སྦྱོང་གྲོས་ཚོགས་ཀྱིས་ད་དུང་སྐབས་བརྗེ་སྒྲིག་ལམ་ཉེན་བརྡའི་སློབ་གསོ་སྤེལ།

འཐུས་མི་ཚོས་མཐའ་གཅིག་ཏུ། ཆེད་དོན་སློབ་ཁྲིད་ཀྱི་བརྗོད་དོན་གསལ་བ་དང་གཙོ་གནད་འབུར་དུ་ཐོན་ལ། ནང་དོན་ཕུན་སུམ་ཚོགས་སྙམ། འཐུས་མི་ཚོས་མཐའ་གཅིག་ཏུ་བསྟན་དོན། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཐུས་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ནས། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་ཡང་དག་པའི་འགན་སྒྲུབ་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཟམ་ཐག་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། མི་དམངས་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པ། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ནས། མི་དམངས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གསལ་བོ་བྱེད་པ་དང་མི་དམངས་ཀྱི་རིག་སྟོབས་གཅིག་ཏུ་བསྡུ་བ། དམངས་ཚིས་ལ་ཕན་འདོགས་ཐུབ་པར་བྱེད་པ་དང་། འགན་འཁྲི་ལག་བསྟར་བྱས་ནས་མི་དམངས་ཀྱི་མགྲིན་ཚབ་པ་བྱེད་དགོས། རང་གཅུན་ནན་མོ་བྱས་ནས་ཚད་མཐའ་བརྟན་སྲུང་བྱེད་པ་དང་། ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་འཛུགས་པ། སྐབས་བརྗེའི་སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་སྐབས་བརྗེ་སྐབས་ཀྱི་སྤྱོད་གཙང་སྲོལ་བཟང་ལ་ཁག་ཐེག་བྱེད་པ། དམངས་ཆེན་འཐུས་མིའི་སྣང་བརྙན་བཟང་བོར་སྲུང་སྐྱོང་བྱས་ཏེ། ཚོགས་ཆེན་བསྡུ་ཆེད་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས།