ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས། གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གོ་གཅིག་ཡོད་པ་དང་ཉིན་དེའི་གྲོས་ཚོགས་ལ་ཨུ་ཡོན་སུམ་བརྒྱ་དང་ཞེ་གཉིས་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།
དུས་ཚོད་དགུའི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཚོགས་མགོ་བརྩམས།
ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་རིན་ཆེན་རྣམ་རྒྱལ། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཝང་ཀྲིན་ཁྲང་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན། རྡོ་རྗེ་རབ་བརྟན། པད་མ། ཁྲིན་རོས་ཧྥིན། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། པད་ཁོ། ཀྲུའུ་ཞང་ཧྥིན་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།
མགོན་པོ་བཀྲ་ཤིས་ཀྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཁོས་བསྟན་དོན། འདས་པའི་ལོ་ལྔ་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཕྱོགས་སུ་མདུན་དུ་བསྐྱོད་པ་དང་། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གསར་བ་འབྱུང་བར་སྐུལ་འདེད་བཏང་ནས། རྒྱལ་ཡོངས་དང་མཉམ་དུ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་སྐྱོད་ལམ་གསར་པར་བསྐྱོད་པའི་ལོ་ལྔ་ཡིན་ལ། རང་ཞིང་གི་སྲིད་གྲོས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་པ་དང་། སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱས་ཏེ། མི་དམངས་སྲིད་གྲོས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་ནུས་འདོན་སྤེལ་བྱས་པའི་ལོ་ལྔ་ཡིན་པ་དང་། ཧ་ཅང་རྒྱུན་ལྡན་མིན་པ་དང་སྤྱིར་བཏང་མ་ཡིན་ལ། མཚོ་སྔོན་གྱི་ལོ་རྒྱུས་དང་མཚོ་སྔོན་སྲིད་གྲོས་ཀྱི་ལོ་རྒྱུས་སྟེང་དུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། ལོ་ལྔའི་རིང་ལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྟོབས་ལྡན་མགོ་ཁྲིད་འོག སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་འབུར་དུ་ཐོན་པར་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་ལས་འགན་ལ་དམ་པོར་སྦྲེལ་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱས་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱས་ལ། སེམས་ཤུགས་གཅིག་སྒྲིལ་བྱས་པ་དང་། བྱ་བ་སྣ་ཚོགས་ཐད་ནས་འཕེལ་རིམ་གསར་བ་འབྱུང་བར་སྐུལ་འདེད་བཏང་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་ནན་མོ་བྱས་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་བྱས་རྗེས་གལ་ཆེན་བཞག་སྟེ། རང་ཞིང་གི་སྲིད་གྲོས་ལས་དོན་ཐད་རྣམ་པ་གསར་པ་བསྐྲུན་ཡོད།
མགོན་པོ་བཀྲ་ཤིས་ཀྱིས་ཕྱོགས་ལྔའི་ཐད་ནས་འདས་པའི་ལོ་ལྔའི་བྱ་བར་ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་སྤྱི་སྡོམ་བྱས། ཁོས་བཤད་རྒྱུར། ལོ་ལྔའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་འབུར་དུ་ཐོན་པར་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་བསམ་བློ་ཆབ་སྲིད་སྣེ་ཁྲིད་ཀྱི་རྩ་བའི་ལས་འགན་དུ་བརྩིས་ལ། ཏང་ཙུའུ་གྲོས་ཚོགས་ཀྱི་གྲོས་དོན་དང་པོའི་ལམ་ལུགས་རྒྱུན་འཁྱོངས་བྱས་པ་དང་། སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་གཞུང་ལུགས་སློབ་སྦྱོང་ལམ་ལུགས་མ་ལག་བཙུགས་ལ། ཆེད་དོན་གཞུང་ལུགས་བགྲོ་གླེང་དང་དཔེ་ཀློག་བྱ་འགུལ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་སུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱས་པ་དང་། བརྟན་བརླིང་ཤུགས་ལྡན་གྱི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བརྒྱུད་དེ། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་རྒྱུན་མ་ཆད་པར་སྲ་བརྟན་དུ་བཏང་། ལོ་ལྔའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་ལས་འགན་གཞིར་བཟུང་ནས་གྲོས་མོལ་ཇུས་འབུལ་བྱས་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། དམངས་ཚིས་ལེགས་སྒྱུར་སོགས་ལ་དམིགས་ནས། བསྡོམས་པས་རིགས་མི་འདྲ་བའི་གྲོས་མོལ་སྲིད་གླེང་དང་རྟོག་ཞིབ་ལྟ་ཞིབ་བྱ་འགུལ་ཐེངས་ཉིས་བརྒྱ་དང་ང་བརྒྱད་རྩ་འཛུགས་བྱས་པ་དང་། ཁྱད་ཆོས་ལྡན་པའི་བྱ་བ་དང་གསར་གཏོད་བྱེད་ཐབས། འགན་སྒྲུབ་གྲུབ་འབྲས་མང་པོ་ལ་རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་མགོ་ཁྲིད་བློ་མཐུན་གྱི་ཁས་ལེན་དང་སྤྱི་ཚོགས་ལས་རིགས་སོ་སོའི་གདེང་འཇོག་མཐོན་པོ་ཐོབ་ལ། ས་གནས་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་བསྒྱུར་བའི་ཐད་ནས་ཕན་འབྲས་སྔར་ལས་ཆེན་པོ་བླངས། ལོ་ལྔའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་འགན་ནུས་གཏིང་ཟབ་ཏུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་བསམ་བློ་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་ལ་བསྡུས་ཤིང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་ལག་བསྟར་གྲོས་གཞི་གཏན་འབེབས་བྱས་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་ཕན་ཡོད་འདྲེན་བྱེད་གསར་གཏོད་བྱས་ལ། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྲིད་གྲོས་སུ་འགན་ནུས་སྔར་ལས་བཟང་བོར་སྒྲུབ་པར་རྒྱབ་སྐྱོར་བྱས་པ་དང་། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་བྱ་བར་ཧ་ཅང་མཐོང་ཆེན་བྱས་ལ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས། ལོ་ལྔའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་ཀྱི་སྤུས་འདེགས་ཕན་སྐྱེད་ཀྱི་ལོ་གསུམ་འགུལ་སྐྱོད་ལ་འཆར་འགོད་དང་ལག་བསྟར་བྱས་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ཀྱི་ཕྱིར་བལྟ་བྱ་བ་སྤེལ་བ་དང་། ལམ་ལུགས་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ལ། ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་གཏིང་ཟབ་བྱས་པ་དང་། ཨུ་ཡོན་བྱ་བར་མངོན་གསལ་སྒོས་ཤུགས་བསྣན་ཞིང་། ཉིན་རྒྱུན་གྱི་བྱ་བ་ཆུ་ཚད་སྔར་ལས་མཐོན་པོར་སླེབས་པ་དང་། གཞི་རིམ་ལ་མཛུབ་སྟོན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ལ། སྲིད་གྲོས་ལས་ཁུངས་ཀྱི་སྤྱིའི་རྩོལ་ནུས་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་། ལོ་ལྔའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གྲོས་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་ལག་བསྟར་གྲོས་གཞི་གཏན་འབེབས་བྱས་པ་དང་། ཐོག་མར་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཚང་མ་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁོངས་སུ་བཅུག་ལ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་བཙུགས་ཏེ། ཏང་གི་རྩ་འཛུགས་ཏང་ཡོན་ཨུ་ཡོན་ཡོངས་ལ་ཁེབས་པར་བྱས་པ་དང་ཏང་གི་བྱ་བ་སྲིད་གྲོས་ཨུ་ཡོན་ཡོངས་ཀྱི་སྟེང་ཁེབས་པར་བྱས་པས། ཏང་གི་སྲིད་གྲོས་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་བརྟན་ཞིང་ནུས་ཤུགས་ལྡན།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ལོ་ལྔའི་རིང་གི་འགན་སྒྲུབ་བརྒྱུད་རིམ་སྤྱི་སྡོམ་བྱས་པ་ལས་སྲིད་གྲོས་བྱ་བ་བཟང་བོར་སྒྲུབ་པའི་ཕན་ཡོད་ཉམས་མྱོང་བདུན་ཐོབ་པ་སྟེ། ཏང་གིས་སྲིད་གྲོས་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ། དཀྱིལ་སྙིང་ལ་དམིགས་ནས་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་གཞི་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་འཛུགས་སྐྲུན་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ། དག་སྲུང་གསར་གཏོད་ཀྱི་སྤུས་འདེགས་ཕན་སྐྱེད་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ། སྲིད་གྲོས་ཨུ་ཡོན་གྱི་གོ་གནས་གཙོ་བོ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ཡིན།
མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། མ་འོངས་པའི་ལོ་ལྔ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མགོ་བཟང་བོ་རྩོམ་པའི་གནད་འགག་གི་དུས་སྐབས་ཡིན་པས། མི་དམངས་སྲིད་གྲོས་ཀྱི་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གི་མགོ་ཁྲིད་དང་གཅིག་གྱུར་འཐབ་ཕྱོགས། གྲོས་མོལ་དམངས་གཙོ་བཅས་ཕན་ནུས་ལྡན་པར་དམ་དུ་སྦྲེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་འགན་གཙོ་བོར་དམ་དུ་དམིགས་ནས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་དང་ཁྱད་སྟོབས་འདོན་པ་དང་། མཉམ་འབྲེལ་གྲོས་མོལ་ཟབ་མོ་བྱེད་པ་དང་བསམ་ཚུལ་འདོན་སྤེལ་གང་ལེགས་བྱེད་པ། ལྟ་བ་གཅིག་སྡུད་རྒྱ་ཆེར་བྱེད་པ་བཅས་ཀྱི་ཆུ་ཚད་ཧུར་ཐག་གིས་མཐོར་འདེགས་སུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
མགོན་པོ་བཀྲ་ཤིས་ཀྱིས་སྙན་ཞུ་འབུལ་སྐབས་རྗེས་ཕྱོགས་ཀྱི་བྱ་བ་གཙོ་བོ་ལྔ་བཏོན་པ་སྟེ། གཅིག་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། མི་དམངས་སྲིད་གྲོས་ཀྱི་དོན་འཁྱོལ་བྱེད་པ་དང་གཅིག་སྡུད་བྱེད་པའི་ཆབ་སྲིད་འགན་འཁྲི་དངོས་སུ་ཁག་ཏུ་ཁུར་དགོས། གཉིས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ཆེ་ཕྱོགས་ལ་གྲོས་མོལ་བློ་འདོན་བྱེད་པར་དམ་དུ་དམིགས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡུན་རིང་བརྟན་བརླིང་ཡོང་བར་རམ་འདེགས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་འདོད་སྔར་ལས་བཟང་བོར་བསྐོང་དགོས། གསུམ་ནི་མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ཕྱོགས་ནུས་ཚད་ཆེན་པོ་རྒྱ་ཆེར་གཅིག་སྡུད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཀོད་པའི་རླབས་ཆེན་འཆར་གཞི་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་རེ་རེ་མཛེས་སྡུག་གི་དོན་དངོས་སུ་འགྱུར་བར་བྱེད་དགོས། བཞི་ནི་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལག་ལེན་བསྟུད་མར་ཟབ་སྤེལ་བྱས་ཏེ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་བླང་བྱ་གསར་པ་ཧུར་ཐག་གིས་ལག་བསྟར་བྱས་ནས། གྲོས་མོལ་དམངས་གཙོའི་ལག་ལེན་གསར་གཏོད་བྱེད་ཕོད་པར་བྱེད་དགོས། ལྔ་ནི་རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། སྲིད་གྲོས་ཀྱི་ཏང་འཛུགས་བྱ་བའི་སྤུས་ཚད་དང་ཆུ་ཚད་ཧུར་ཐག་གིས་མཐོར་འདེགས་སུ་བཏང་ནས། གལ་ཆེན་གསུམ་གྱི་ནུས་པ་བཟང་བོར་འདོན་པར་ཁག་ཐེག་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།
ཏུའུ་ཏི་ཀྲི་ཡིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། ལོ་ལྔའི་རིང་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་ཞུགས་སྡེ་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་བསྡོམས་པས་གྲོས་གཞི་སྟོང་གཉིས་དང་སུམ་ཅུ་སྤྲད་པ་དང་། དེའི་ནང་གྲོས་གཞི་སྟོང་གཅིག་དང་བཞི་བརྒྱ་གོ་བཞིར་ཞིབ་བཤེར་བྱས་ཏེ་ཆེད་ཐོ་བཀོད། གྲོས་གཞིར་བསྒྲུབས་ལན་སྟེར་ཚད་དང་ཨུ་ཡོན་ཡིད་ཚིམས་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་ཏེ། གྲོས་གཞི་བྱ་བས་ཏང་སྲིད་ཇུས་ཆོད་ལ་ཞབས་འདེགས་ཞུ་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ། དམངས་ཚིས་ཕྱུག་འགྱུར་དང་ལེགས་བཅོས་ལ་རོགས་སྐྱོར་བྱེད་པའི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱས།
ཡུས་ཚུང་ལི་དང་ཝང་ལིས་མེན། མཱ་ཝེ། ཉི་མ་སྒྲོལ་མ། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། དབྱང་ཧྥིན་ཁྲུན། ལིའུ་ཐའོ། དབྱང་ཀྲི་ཝུན། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཀྲང་ཙིག་ཅུན། ཀྲ་ཆིན་ཅུག དབྱང་ཁི་ཞང་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།
སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ་དང་། ཏུའུ་ཅེ། ཀྲང་ལིས། ཀྲང་ཝུན་ཁུའེ། མཱ་ཧེ་དབྱིན། དེ་མིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་བཅས་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།